མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་བརྒྱའི་བགྲོ་གླེང་ཐེངས་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་དང་བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་ཟི་ལིང་དུ་ཚོགས་འདུག

ཟླ་སྔོན་མའི་ནང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་དང་བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཡོད་འདུག་ལ། ཚོགས་འདུའི་ཐོག་ཕུའུ་བུན་ཁྲིན་དང་གཡང་མོ་རྒྱལ་སོགས་མཚོ་སྔོན་ཞིང་ཆེན་གྱི་རྒན་རབས་མགོ་ཁྲིད་པ་དང་། བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཆེ་ཆུང་ཁག་གི་བླ་སྤྲུལ་དང་གྲྭ་བཙུན་གྱི་འཐུས་མི། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་ཀྱི་དགེ་སློབ་ཀྱི་འཐུས་མི་དང་གསར་འགོད་པ་བཅས་མི་ ༢༠༠ ཙམ་འདུ་འཛོམས་བྱུང་འདུག

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ནི། རྗེ་ཙོང་ཁ་བ་ཆེན་མོ་སྐུ་མྱ་ངན་ལས་འདས་པའི་རྗེས་དྲན་ཉིན་མོར་འཁེལ་བར་བྱས་ཏེ་ཚོགས་པ་ཞིག་ཡིན་འདུག་ལ། ཚོགས་འདུའི་ཐོག་བྱ་ཁྱུང་དགོན་པའི་སྐུ་ཕྱོགས་དགེ་བཤེས་ཀྱིས་མ་དངུལ་གྱི་མཐུན་འགྱུར་དང་། རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་འགན་ལེན་འོག་པར་བསྐྲུན་བྱས་པའི་ཡོངས་འཛིན་༼ ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསུང་འབུམ༽པར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་མ་ཟད། སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིས།  བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་གཟེངས་སུ་ཐོན་པའི་མི་སྣ་མཁན་པོ་བསོད་ནམས་དར་རྒྱས་གཙོས་མི་སྒེར་ ༡༤ དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་བཅས་ལས་ཁུངས་ ༢ ལ་སྲོང་བཙན་རིག་པའི་བྱ་དགའ་གནང་ཡོད་འདུག

ཉིན་གཉིས་རིང་གི་བགྲོ་གླེང་ཐོག མཁན་པོ་བསོད་ནམས་དར་རྒྱས་ལགས་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་ལྕགས་ཐར་རྒྱལ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བློ་བཟང་བཅས་བོད་ཀྱི་རིག་གནས་ལས་དོན་ལ་འབད་བརྩོན་ལྷོད་མེད་གནང་བཞིན་པའི་བླ་ཆེན་མཁས་ཆེན་དག་གིས། ཕྱོགས་དང་ཟུར་མི་འདྲ་བ་ནས་བོད་ཀྱི་རིག་གནས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ནས་གྲོས་བསྡུར་ཟབ་མོ་བྱས་པར་མ་ཟད། དངོས་ཡོད་དང་མཐུན་པའི་དགོངས་འཆར་བཏོན་ཡོད་འདུག

སྲོང་བཙན་རིག་པའི་བྱ་དགའ་དེ་ནི། གཞུང་བརྒྱའི་བགྲོ་གླེང་དུས་དེབ་རྩོམ་སྒྲིག་ཁང་དང་སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་མཉམ་འབྲེལ་ཐོག་སྤྲོད་ཀྱིན་པའི་བྱ་དགའི་རིགས་ཤིག་ཡིན་འདུག་ལ། དམིགས་ཡུལ་གཙོ་བོ་བོད་ཀྱི་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ཐད་བྱས་རྗེས་ཆེ་བའི་མི་སྣ་དང་ལས་ཁུངས་ཀྱི་བྱ་བཞག་ལ་ཁས་ལེན་དང་གོང་བཀུར། རིག་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལོ་གསུམ་རེའི་བོད་རིག་པའི་གཞུང་བརྒྱའི་བགྲོ་གླེང་ཚོགས་ཆེན་སྟེང་སྤྲོད་ཀྱིན་པ་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

སྐར་མ ༣༦ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese