མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོག་ཡུ་གུར་གསུམ་ནི་བཙན་འོག་གི་ལས་མཐུན་སྤུན་མཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་གོ་སྒྲིག་འོག  ༢༠༡༣ ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་སུད་སིའི་ཇེ་ནའེ་ཝར་ཡུ་གུར་དང་བོད། ལྷོ་སོག རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་མཉམ་འབྲེལ་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༢ ཉིན་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་དོན། ཨ་རིའི་དམངས་གཙོ་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་འཐུས་ཚབ་མིན་པའི་རྒྱལ་སྤྱིའི་མི་རིགས་ཀྱི་མཐུན་ཚོགས་ཀྱིས་རོགས་རམ་མཐུན་འགྱུར་གནང་ཐོག  འཛམ་གླིང་ཡུར་གུར་མཐུན་ཚོགས་ཀྱི་གོ་སྒྲིག་ལྟར།  ༼ཤར་ཏུར་ཀུ་སི་ཐན་དང་བོད། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། རང་དབང་།  དེ་བཞིན་རྒྱ་གཞུང་གི་མགོ་ཁྲིད་གསར་བའི་མདུན་དུ་ལྷག་པའི་གནད་དོན། ༽ ཞེས་པའི་བརྗོད་གཞིའི་ཐོག   ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༣ ཚེས་ ༡༡ ནས་ ༡༣ བར་སུད་སིའི་གྲོང་ཁྱེར་ཇེ་ནའེ་ཝར་(Geneva) བགྲོ་གླེང་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་འདུག

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་ཚོགས་འདུའི་སྔོན་འགྲོའི་གསལ་བསྒྲགས་དེ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་ཐོག་མར་སྤེལ་ཡོད་པ་དང་། ཚོགས་འདུར་མཉམ་ཞུགས་གནང་མཁན་ཚོས་ ༢༠༡༣ ལོའི་ཕྱི་ཟླ་ ༢ ཚེས་ ༥ ཡི་སྔོན་ལ། མི་སྒེར་སོ་སོའི་མིང་དང་སྡོད་གནས་ཁ་བྱང་། མི་ཚེ་ལོ་རྒྱུས་བཅས་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པར་འབུལ་འབྱོར་གནང་དགོས་ཀྱི་ཡོད་པ་དང་། ཚོགས་འདུའི་དམིགས་ཡུལ་ནི་ཡུ་གུར་དང་བོད། ལྷོ་སོག་བཅས་ཀྱི་མ་འོངས་བའི་ཁེ་དབང་དང་མི་རིགས་གནད་དོན་ཐད་བགྲོ་གླེང་གནང་རྒྱུ་མ་ཟད། ཉེ་བའི་ལོ་འགར་རྒྱ་ནག་ནང་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དག་གི་དམངས་གཙོའི་འབོད་སྒྲ་ཤུགས་ཆེ་རུ་གྱུར་ཡོད་ལ། དེ་དང་འབྲེལ་ནས་ཁོང་ཚོར་ཡང་རྒྱ་གཞུང་གི་དྲག་གནོན་དཀའ་སྡུག་གཅིག་མཚུངས་འཕྲད་བཞིན་པར་བརྟེན། རྒྱ་ནག་གི་དམངས་གཙོ་བཅོས་སྒྱུར་སྐོར་ནས་སོགས་ལ་བགྲོ་གླེང་བྱ་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་བརྒྱུད་ནས་རྒྱ་གཞུང་གི་གཉའ་གནོན་དབང་སྒྱུར་གྱི་དཀའ་སྡུག་གཅིག་མཚུངས་འཕྲད་བཞིན་པའི་ཤར་ཏུར་ཀི་སི་ཐན་དང་། བོད། ལྷོ་སོག  རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ནས་མ་འོངས་པའི་འཐབ་རྩོད་ཐད་མཉམ་ལས་ཡོང་ཐུབ་རྒྱུའི་རེ་བ་བཅངས་ཡོད་འདུག 

བགྲོ་གླེང་ཚོགས་འདུའི་གསལ་བསྒྲགས་ནང་། ཡུ་གུར་དང་བོད། ལྷོ་སོག་པོ་བཅས་ཀྱི་བར་གནའ་སྔ་མོ་ནས་རིག་གནས་དང་ཆོས་ལུགས། སྲིད་དོན་གྱི་འབྲེལ་འདྲིས་ཡོད་ལ། ལྷག་པར་དུ་འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་རྒྱ་ནག་དམར་གཞུང་གིས་ཡུ་གུར་དང་བོད། ལྷོ་སོག་གསུམ་ལ་མི་རིགས་གཉའ་གནོན་དང་། ཆབ་སྲིད་དབང་སྒྱུར། དཔལ་འབྱོར་བཤུ་བཞོག་བྱས་པ་མ་ཟད། མི་རིགས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་སྟེ་དྲག་སྤྱོད་དང་མི་སེར་སྤེལ་བའི་སྲིད་ཇུས་སྤེལ་བར་བརྟེན། ཡུ་གུར་དང་བོད། ལྷོ་སོག་གསུམ་སོ་སོའི་མི་རིགས་ཀྱི་རང་དབང་དང་དམངས་གཙོའི་འཐབ་རྩོད་བརྒྱུད་རིམ་ཁྲོད་གཅིག་མཚུངས་ཀྱི་དཀའ་སྡུག་མྱོང་མཁན་གྱི་ལས་མཐུན་ཕུ་ནུ་མིང་སྲིང་ཆགས་ཡོད་ཅེས་བཀོད་འདུག

ད་དུང་གསལ་བསྒྲགས་ནང་། ཡུ་གུར་བ་དང་བོད་མི། ལྷོ་སོག་པོ་གསུམ་གྱིས་ཞི་བདེ་ཡི་ལམ་ནས་དམངས་གཙོ་དང་ཁྲིམས་མཐུན། རང་སྐྱོང་ཡོང་ཐབས་ཀྱི་འབད་བརྩོན་རིམ་པ་ལ་རྒྱ་གཞུང་གིས་གདུག་སྤྱོད་དྲག་གནོན་བྱས་ཏེ། ཆབ་སྲིད་དབང་སྒྱུར་དང་། རིག་གནས་དབང་སྒྱུར། མི་རིགས་ཆེན་པོའི་གཉའ་གནོན་བཅས་བྱས་ཏེ། བོད་སོག་ཡུ་གུར་མི་རིགས་རྣམས་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་དང་། ཡ་ང་མེད་པར་གདུག་སྤྱོད་དྲག་རྡུང་དང་དམར་གསོད་སོགས་བྱས་པའི་རྐྱེན་གྱིས། བོད་སོག་ཡུ་གུར་ས་ཁུལ་ནང་གཅིག་རྗེས་གཉིས་མཐུད་ཀྱིས་ཞི་བའི་ངོ་རྒོལ་རིམ་པར་བྱུང་བ་མ་ཟད། ༢༠༠༩ ལོར་ནས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་ཞི་རྒོལ་བྱུང་བ་དང་། ལོ་དེའི་ཕྱི་ཟླ་ ༧ ཚེས་ ༥ ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཝུ་རའོ་མུ་ཆིའི་ནང་ཡུ་གུར་སློབ་ཕྲུག་དང་མི་མང་གི་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་དམར་གསོད་བྱས་པ། དེ་བཞིན། འདས་པའི་དུས་ཡུན་ནང་ལྟོས་འཇོག་གིས་ཅུང་ཙམ་ལྷིང་འཇགས་ཡིན་པའི་ལྷོ་སོག་པོའི་ནང་དུའང་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་ཡོད་པ་སོགས། ཡུ་གུར་དང་བོད། ལྷོ་སོག་མི་རིགས་གསུམ་གྱི་མནར་གཅོད་བཟོད་སྒོམ་གྱི་ཚད་དེ།  ཆེས་མཐར་མཇུག་གི་བཟོད་བརླག་བྲལ་བའི་ཛ་དྲག་གི་དུས་སྐབས་འདིར། མི་རིགས་འདི་གསུམ་གྱི་ཤེས་ལྡན་མི་སྣ་དང་། ཆབ་སྲིད་ལས་འགུལ་པ། དེ་བཞིན། རྒྱལ་སྤྱིའི་སྒྲིག་འཛུགས་འདྲ་མིན་གྱི་འཐུས་ཚབ་བཅས་མཉམ་ཞུགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་དགོས་པའི་དུས་ལ་བབས་སྐོར་བརྗོད་འདུག 

འཛམ་གླིང་ཡུ་གུར་མཐུན་ཚོགས་ནི།  ༢༠༠༤ ལོར་འཇར་མན་དུ་ཤར་ཏུར་ཀི་སི་ཐན་མི་རིགས་ཚོགས་པ་དང་འཛམ་གླིང་ཡུ་གུར་ན་གཞོན་འཐུས་ཚབ་ཚོགས་པ་གཉིས་མཉམ་སྒྲིལ་ཐོག་གསར་དུ་བཙུགས་པ་ཞིག་ཡིན་ལ།  ཚོགས་པ་འདི་ནི་འཛམ་གླིང་ཡུ་གུར་མི་རིགས་ཀྱི་ཁྲིམས་མཐུན་ངོ་བོ་མཚོན་པའི་ཤར་ཏུར་ཀི་སི་ཐན་གྱི་འཐབ་རྩོད་ལ་སྣེ་ཁྲིད་མཁན་གྱི་ཚོགས་སྡེ་ཆེ་ཤོས་དེ་ཆགས་ཡོད་ལ། ཚོགས་པ་འདིའི་ད་ལྟའི་ཚོགས་གཙོ་ནི་ལྕམ་རེ་བྷེ་ཡ་ཁཱ་ཌིར་ལགས་ཡིན་པ་རེད།  མཐུན་ཚོགས་འདིའི་རྟེན་གཞི་གཙོ་བོ་འཇར་མན་དུ་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཡན་ལག་མཐུན་ཚོགས་མང་པོ་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

ཆུ་ཚོད་ ༢༠ སྔོན་ལ།
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

མཆན། 2

  1. གནས་ཚང་། says:
    ལོ་ 13 སྔོན།

    བོད་སོག་ཡུ་གུར་སྤུན་ཟླ་ཡིན། སྡང་དགྲ་འདུལ་བའི་ཐོ་བ་ཡིན། སྡར་མ་ཞེད་སའི་རུ་དཔུང་ཡིན། དཔའ་བོ་འཇུག་སའི་གཞི་མ་ཡིན།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ཡུ་གུར་དང་བོད། ལྷོ་སོག་མི་རིགས་གསུམ་གྱི་མནར་གཅོད་བཟོད་སྒོམ་གྱི་ཚད་དེ། ཆེས་མཐར་མཇུག་གི་བཟོད་བརླག་བྲལ་བའི་ཛ་དྲག་གི་དུས་སྐབས་འདིར། མི་རིགས་འདི་གསུམ་གྱི་ཤེས་ལྡན་མི་སྣ་དང་། ཆབ་སྲིད་ལས་འགུལ་པ། དེ་བཞིན། རྒྱལ་སྤྱིའི་སྒྲིག་འཛུགས་འདྲ་མིན་གྱི་འཐུས་ཚབ་བཅས་མཉམ་ཞུགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་དགོས་པའི་དུས་ལ་བབས་སྐོར་བརྗོད་འདུག ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese