མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བླ་སྲོག་དེ་ཕལ་ཆེར་སངས་རྒྱས་པའི་ལྟ་གྲུབ་རེད་ཟེར་ཆོག

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཆོ་འཕྲུལ་དུས་ཆེན་དང་བསྟུན་ཏེ། ༸གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་ ༦༠༠༠ བརྒལ་བར་༼སྐྱེས་རབས༽བཀའ་ཁྲིད་གནང་སྐབས། ནང་པའི་ལྟ་གྲུབ་ནི་བོད་མི་རིཊ་ཀྱི་བླ་སྲོག་དང་ཆོལ་གསུམ་ཆིག་སྒྲིལ་ཐུབ་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་བྱུང་བ་ཡིན་ཚུལ་གསུངས།

དེ་རིང་ཕྱི་ཚེས་ ༢༥ ཉིན་ཏེ་བོད་ལུགས་ལོ་གསར་ཚེས་བཅོ་ལྔའི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཁེལ་ཡོད་སྟབས། དེ་རིང་ཞོགས་པ་སྔ་བོ་ནས་བོད་མིའི་སྒྲིག་འཛུཊ་ཀྱི་སྲི་ཞུ་ལས་བྱེད་དང་ངྷ་ས་ཁུལ་གྱི་བོད་རིཊ་སེར་སྐྱ་མང་ཚོགས། ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་བ་བཅས་ཁྱོན་མི་ ༦༠༠༠ བརྒལ་བ་འཚང་ཁ་ཤིག་ཤིག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་གནང་ཡོད་ཅིང་། ཆུ་ཚོད་ ༩ པའི་སྟེང་༧གོང་ས་མཆོག་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་ར་བའི་བཞུགས་ཁྲིར་ཞབས་སོར་བཀོད་དེ། སྟོན་པ་བཅོམ་ལྡན་འདས་ཀྱི་༼ སྐྱེས་རབས ༽བཀའ་ཁྲིད་གནང་ཡོད།

༸གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཐོག་མའི་བྱུང་རིམ་དང་བཙན་བྱོལ་ནང་སྨོན་ལམ་དེའི་རྒྱུན་མཐུད་བཞིན་ཡོད་ཚུལ་གསུངས་ཏེ་མང་ཚོཊ་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་ཅིང་། དེའི་རྗེས་ད་ཆར་འཛམ་གླིང་སྟེང་མི་གྲངས་ཐེར་འབུམ་བདུན་ཡོད་པའི་ཁྲོད། མི་ཐེར་འབུམ་དྲུག་ཆོས་དད་ཡོད་མཁན་དང་ཐེར་འབུམ་གཅིག་ཆོས་དད་མེད་མཁན་ཆཊ་ཡོད་ཀྱང་། ཆོས་དད་ཡོད་མཁན་ཚོའི་ཁྲོད་དུའང་མཐར་གཏུགས་ན་ཆོས་ལུཊ་གང་དེར་དད་མོས་དང་ཉམས་ལེན་བྱེད་མཁན་ཉུང་ངུ་ལས་མེད་ཚུལ། འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་མཁན་ཡིན་པ་ལས་རྙོག་དྲ་དང་སྡུག་བསྔལ་མི་འདོད་མཁན་ས་སྟག་ཡིན་པ་དང་། རང་བྱུང་གོད་ཆག་མ་གཏོཊ་འཛམ་གླིང་འདིའི་རྙོག་དྲ་གཞན་ཚང་མ་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཞིག་དང་། སེ་རི་ཡར་མཚོན་ནའང་རྙོག་དྲ་བཟོ་མཁན་ཚོར་རྙོག་དྲ་བཟོ་འདོད་མེད་ཀྱང་། སོ་སོ་འདོད་རྔམ་གྱིས་དབང་དུ་ཕྱིན་ཏེ་མང་ཚོགས་སྡུག་བསྔལ་ནང་ལྷུང་ཡོད་སྐོར། དེ་བཞིན། རྒྱ་ནག་དཔོན་རིཊ་ཚོས་སོ་སོའི་ཁ་ཐུག་གི་དབང་ཆར་བསམ་བློ་གཏོང་རྒྱུ་ཙམ་ལས། ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་གཏོང་མི་ཐུབ་བ་དང་། ཏང་གི་མགོ་ཁྲིད་ཁ་ཤས་ཀྱིས་དངོས་ཡོད་གནས་ཚུལ་རྣ་བར་གོ་མ་འདོད་པར་དངོས་ཡོད་ལ་ངོས་ལེན་མི་བྱེད་ཅིང་། ཏིང་ཞའོ་ཕིན་གྱིས་བཤད་པའི་དངོས་ཐོག་བདེན་འཚོལ་ཟེར་བ་དེ་སྟོན་པ་བཅོམ་ལྡན་འདས་མཆོག་གིས་ཀྱང་གསུངས་ཡོད་སྟབས། རྒྱ་གཞུང་ངེས་པར་དུ་ཏིན་གྱིས་བཤད་པའི་དངོས་ཡོད་གནས་ཚུལ་ག་རེ་ཡོད་པ་དེའི་ཐོག་འགྲོ་དགོས་སྐོར་ནན་གསུངས་གནང་སོང་།

༸ གོང་ས་མཆོག་གིས་ཁོང་ཉིད་ལ་འཛམ་གླིང་སྟེང་། ནང་ཆོས་དར་སྤེལ་གཏོང་རྒྱུའི་བསམ་བློ་རྩ་བ་ནས་མེད་པ་དང་། གཞན་གྱིས་ཚུར་འབོད་སྐུལ་མ་བྱས་ན་ཕར་ནང་ཆོས་འགྲེལ་བཤད་རྒྱག་གི་མེད་ལ། གལ་སྲིད་བརྒྱབ་ན་ནང་པའི་སྡོམ་ཁྲིམས་དང་འགལ་ཡོད་པ། དེང་སང་ཚན་རིག་པ་ཚོས་ནང་པའི་ལྟ་གྲུབ་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ནང་པའི་གཞུང་ནང་གསུངས་པའི་སེམས་དང་རྣམ་རྟོག་གི་རྣམ་གཞག་ཐོག་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། བོད་ཡིག་ནང་ཚན་རིག་གཙོས་དེང་དུས་ཤེས་ཡོན་སྐོར་གྱི་ཐ་སྙད་མང་པོ་ཞིག་ཡར་རྒྱས་འགྲོ་རྒྱུར་ལྷག་ཡོད་རུང་། འཛམ་གླིང་ཐོག་ནང་པའི་གཞུང་འགྲེལ་བཤད་ཆ་ཚང་རྒྱག་རྒྱུར་བོད་ཡིག་ལས་ལྷག་པའི་ཡིག་རིཊ་གཞན་གཅིག་ཀྱང་མེད་སྟབས། བོད་མི་ཚོས་སོ་སོའི་ཕ་སྐད་ཀྱི་རིན་ཐང་ངོ་འཕྲོད་པའི་ཐོག་བདག་པོ་ཡག་པོ་རྒྱག་རྒྱུ་དང་། བདག་པོ་རྒྱག་སྟངས་དེ་བོད་ཡིག་དངུལ་ཁང་དུ་དངུལ་འཇོག་པ་ལྟར་མིན་པར་བོད་ཡིག་སློབ་སྦྱོང་གང་ལེགས་བྱ་དགོས་པའི་ནན་སྐུལ་གནང་སོང་།

༸ གོང་ས་མཆོག་གིས་གསུངས་དོན།  “ ༡༩༦༠ ནང་རྒྱ་གཞུང་གི་ཡིག་ཆ་ཁག་ཏུ་ཚན་རིག་ཡར་རྒྱས་ཕྱིན་ན་ཆོས་དད་རང་བཞིན་གྱིས་ཡལ་འགྲོ་གི་རེད་ལབ་ཡོད། འོན་ཀྱང་ད་ཆར་ ༢༠༡༣ ལོར་བསླེབས་ཡོད་པ་རེད། ཚན་རིག་པ་རྩེ་ཕུད་གྲས་ཀྱིས་ནང་ཆོས་ལ་དགའ་བོ་ཞེ་དྲག་བྱེད་ཀྱི་ཡོད། ཚན་རིག་ཤེས་ཚད་ཡར་རྒྱས་ཕྱིན་པའི་ཚོད་ཀྱིས་ཆོས་དད་སྔར་ ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད། འདས་པའི་ལོ་ ༣༠ རིང་ཚན་རིག་པ་དང་འབྲེལ་བ་བྱས་ཏེ། ཚོད་ཐིག་ཏེ་ཁོག་ལོན་པའི་མཚམས་ལ་གདན་ས་ཁག་ཏུ་ཨ་རིའི་སློབ་གྲྭ་ཁག་ཅིག་གིས་རོཊ་རམ་བྱས་ཏེ། ཚན་རིག་སློབ་དེབ་བོད་ཡིག་ཏུ་བསྒྱུར་བ་རེད། ཉེ་ཆར་འབྲས་སྤུངས་ལ་ཚན་རིག་པ་མཉམ་དུ་བགྲོ་གླེང་ཚོཊ་སྐབས་ཚན་རིག་པས་དགའ་བོ་ཞེ་དྲག་བྱེད་ཀྱི་འདུག གྲྭ་ཚང་གི་ཆོས་ར་འཚོཊ་སར་ཁྲིད་སྐབས། སྐད་སྒྱུར་ཡག་པོ་ཡོད་པའི་ཐོག་བརྗོད་བྱར་དོ་སྣང་ཆེན་པོས་ཉན་ཏེ་དགའ་བོ་བྱེད་ཀྱི་འདུག བགྲོ་གླེང་གནས་སྟངས་ཡག་པོ་ཞེ་དྲག་འདུག་ལབ་ཀྱི་འདུག སྐབས་དེའི་ཚོཊ་འདུ་ཞིག་གི་སར་ཚན་རིག་པ་སྤོ་ལཊ་ཤིག་གིས་ཡོངས་བསྒྲཊ་ཐོག་མ་གཞི་ཁོ་རང་ནང་པ་མིན། ཡིན་ནའང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་ཅེས་བཤད་སོང་། ནང་པས་འགྲེལ་བཤད་བརྒྱབ་ཡོང་སྐབས་ཚན་རིག་པ་རྣམ་དཔྱོད་ལྡན་པ་ཡིན་དུས། རྒྱུ་མཚན་ཞིག་མཐོང་སྟེ་བསམ་བློ་གཏོང་གི་འདུག ཁོང་ཚོ་རང་ལྟ་མཆོག་འཛིན་བྱེད་མཁན་གྲས་མ་རེད། དེ་མིན་ང་ཚོའི་ནང་རང་ལྟ་མཆོག་འཛིན་བྱས་ཏེ་སོ་སོའི་ལྟ་གྲུབ་རེ་འཁྱེར། རྒྱུ་མཚན་བཤད་རྒྱུ་མེད་པར་མི་ཚང་མས་དེར་ཡིད་ཆེས་བྱ་དགོས་ལབ་ན་ཡག་པོ་མ་རེད། ”ཅེས་གསུངས།

བོད་ལ་ཆབ་སྲིད་འཕོ་འགྱུར་བྱུང་ཡང་ཆོས་དང་རིག་གཞུང་གིས་བོད་མི་རིཊ་གཅིག་གྱུར་བྱས་ཡོད་པའི་ཐད་གསུངས་དོན། “བོད་ཀྱི་བླ་སྲོག་དེ་ཕལ་ཆེར་སངས་རྒྱས་པའི་ལྟ་གྲུབ་རེད་ལབ་ཆོག་གི་རེད། ལོ་རྒྱུས་ཐོག་ནས་བཤད་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས། བོད་དེ་ཆོས་སྲིད་གང་ཐད་ནས་གྲ་རྒྱས་ཤོས་ཡིན་པའི་དུས་སྐབས་རེད། དེ་དང་འབྲེལ་ཏེ་མི་རིཊ་ཡོངས་རྫོཊ་གཅིག་སྒྲིལ་དང་སྟོབས་ཤུཊ་ཡོད་བསྡད་པ་ཞིག་རེད། དེ་ནས་བོད་སིལ་བུར་ཐོར་རྗེས་བོད་ཀྱི་ཆབ་སྲིད་ཐོག་འཕོ་འགྱུར་མང་པོ་ཕྱིན་ཡོད་ཀྱང་། བོད་མདོ་སྨད་བར་གསུམ་ཆིག་སྒྲིལ་བྱས་ཏེ་སྡོད་ཐུབ་པ་དང་། མི་རིཊ་ཀྱི་བླ་སྲོག་ཉམས་པ་མེད་པར་བསྡད་པ་དེ་བོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་ནས་ཡོང་བ་ཞིག་རེད། སྔར་ཡིན་ན་དེ་ལྟར་རེད་ལ། ད་ལྟ་ཡིན་ནའང་བླ་སྲོག་དེ་ཤེས་ཡོན་གྱི་ཐོག་ནས་ཡོང་དགོས་པ་ཞིག་རེད། ང་ཚོར་སྔ་མོ་ནས་ཡོད་བསྡད་པའི་ཤེས་ཡོན་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ང་ཚོ་མང་པོ་ཞིག་གིས་བསམ་བློ་རྒྱ་ཆེ་ས་གཏོང་མ་ཐུབ། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་མ་བྱས། དེའི་ཐོག་ཉམས་མྱོང་ཡང་མེད་པར་ཨ་གསར་བྱས་ཏེ་འགྲོ་བསྡད་པ་དེ་ཉེན་ཁ་ཆེན་པོ་རེད། དེར་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས།

༸ གོང་ས་མཆོག་གིས་མུ་མཐུད་དུ་འགྲོ་བ་མིའི་རིགས་ནི་མཛའ་བཤེས་ཀྱིས་འཚོ་བཞིན་པའི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་དང་། ཡ་རབས་བྱེད་པ་ནི་ཆོས་ལུགས་དང་འབྲེལ་བའི་སྐད་ཆ་གང་ཡང་ཆགས་མེད་པར། མི་སུ་འདྲ་ཞིག་ཡིན་རུང་ཡ་རབས་བྱེད་དགོས་པར་མ་ཟད། ཡ་རབས་བྱས་ན་སོ་སོར་གཉེན་དང་མཛའ་བཤེས་གང་མང་རག་རྒྱུ་དང་རང་ཉིད་ལ་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་གི་ཡོད་ཅིང་། དེ་ལས་ལྡོག་སྟེ་ཕན་ཚུན་བར་ཡིད་ཆེས་མེད་ན་མཛའ་བཤེས་ཡོང་མི་སྲིད་པ་དང་། མཛའ་བཤེས་བསླེབ་པར་དྲང་པོ་དྲང་བཞག་དང་ཕྱི་གསལ་ནང་གསལ། ཕན་སེམས་བཅས་བསྐྱེད་ཐུབ་པ་བྱ་དགོས་ཤིང་། འཛམ་གླིང་འདིའི་ནང་སྡུག་བསྔལ་མང་པོ་འབྱུང་བཞིན་པའི་གཞི་རྩ་གཙོ་བོ་ཡ་རབས་སྤྱོད་པས་མ་འདང་བ་ཞིག་ཡིན་སྟབས། མ་འོངས་པར་མིའི་རིགས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་དགོས་ན་ཡ་རབས་ཀྱི་སྤྱོད་པ་སྔར་ལས་ཡར་རྒྱས་གཏོང་དགོས་སྐོར་གསུངས།

མཇུག་ཏུ་ ༸གོང་ས་མཆོག་གིས་རྒྱ་གར་ནི་ཆོས་དད་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་རུང་། རྒྱལ་ཁབ་འདིའི་ནང་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་བྱེད་མཁན་མང་པོ་ཡོད་པ་དེ་ཆོས་ལུཊ་དང་འགལ་ཟླ་ཆཊ་ཡོད་ཅིང་། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཚེ། ལས་རྒྱུ་འབྲས་ཀྱི་སྐད་ཆ་གང་ཡང་བཤད་ས་མེད་སྟབས་ཁྲིམས་ལུཊ་ལས་གཞན་པའི་ཞེད་སྣང་སྐྱེས་ས་མེད་ཀྱང་། དཀོན་མཆོག་ཁས་ལེན་མཁན་ཞིག་གིས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་རྒྱག་བཞིན་དུ་ཆེས་མ་རབས་དང་ལྐོག་ཟ་རུལ་སུངས། གཞན་ལ་མགོ་སྐོར་དང་གནོད་སྐྱེལ་བ་སོགས་བྱས་ན་དཀོན་མཆོག་གི་བཀའ་དང་རྒྱབ་འགལ་དུ་སོང་ཡོད་སྐོར་གསུངས།

ཐེངས་འདིའི་བཀའ་ཆོས་དབྱིན་སྐད་དང་རྒྱ་སྐད་གཙོས་སྐད་ཡིག་ཁག་ཅིག་ནང་སྐུ་སྒེར་དྲ་རྒྱ་བརྒྱུད་ཐད་གཏོང་གནང་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 2

  1. རོ་བདག says:
    ལོ་ 13 སྔོན།

    ལགས་སོ། ཐུགས་རྗེ་ཆེ། བླ་མའི་ཅི་གསུང་བཀའ་ཡིན། སྨོན་ལམ་གྱི་བྱུང་རིམ་དེ་དྲ་ངོས་གང་ན་ཡོད། དེ་བདག་ལ་མཁོ་གལ་ཧ་ཅང་ཆེ། དུས་བབ་ཚང་གི་ལས་ཀྱི་སྣེ་མོ་ཡོངས་ལ།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ལ་རྒྱབ་སྐྱོར་དང་ཡི་རང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese