མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་གཞིག་བཏབ་པ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

གུ་རུ།

         མཐོ་སྒང་གི་ས་ཁྱོན་རྒྱ་བསྐྱེད་པའི་ས་ཁོངས་དང་བདག་དབང་བརྩི་དགོས་ཚེ་གངྒཱ་ཚུར་ཕྱོགས་བོད་ཀྱི་ས་ཁོངས་སུ་བགྲང་དགོས་པར་མངོན་ལ། ཤར་ཕྱོགས་རྒྱའི་ཡུལ་ནས་ཀྱང་བླ་སྐྱེས་འབུལ་བ་དང་བོད་ཀྱི་བཀའ་ལུང་ལེན་པའི་རྒྱལ་ཕྲན་མང་དུ་ཡོད་པས།  འཛམ་གླིང་མི་འབོར་བརྒྱ་ཆའི་དྲུག་ཅུ་ཟིན་པའི་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་དག་གི་དབུས་ན་བོད་དང་མཉམ་པའི་རྒྱལ་ཁབ་སྟོབས་ཆེན་སུ་ཡང་མེད་ལ། བོད་ལས་དཔའ་བ་དང་བརྟུལ་ཕོད་པའང་སུ་གང་མ་བྱུང་བའི་ལོ་རྒྱུས་ཡོངས་སུ་གྲགས་མྱོང་། ད་ལྟ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ། ས་ཆ་དང་བདག་དབང་གི་ཆེད་དུ། མི་སེར་སྤེལ་བའི་རིང་ལུགས་དང་དབང་ཆ་གཅིག་སྡུད་རིང་ལུགས། ཁྲིམས་མེད་ལུགས་མེད་ཀྱི་སྲིད་ཇུས་འཛིན་པའི་དམར་བོའི་སྲིད་གཞུང་གི་འོག་ནས། སླར་ཡང་མིང་ཙམ་གྱི་རང་སྲིད་རང་སྐྱོང་ལས་ལོ་རྒྱུས་དང་ལྡན་པའི་རང་བཙན་གཙང་མའི་ལམ་ལ་བསྐྱོད་དགོས་སམ།

   སེམས་ལ་ལག་པ་ཞོག འཚེ་མེད་ཞི་བ་དང་དབུ་མའི་ལམ་ཁོ་ནས་རང་དབང་རྩོད་མི་ཐུབ་པ་མ་ཟད། གྲོས་མོལ་ཞིག་ཀྱང་ཡོང་དཀའ་བ་འདིས། དམག་འཐབ་ཀྱི་གདམས་ཀ་ཞིག་ལས་གཞན་ཅི་ཡང་ལྷག་མེད་པ་བསྟན་ཡོད་གི  འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཕྱི་ལོ་ ༡༩༤༨ ལོར་རྒྱལ་ས་པ་རིའི་སུ་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གསལ་བསྒྲགས་སྤེལ་བཏུབ་ཡོད་གི དེའི་ཉམས་མྱོང་ལ་གཞིགས་དང་།

རང་དབང་དང་ཐོབ་ཐང་། རྒྱལ་ཁབ་རང་བཙན་ཟེར་བ་འདི་རྕོད་དུས་ངེས་པར་དུ་ཞི་དྲག་གཉིས་ཀྱི་དམག་འཐབ་ཅིག་ཡོང་དགོས་འདུག རྒྱལ་དབང་ལྔ་བ་ཚང་གིས་བོད་རིགས་མི་སེར་གྱི་དམག་ཤུགས་དང་གཞུང་གི་སྲིད་ཇུས་ཀྱི་ལངས་ཕྱོགས་བརྟན་པོ་ཁབ་མིག་གཅིག་ལ་བརྒྱུས་ཏེ་མན་ཇུ་མཐའ་སྐྲོད་བཏང་། བོད་རང་བཙན་གསལ་བསྒྲགས་རིན་པོ་སྤེལ་ཡོད་གི

    མེ་ལ་གཤོག་པ་ཐོགས་པའི་བློས་གཏོང་མེར་བསྲེགས་ཀྱི་སེམས་འདུན་དེ་དག་འུ་ཐུག་ཐབས་ཟད་ཅིག་མ་ཡིན་པར། དཔའ་བོའི་ང་རྒྱལ་དང་བློས་གཏོང་ཚང་མ་མི་རིགས་དང་རྒྱལ་ཁབ་རང་བཙན་ཀྱི་དོན་དུ་འབར་བ་རེད། དུས་རབས་འདིར་རླབས་ཆེ་བའི་ལུས་སྲོག་མེ་ལ་སྒྲོན་པའི་ཞི་བའི་འཐབ་རྩོད་འདི་གཞི་ལ་བརྟེན། དེའི་ཞ་དང་ཞོར་ནས་དམག་འཐབ་སྲིད་ཇུས་ཤིག་སྒྲིག་ན་ཅིས་མི་ཆོག་གམ། ད་ལྟ་ཡིན་ན་འཇིག་རྟེན་འདིའི་སྒང་གི་རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བཙན་པོ་ཚང་མས་རང་གི་ས་ཆ་རང་གི་དམག་ཤུགས་ལ་བློས་འཁེལ་ཏེ། རང་ས་བརྟན་སྲུང་བྱས་ཡོད་པས་མི་ཚད་གཞན་གྱི་ས་སྣེ་ཆུ་སྣེ་བརྩད་དེ་དམག་དཔུང་དང་མེ་ཤུགས་འཕུར་མདའི་གཡུལ་འཁྲུག་གིས་ནམ་མཁའ་རྡུལ་གྱིས་བཀང་ནའང་། ད་རུང་དེའི་མིང་ལ་སྟོབས་ཆེན་དང་རྒྱལ་ཁ་ཟེར་གི་ཡོད།

   ༡༩༤༩ ལོར་རྒྱ་ནག་གིས་ཞི་བའི་བཅིངས་བཀྲོལ་ལ་ཁ་གཡར་ནས་མིང་ཙམ་དབང་བསྒྱུར་གྱི་སྲིད་ཇུས་ཀྱིས་བོད་ས་ཡོངས་བཙན་འཛུལ་བྱེད་པའི་སྐབས་སུ་དམར་བོའི་སྐུ་ཚབ་རྒྱ་གར་གྱི་སྲིད་བློན་ནེ་རོ་མཆོག་ལ་ཐུག་ཏེ། གལ་སྲིད་བོད་ལ་ཞི་བའི་བཅིངས་བཀྲོལ་བྱུང་བ་ཡིན་ན་བོད་ས་སྤྱི་ཡོངས་བགོ་བཤའ་རྒྱག་ཆོག་པའི་རྫུན་གྱི་རྣམ་འགྱུར་བསྟན་པས་དམ་པ་ཁོང་གིས་ཀྱང་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁ་ནས་ཤོར་ཡོད། རིམ་གྱིས་རྒྱ་ནག་གིས་བོད་རིགས་ཚང་མ་རྦད་དེ་རྩ་མེད་བཟོ་བའི་ཇུས་ངན་འཐེན། བཙོན་འཇུག་དང་གཅར་རྡུང་། བཙན་གཡེམ་དང་སྐྱེ་སྒོ་འགོག་པ་ལ་སོགས་ཀྱིས་སེམས་ལ་རྨ་ཕབས་པ་ཉུང་ཉུང་མིན། ད་སྐབས་བོད་ཆོལ་ཁ་གསུམ་གྱི་འགྲོ་སྡོད་རང་དབང་དང་སྐད་ཡིག་རང་དབང་སོགས་རྒྱ་དམག་གི་ཐག་པས་བསྡམས་ཏེ། བོད་རིགས་ཚང་མ་འགུལ་དུ་མ་བཅུག ཞི་བའི་བློས་གཏོང་གིས་གཅེས་སྲོག་མེ་ལ་བསྒྲོན་ཏེ་རང་དབང་ཞེས་པའི་ཞལ་ཆེམས་ཤིག་བསྒྲགས་པ་དེས་ཤི་བོའི་རྗེས་ཀྱི་གསོན་པོ་ཚང་མའང་དམག་བྱེད་པའི་སྟོབས་ཤུགས་ཆ་ཚང་འདུག་པ་མ་ཟད། འཛམ་གླིང་ཞི་བདེ་དང་བོད་ཀྱི་བདེན་མཐའི་འགན་ཟུར་ཙམ་འཁུར་ན་མི་འཚམ་པ་ཆེར་མེད་པར་སེམས།

  འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པའི་སྲིད་འཛིན་གསར་བ་ཨོ་བྷ་མ་གཙོ་བྱས་བའི་ནུབ་ཕྱོགས་པ་དག་གིས་དམག་འཐབ་ལ་བརྟེན་ནས་གོ་ལ་གཅིག་གྱུར་ལ་འབད་པའི་སྐབས་དང་བསྟུན་ནས། བོད་བཙན་པོའི་སྐབས་ཀྱི་དམག་བྱེད་པའི་བྱ་བ་བསྐྱར་གསོ་བྱས་ཏེ་ནུབ་ཕྱོགས་ཀྱི་དམག་དཔུང་གི་གྲོགས་དན་བཙལ་དགོས། གལ་སྲིད་འུ་ཚོའི་འཐབ་རྩོད་ཀྱི་ནང་དུའང་བོད་རང་བཙན་དང་དེའི་བདག་དབང་འཐབ་རྩོད་ཀྱི་དམག་ཇུས་སྲིད་ཐབས་ཤིག་ལྡན་ཚེ་། རྒྱ་ནག་དང་གདོང་ཐུག་བརྒྱབ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་དག་ལ་རོགས་འདེགས་བྱེད་ཐུབ་ལ། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་རིང་ལ་ཞི་བའི་གྲོས་མོལ་ཡོང་ན་དགོས་ཕན་ཡོད་པར་རྒྱ་ནག་གིས་ཀྱང་མཐོང་སྲིད་པ་རེད།  བོད་རིགས་བཙན་བྱོལ་བའི་མར་མེ་ཁྲོམ་སྐོར་དང་སྐད་འབོད་ཁྲོམ་སྐོར་དེ་དག་དམག་འཐབ་ཁྲོམ་སྐོར་གྱི་ཕྱོགས་སུ་བསྒྱུར་དགོས་པར་སེམས། གཞོན་ནུ་ལྷན་ཚོགས་གཙོ་བྱས་པའི་སྒེར་གྱི་ཚོགས་པ་དག་གིས་བོད་རིགས་གཞོན་སྐྱེས་མི་ཉུང་བ་ཞིག་ལ་ངེས་པར་དུ་ནུབ་ཕྱོགས་དམག་འཐབ་སྦྱོང་བརྡར་གྱི་གོ་སྐབས་རག་ཐབས་ལ་འབད་ཚེ་ཁ་ཕྱོགས་ཤིག་རྙེད་བཏུབ་པར་སེམས།

ཨ་རིའི་སྲིད་འཛིན་གསར་བ་ཨོ་བྷ་མས་བོད་ལ་རྒྱབ་སྐྱོར་མ་བྱས་པ་མ་རེད་འདོད་གི  དྲང་མོར་བཤད་ན་བོད་ནི་གོ་ལ་གཅིག་གྱུར་དང་འཛམ་གླིང་ཞི་བདེ་སྐྲུན་པ་ལ་ཤིན་ཏུ་མཁོ་གལ་ཆེ་བའི་ནང་གི་གཅིག་རེད། དེ་ལས་ཀྱང་བོད་རང་བཙན་ནི་ང་ཚོ་ལས་ནུབ་ཕྱོགས་ལ་དགོས་ཕན་ཡོད་པ་མཐོང་གི་ཡོད་པ་རེད། རྒྱ་ནག་གཞུང་གི་མངའ་ཁོངས་སམ་དམར་བོའི་སྒྲོམ་གཞིའི་འོག་ཏུ་ཕྱི་ནུར་བྱེད་བཞིན་པའི་ང་ཚོའི་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་ན་ཨོ་བྷ་མར་ཅི་ཞིག་ཐོབ་བམ། འུ་ཚོས་ཁེ་ཕན་ཅི་ཞིག་བྱིན་ཡོད་དམ། ད་ལྟ་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དག་གི་ཡར་རྒྱས་ཀྱི་ཡོང་ཁོངས་གཙོ་བོ་དམག་གི་སྲུང་སྐྱོབ་བྱས་ཡོད་པའི་རྒྱལ་ཁབ་ཆུང་ཆུང་དག་གི་ས་འོག་ན་འདྲུད་གི་ཡོད། བོད་རང་གི་ས་ཐོག་ན་ཆུ་དང་ནགས་ཚལ། གཏེར་རྫས་མང་བའི་ཁེ་ཕན་ལེན་རྒྱུ་སྟེར་རྒྱུ་གཉིས་ཆ་ཡོད། དེ་གཙོ་བོ་བོད་རང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་རག་ལས་ཡོད།

    རང་རེའི་བོད་ཀྱི་སྲིད་སྐྱོང་བ་མཆོག་ནུབ་ཕྱོགས་གཙོ་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་དག་ལ་ཕྱོགས་སྐྱོད་བྱེད་པའི་སྐབས་སུ། བོད་ནང་གི་འགྲོ་བ་མིའི་དཀའ་ངལ་དང་ཛ་དྲག་གི་གནས་བབ་ཡིག་ངག་གཉིས་ཐོག་ནས་ཞུ་བཞིན་ཡོད་པ་དེར་བསྔགས་འོས་པ་ཞིག་རེད། ཡིན་ནའང་དེ་གཅིག་པུས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྣ་བ་དང་མིག་ཟུང་གཡར་མ་བཏུབ་པའི་རྒྱུ་རྐྱེན། ནུབ་ཕྱོགས་པས་ཞི་བདེ་ངོ་མ་བསྐྲུན་ཐབས་ལ་རྒྱ་ནག་གཞུང་དང་བསྟུན་ཐབས་མེད་པ་སྔ་མོ་ནས་མཐོང་ཡོད་པ་རེད། དེའི་སྟབས་ཀྱིས་བོད་ཀྱི་འཐབ་རྩོད་སྲིད་ཇུས་ཀྱི་ཁ་ཕྱོགས་ཕྱི་གསལ་ནང་གསལ་ཆགས་ཐབས་མེད་པ་གསལ་བོ་རེད། ད་ནི་གཙོ་བོ་གཏུགས་གཤེར་ཙམ་མ་ཡིན་པར་མ་འོངས་པའི་ནུབ་ཕྱོགས་ལ་སྨན་པའི་བོད་ཀྱི་རང་བྱུང་དཔལ་འབྱོར་གྱི་ཕྱུག་ཚད་བགྲང་། རྒྱ་ནག་གཞུང་དང་དམིགས་ཡུལ་ཐད་དད་ཡིན་པ་བོད་ཀྱི་དགོས་འདུན་ཞུ་ཐུབ་པའི་སྙིང་སྟོབས་མཐོ་དགོས་པ་འདྲ་།

  ཡིད་སྐྱོ་བ་ཞིག་ལ། ད་སྐབས་དབུ་མའི་ལམ་ལ་ཧ་ཅང་ཚབ་ཆེ་བའི་ཉམས་ཉེས་བྱུང་བཞིན་ཡོད་པར་གྲགས། ལྷག་པར་དུ་དགོངས་གཞི་ངོ་མ་དང་བཙན་བྱོལ་བོད་གཞུང་གི་ལམ་སྲོལ་དང་འགལ་ཡོད་པར་སེམས།  རྒྱུ་མཚན་ངྷ་རམ་ས་ལ་ན་བོད་མི་སྐྱ་སེར་འགས་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་ཞིག་གསར་དུ་བཙུགས་ཡོད་གི དེ་ལ་བོད་མི་མང་ཤོས་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་མང་བོ་ཡིད་ཐང་ཆད་བཞིན་ཡོད་པ་འདྲ། མི་སུ་ཞིག་ཡིན་ནའང་བོད་དོན་ཚོགས་པ་གསར་བ་འཛུགས་ཆོག་པ་མ་ཟད། དེ་ནས་ཁེ་གྱོང་ཅི་ཞིག་བྱུང་ནའང་སྒེར་བ་ལས་གཞུང་ལ་གནོད་སྐྱོན་བཟོ་མི་བཏུབ་པ་རེད། ཉེ་སྔོན་བཙན་བྱོལ་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ། དབུ་མའི་ལམ་ནི་འཕྲེང་ཐག་གཅིག་ལ་བརྒྱུས་པ་ལྟ་བུ་རེད། ང་ཚོས་སྐབས་འཚོལ་བ་ཚོར་གཟབ་གཟབ་མ་བྱས་ན། གཞུང་གི་སྲིད་ཇུས་ཀྱི་མིང་བྱང་སྒེར་ལ་དབང་། སྒེར་གྱི་ཁ་རྒྱབ་འགེབ་སྤྱད་དང་ཅ་ལག་ཉོ་སྤྱད་བྱས་ན་གྱོང་ཡིན་པ་མ་ཟད་ངོ་ཚ་ཞིག་ཀྱང་རེད། གཙོ་བོ་དབུ་མའི་ལམ་ནི་རྒྱ་ནག་དང་བཙན་བྱོལ་བོད་གཞུང་བར་གྱི་གྲོས་མོལ་ཡོང་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་ཟེར་གི་ཡོད་པ་མིན་ནམ། དེ་བོད་སྐད་ཁོ་ནས་ཡོང་ཐབས་ཡོད་པ་ཞིག་ཨེ་རེད། ཡིག་རྨོངས་པ་ཁ་དར་ན་རྒན་རབས་པའི་ལོ་རྒྱུས་ཡིད་ཐང་མི་ཆད་པའི་ངེས་པ་མེད་དོ།།

༢༠༡༢ ། ༡༢ ། ༢༥

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. བསྟན་འཛིན་གསོད་ནམས། says:
    ལོ་ 13 སྔོན།

    རྩོམ་པ་པོ་གུ་རུ་ལགས་ཀྱིས་ལས་འགུལ་རྩུབ་པོ་སྤེལ་དགོས་བའི་བསམ་ཚུལ་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ཡིན་ནའང་རང་བཙན་རྩོད་དགོས་པ་རེད་ཟེར་བ་དེ་ང་སྒེར་ངོས་ནས་ངོ་ལེན་ཞུ་ཐུབ་མ་སོང་། དྲག་རྒོལ་དང་གཏོར་རྒོལ་མ་བྱས་ན་སུ་ཞིག་གིས་དོ་སྣང་སྤྲོད་གི་རེད། འཚེ་བའི་ལས་ཀ་བྱས་ཚད་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་ཁྱབ་པ་ཡོད་པ་མ་རེད་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱི་མེད། རྒྱ་གཞུང་གིས་གང་བཤད་ལ་ང་ཚོས་བསྟུན་དགོས་དོན་མེད། ཉེ་རབས་ལོ་རྒྱུས་ནང་དུ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་མཁན་བོད་པ་ཚད་མཐོ་ཤོས་ཡིན་ཡང་། རྒྱ་གཞུང་གིས་འཁྱོག་བཤད་དང་ཉེས་འཛུགས་སྣ་ཚོགས་བཤད་ཀྱི་ཡོད། དེ་ལ་ད་བར་རྒྱལ་སྤྱི་ཚོགས་ནས་སུ་གང་གིས་ཆ་འཇོག་བྱས་མེད་ལ། མ་འོངས་པར་ཡང་ང་ཚོས་ཞི་དྲག་གི་ལས་འགུལ་གང་ཞིག་སྤེལ་ཡང་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དང་གླེང་ཕྱོགས་དེ་འདྲ་ཡོང་མི་སྲིད།

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    འོ་རེད་ད་དམག་རྒྱག་དགོས་པ་རེད་བདེན་པ་རེད། དམག་དཔོན་ཁྱོད་རང་ཡིན་ད། ལག་ཆང་ཡང་ཤིང་གི་གྲི་ལ་སོགས་པར་སོ་ཕྱུང་ནས་ཤོག་ཨ་་་་་་་མི་འདི་ཚོས་གང་བཤད་གྱིན་ཡོད་པ་རེད་་་་དུས་ཚོ་མ་ཆོད་མཁན་འདྲ་འདུག་་་་་དཀོན་མཆོག་བདེན་པ་ཡིན་་་ཡང་ན་ཤེས་པ་རང་བཞིན་དུ་མིགནས་མཁན་ཞིག་མི་ནམ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese