མིག་མི་འཛུམ།
ན་ནིང་གི་གསུམ་བཅུའི་དུས་དྲན་གྱི་སྟབས་དང་བསྟུན་ནས་གླིང་ཚ་ཚེ་བརྟན་རྡོ་རྗེས་ཞི་བའི་འབོད་ཚིག་ལྔ་འཁུར་ནས་རང་གི་ཕ་ཡུལ་གྱི་ཕྱོགས་སུ་སྙེག་གིན་ཡོད། ལམ་གྱི་ངལ་དུབ་དང་རྒྱལ་མཚམས་ཀྱི་དཀའ་ངལ་ལ་མ་འཛེམ་པར་རང་གི་ཕ་ཡུལ་གྱི་ཕྱོགས་སུ་སྙེག་གིན་ཡོད། རང་གི་ཚེ་སྲོག་དང་བདེ་སྐྱིད་ཀྱི་འཚོ་བ་བློས་བཏང་ནས་རང་གི་ཕ་ཡུལ་གྱི་ཕྱོགས་སུ་སྙེག་གིན་ཡོད། རང་གི་དྲིན་ཆེན་གྱི་ཕ་མ་ཤུལ་དུ་བཞག་ནས་མངོན་འདོད་རུམ་གང་འཁུར་ནས་དགྲ་བོའི་མེ་མདའི་ཁར་སྙེག་གིན་ཡོད།
འདས་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་ནས་མགོ་བཙུགས་པའི་འཐབ་རྩོད་འདིའི་ཁྲོད་ནས་དེ་རིང་ལ་ཐུག་གི་བར་དུ། ཉེ་སྔོན་བལ་ཡུལ་གྱི་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས་ཕྱིར་ངྷ་སར་ཡོང་ནས་ཉིན་ཉེར་གཉིས་ཀྱི་རིང་ཕ་མ་དང་མཉམ་དུ་ངལ་གསོ་བརྒྱབ་པ་ལས་ཡང་བསྐྱར་མགོ་བཙུགས་སོང་། ཡང་བསྐྱར་མགོ་བཙུགས་ནས་ཟླ་བ་གཅིག་ཏག་ཏག་འགོར་བའི་དེ་རིང་ཁོང་ལྡི་ལིར་འབྱོར་ཡོད་པ་དང་། ལྡི་ལིར་ཡང་མདོ་སྨད་ས་རྒྱུན་གྱི་ལས་སྣེ་བ་རེ་གཉིས་མ་གཏོགས་འདི་ལ་དོ་སྣང་དང་སྣེ་ལེན། ཕེབས་སྐྱེལ་ཞུ་མཁན་མེད་པའི་རྣམ་པ་ཞིག་མཐོང་བས། བདག་གི་སེམས་ལ་ཚ་ཚ་འུར་འུར་གྱི་ན་ནིང་གི་རྣམ་པ་དེ་ད་ལོར་ཅིའི་ཕྱིར་འདི་ལྟ་བུ་ཞིག་གྱུར་སོང་ངམ་སྙམ་པའི་དྲི་བ་ཞིག་དང་སྐྱོ་སྣང་ཞིག་རང་བཞིན་གྱིས་འཁོར་བྱུང་།
ང་ཁོང་གི་ལྷག་བསམ་དང་སྙིང་སྟོབས་ལ་རྒྱུས་མངའ་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་བཤད་ན། ཁོང་གིས་འདི་ལྟ་བུའི་ལམ་ཁ་ཞིག་བདམས་པ་ནི་དངོས་གནས་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་ཧ་ཅང་ཉག་ཕྲ་བ་དང་མི་རིགས་འདིའི་མགོ་ལ་ཅི་དང་གང་གིས་མཚོན་མི་ནུས་པའི་སྡུག་བསྔལ་ཞིག་ལྷུང་ཡོད་པ་མ་བཟོད་པ་ཞིག་ལས། མཚན་དང་སྙན་གྲགས། རྒྱུ་དང་དཔལ་འབྱོར། གཞན་གྱི་བཀོད་ཇུས་སོགས་གང་ཡང་མིན། དེའི་སྟབས་ཀྱིས་འདས་ལོར་རྒྱ་དར་འཁུར་བའི་ཐད་དུ་རང་རེའི་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཤིག་བྱུང་བར་བརྟེན་ད་ལོར་མི་འཁུར་བའི་ཐག་གཅོད་བྱུང་སོང་བ་དང་། སྔར་བཞིན་ང་ཚོའི་མིག་མདུན་ནས་ཕ་མ་དང་བུ་ཕྲུག་གི་མིག་ཆུ་དང་ངུ་ངག་སྐྱུར་ནས་འགྲོ་ཡི་ཡོད། ཟས་གོས་ངན་ངོན་གྱིས་ཉིན་ནས་ཟླ་བ་དང་། ཟླ་བ་ནས་ལོ་མཐུད་ནས་འགྲོ་ཡི་ཡོད།
ཁོང་འདི་ལྟར་བསྐྱོད་པའི་དམིགས་ཡུལ་དངོས་ནི་ཞི་བའི་འབོད་ཚིག་ལྔ་འཁུར་ནས་བོད་དུ་སླེབས་རྒྱུ་དང་། བོད་དུ་སླེབས་པའི་ཚེ་ན་ཤི་གསོན་ཆ་མི་འཚལ་ཡང་ངར་དང་ཤུགས་ཀྱིས་མདུན་དུ་བསྐྱོད་ཀྱིན་ཡོད། དགྲ་བོའི་གདུག་རྩུབ་དང་སྲིད་ཇུས་ཁོང་གིས་ཧ་གོ་བའི་སྒོ་ནས་འགྲོ་ཡི་ཡོད། འཇིག་རྟེན་གྱི་འགྲོ་བ་སེམས་ཅན་སུ་ཞིག་ཡིན་ནའང་བདེ་སྐྱིད་ཀྱི་ཕྱོགས་སུ་བསྐྱོད་པར་འབད་པ་ལས་སྡུག་བསྔལ་བའི་ཕྱོགས་སུ་འགྲོ་མཁན་ཧ་ལམ་མེད་པ་ཡིན་ན། ཚེ་བརྟན་རྡོ་རྗེས་ཅིའི་ཕྱིར་འདི་ལྟར་བསམ་ན་ཡིད་སྐྱོ་བའི་ལམ་ཁ་འདི་བདམས་པ་རེད། འདི་ནི་ང་ཚོའི་གངས་ཅན་པ་ཚོས་ངེས་པར་ཤེས་དགོས་པའི་གནད་དོན་ཞིག་མ་རེད་དམ།
ཡང་ང་རང་གིས་ཚེ་བརྟན་རྡོ་རྗེ་ལ་རྒྱུས་མངའ་ཡོད་པའི་སྐད་ཆ་ཞིག་བཤད་ན། ཁོང་ནི་ནམ་རྒྱུན་ཁ་བརྡར་ནས་སྤུན་ཟླ་ནང་ཁུལ་ལ་གསེག་འབྲུ་རེས་དང་དམའ་འབེབས་མཐོང་ཆུང་བྱེད་མཁན་དེ་འདྲ་ཞིག་མིན་ཁར། ནམ་རྒྱུན་ཕན་ཚུན་ལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་ལ་སྐུལ་བར་འབད་བརྩོན་བྱེད་མཁན་ཞིག་ཡིན། དེའི་སྟབས་ཀྱིས་ད་རེར་བློས་གཏོང་ཆེན་པོ་འདི་བྱས་པ་དང་། མ་འོངས་པར་ཡང་ཁོང་གི་སྔ་བཤད་ཀྱི་གཏམ་ལ་འགྱུར་བ་ཡོད་མེད་ང་ཚོས་ལྟ་ཆོག་གི་རེད། ཡིན་ནའང་། མི་ཁ་ཤས་ཀྱིས་ཚེ་བརྟན་རྡོ་རྗེ་ལ་ཁ་གཡར་ནས་ཞོར་འཕྲོས་ཉོག་དྲ་མང་ཙམ་བཟོས་སོང་བ་དང་བཟོ་ངེས་པའི་ཕྱོགས་ནས་རང་རིགས་སྤུན་ཟླ་ཚོས་ངེས་པར་གཟབ་དགོས། ཚེ་བརྟན་རྡོ་རྗེ་ནི་དུས་ནམ་ས་ཡ་དྲུག་གི་ཡིན་པ་ལས་ཚོགས་པ་ག་གེ་མོ་དང་གང་ཟག་ཆེ་གེ་མོ་ཞིག་གི་མིན།
༢༠༡༣ ༤ ༩ ལ་བྲིས།
ས་མཚམས་བརྒལ་མི་སྲིད་པའང་རེད། བོར་བརླག་འགྲོ་ཡང་སྲིད་པ་རེད། བཙོན་ཁང་དུ་གཞུག་ཀྱང་སྲིད་པ་རེད། དོགས་པ་འདི་དག་ནི། དཔའ་གླིང་ལ་སྙིང་ཉེ་ཞིང་ཡིད་ཆེས་མཁན་ཞིག་གི་ངོས་ནས་བཤད་ན། ན་ཟུག་རྐྱང་རྐྱང་རེད་ལགས། འོན་ཀྱང་ངས་མ་ཤེས་པ་ཞིག་ལ། དོགས་པ་འདི་དག་གིས་ཅི་ཕྱིར། དཔའ་གླིང་གིས་བྱས་པའམ་བྱེད་ཀྱིན་པ་དེ། གནས་སྐབས་རིང་ངལ་འབྲས་མེད་པར་ལོག་པ་རེད་དམ། དེས་ན་ད་བར་གཞིས་བྱེས་གཉིས་ནས། རང་དབང་གི་ཆེད་དུ་སྤེལ་བཞག་པ་གྲགས་ཅན་ཐམས་ཅད། ལྗང་མྱུག་གི་ས་བོན་དུ་རློམ་ནས། མང་པོ་ཞིག་གིས་རིན་ཐང་བླ་ན་མེད་པ་སྤྲོད་ཀྱིན་འདུག་ནའང། ཁྱེད་ཀྱི་དགོངས་ཚུལ་ལྟར་བྱས་ན། ཡང་གནས་སྐབས་རིང་ངལ་འབྲས་མེད་པ་རེད་ཅེས། གང་ཞིག་གི་མགོ་ནས་ཅི་ཙམ་གཅད་རྒྱུ་ཡིན་ནམ། རེད། རང་སྲེག་མཁན་གྱི་དཔའ་ཕོ་མོའི་གཉེན་ཉེ་དག་ལ། ཁྱེད་ཀྱི་བཤད་པ་བཞིན་མང་པོ་ཞིག་སྡུག་ལ་གཏན་གྱི་འདུག་ནའང། དེ་ཙམ་གྱིས་དཔའ་ཕོ་མོ་དེ་དག་གིས་དོན་དག་གང་ཞིག་ལ་ཕན་མ་སོང་བ། བདག་གིས་རྩ་ནས་འདོད་ཀྱིན་མེད།
གོང་དུ་གོ་བ་བླངས་པ་མ་འགྲིག་ས་ཡོད་ན། དགོངས་དག ཨོ་ལགས། དེ་ནས་དཔའ་གླིང་གི་བློས་བཏང་དང་སྙིང་སྟོབས་ལ། ཡི་རང་ཡོད་པའི་ཐད་ནས་ངེད་གཉིས་མཐུད་པ་རེད། ཁྱོད་ཁ་དྲོ།
གླིང་ཚས་བླང་ནས་འོང་དགོས་རྒྱུ་བོ་དེ། ཡོད་ཚད་ཁྱེད་ཀྱིས་བཤད་པ་དེ་འདྲ་ཞིག་ཡིན་མིན་ཡང་མི་ཤེས། གལ་ཏེ་ལེན་དགོས་པ་ཞིག་མ་བླངས་པར་དུ་སུ་ཞིག་གནམ་ལ་འགྱོག་མི་ཆོག་ན། འུ་ཚོའི་ཁོར་ཡུག་འདི་རུ་གནམ་ལ་འགྱོག་རྒྱུ་ཞིག གཏན་ནས་མེད་པར་བདག་གིས་ཁས་བླངས་ཆོག ཡིད་ཆེས་ཡོད་མེད་ཀྱི་ཐད་ནས་ངེད་གཉིས་མི་འདྲ་ཁོ་ཐག་རེད། འོན་ཀྱང་ཚད་མས་ངེས་མ་ངེས་ནི་ངེད་གཉིས་ལོས་གཅིག་གཅིག་པ་རེད། དལ་མོ་ཡིན་ལགས། ངས་ཁྱེད་ཀྱི་མཆན་ཡིག་ལ་ད་རུང་ཞིབ་མོ་ཞིག་མ་བལྟས།
འདི་ན་གླིང་ཚ་གནམ་ལ་བཀྱག་ས་ལ་བརྡབ་བྱེད་པའི་དུས་ཞིག་མ་རེད། གླིང་ཚས་བོད་དང་བོད་མི་རིགས་ལ་མིང་དོན་མཚུངས་རང་སྐྱོང་ཞིག་འཁྱེར་ཡོང་ན་དེ་དུས་དཔའ་དར་འཐེན་རྒྱུ་སྨྲོས་མེད་རེད། འོན་ཀྱང་ང་ལ་དེ་འདྲའི་ཡིད་ཆེས་མེད། བོད་ནང་མི་རྒྱ་ལྷག་གིས་ཏང་གི་མདུན་དུ་ལངས་ནས་མེར་བསྲེག་གཏོང་གི་ཡོད་ཀྱང་མེ་ལྕེ་ལྷེམ་ལྷེམ་དུ་འབར་ཀྱིན་པའི་སྐབས་སུ་ཡང་རྡུང་བརྡེག་གཏོང་གི་ཡོད་པ་རེད་ལ་ཉེ་འབྲེལ་ཚང་མ་འཇུ་བཟུངས་བྱེད་ཀྱི་ཡོད་པ་རེད། དེས་ན་གླིང་ཚ་ས་མཚམས་ལས་བརྒལ་ནས་བོད་ནང་བསྐྱོད་ཐུབ་རྒྱུའི་རེ་བ་ཧ་ཅང་ཧ་ཅང་གི་དཀའ་བ་རེད་ལ་གལ་སྲིད་བསྐྱོད་ཐུབ་པའི་དབང་དུ་བཏང་ཡང་ལམ་བར་ནས་བོར་བརླག་འགྲོ་རྒྱུ་ནི་སྨྲོས་མེད་སོང་ཙང་གནས་སྐབས་རིང་ག་རེ་བྱས་ན་མ་བྱས་ན་ངལ་བ་དོན་མེད་འདྲ་ཞིག་ལས་ལས་བཟང་པོར་འབྲས་བུ་བཟང་པོ་ཞིག་ཁག་པོ་ཁག་པོ་བྱས་པ་རེད། འོན་ཀྱང་ཁོང་གིས་བློས་གཏོང་དང་སྙིང་སྟོབས་ལ་སྔར་ནས་འགྱུར་བ་མེད་པ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཞུ་གི་ཡོད།
ང་རང་མལ་ཁྲིའི་སྟེང་ཉལ་བསྡད་ཡོད་སྐབས། གློ་བུར་དུ་གཅིག་དྲན་པ་ནི། གླིང་ཚའི་མི་ཚེ་བློས་བཏང་གི་ཞི་བའི་འཐབ་རྩོད་དེ། ངོ་མ་བསྒྲུབ་རྒྱུ་ཟེར་ན་ཁོང་རང་ཉིད་མ་གཏོགས། གཞན་ཞིག་གིས་སྲིད་མཐའ་ཙམ་གྱི་དོན་དག་དེ་རེད། དེས་ན་ཁོང་གི་ཞི་བའི་གོམ་བགྲོད་གནང་བཞིན་པ་དེའང་། སུས་ཀྱང་བསྒྲུབ་མི་ཐུབ་པ་ཡིན་ནམ་སྙམ་དུས། དེ་ནི་མིན་པ་འདྲ་སྟེ། གཉིས་སྟོང་བརྒྱད་ལོའི་འགོ་སྟོད་གོམ་བགྲོད་སླད་དུ་ཚོགས་པ་ལྔའི་ཐུན་མོང་བཀོད་སྒྲིག་ལ། ས་ཆ་འདི་ནས་མི་བརྒྱ་ཕྲག་དང་བརྒྱ་ཕྲག་གིས་དང་ལེན་ཐུབ་ཡོད་པ་དེ་རེད། སྐབས་དེ་དུས་༢༠༠༨ས་བྱི་ལོའི་ཞི་རྒོལ་ཡོངས་རྫོགས་ཀྱང་འོང་རྒྱུ་རེད་མོད། དཔའ་གླིང་གི་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་འགོ་འཛུགས་ཀྱི་དུས་དེར། ཕ་ཡུལ་གྱི་མི་མ་མཐའ་ཡང་བརྒྱ་ཕྲག་ཟིན་ལ་ཉེ་བ་ཞིག་གི་རང་སྲེག་དོན་རྐྱེན་བྱུང་ཚར་བའི་རྗེས་ཀྱང་རེད། འདི་པ་ཚོས་ཅུང་ལས་འགུལ་ཤུགས་ཆེན་རེ་སྤེལ་བ་ལ། ཤུགས་རྐྱེན་ཞིག་དགོས་པ་གཞིར་བཞག་གི་ཐོག་ནས་བཤད་ཀྱང་། གོང་དུ་བཤད་པའི་ཕྱི་མ་གླིང་ཚའི་ལས་འགུལ་ལ་རྒྱུ་མཚན་མང་བ་ཡོད་ནའང་། ཁྱད་མཚར། ཁོང་གི་ནང་མི་སྙིང་སྟོབས་ཅན་དེ་དག་ཕུད་ནས་རིགས་གཅིག་སྤུན་ཟླ་གཞན་མི་ཞིག་ལ། བཀྲ་ཤིས་དོན་འགྲུབ་མ་གཏོགས་དང་ལེན་མཁན་གཅིག་ཀྱང་མ་བྱུང་བ་དེ་རེད། ངས་མི་ཚོའི་རྣམ་རྟོག་ཀློང་གི་འདང་རྒྱག་ལྟར་བྱས་པ་མིན་ཡང་། ས་ཆ་འདིའི་བོད་དོན་ལས་འགུལ་བྱེད་སྟངས་ཐད། ཏན་ཏན་གསང་བ་ཞིག་ཡོད་པ་འདྲ་ཀི ཡང་མིན་ན། དུས་ཚོད་ཀྱི་དབང་གིས་མི་ཚོགས་ལ་རྗེ་འགྱུར་ཐེབས་པ་རེད་ཅེས་བཤད་ཀྱང་། སྐད་ཆ་དེ་གོ་བདེ་བོ་ཞིག་ལས་དོན་དག་ཅིག་གི་ཡང་སྙིང་ཧྲིལ་པོ་རྟོགས་བྱེད་དུ་ངས་འདོད་ཐུབ་མ་སོང་། ཡ་ད་མཚམས་འཇོག ཅང་མི་ཤེས་ཀི
རྟ་ནོར་ལུག་གསུམ་དེ་ཚོ་བཞག་ཡུན་རིང་སོང་ན། ཐ་མ་དེ་མི་དང་དུད་འགྲོའི་རྣམ་དབྱེ་ལའང་རྨོངས་འོང་། ཨ་ལ་ཀུ་རེ་ཡིན། ངོ་མ་རེད། ང་ཚོས་དཔའ་གླིང་དང་དཔའ་གླིང་ལྟ་བུའི་མི་ཚོའི་རིན་ཐང་རྟོགས་རྒྱུ་ཁ་ཚ་དགོས་གཏུགས་རེད། ཚོགས་པ་ཞིག་ལ་རེ་ནས་བསྡད་ཆོག་པའི་དབང་དུ་བཏང་རུང་། དེས་ཡོད་ཚད་འགྲིག་འགྲོ་བ་ཞིག་མི་སྲིད་པ་རེད། རེད། ང་ཚོས་དཔའ་གླིང་གི་རིན་ཐང་དེ་ཇི་འདྲ་བྱས་ནས་རྟོགས་དགོས་སམ། ང་ཚོས་དཔའ་གླིང་གི་རིན་ཐང་སྐོར་ནས་མཚན་གཞི་དང་པོ་དེ་གང་ངོས་འཛིན་དགོས། གལ་ཏེ་ང་ཚོས་གང་ཞིག་ངོས་བཟུང་ཐུབ་སོང་ན། དེ་ནས་སོ་སོའི་ལག་ལེན་བསྟར་ཕྱོགས་ཀྱི་གོ་རིམ་ཡང་ཇི་ལྟར་བསྒྲིག་དགོས་མིན་སོགས་ནི། ངར་མཚོན་ན་ནག་ཁུང་རྐྱང་རྐྱང་རེད།
ཨོ་་དགོངས་དག་་་དྲ་གྲོགས་ཀྱི་མིང་ནོར་ཐའ་་་ཆུ་ཐིགས་སྔོན་མོ་རེད་་་ད་དུང་ཡི་གེ་གཞན་ཞིག་ཀྱང་ཆད་འདུག་་་་
དེ་ལས་ཀྱང་ཡ་མཚན་དགོས་ས་ཞིག་ལ། དར་འཕྱར་དེ་སྐྱོན་ཞིག་རེད་བསམ་ནི་མ་ཡིན་པར། དེའི་དགེ་མཚན་རང་ལུགས་དང་ཁྱད་རྟགས་རང་བཞིན་ལ། བསམ་གཟས་ནས་འགོག་རྒོལ་ཨེ་ཐུབ་ལྟ་འདོད་ཀྱི་སེམས་བྱུང་གི་ཚོགས་དེ་རེད། མི་ལོ་ལྔ་བཅུ་ལྷག་གི་རིང་ཆབ་སྲིད་དང་ལྷན་དུ་ཉལ་རབས་ཀྱི་སྐད་པོ་ཆེའི་མངའ་བདག་ཚོས། དོན་དེ་འདྲ་ཞིག་མགོ་མི་ཚོས་པ་ནི་མི་སྲིད་ནའང་། དེ་ནི་ཏག་ཏག་དྲ་གྲོགས་ཆུ་ཐུགས་སྔོན་མོའི་སྐད་ཆ་བཞིན། བོད་ཀྱི་ཕྲག་དོག་བག་ཆགས་སྐབས་སྐབས་ལ་སད་ཡོང་མཁན་ཚོའི་དེ་ཉིད་བསྟན་པ་ཙམ་མོ།
ཁོང་གི་ལས་འགུལ་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། ཁོང་གི་ལས་འགུལ་ལག་འགྲུབ་ཡོང་བར་རེ་སྒུག་བྱས་ཡོད། ཨ་མའི་བུ་ཟེར་བ་ཐོག་གོ་རེད།
ཁོས་ཕྱི་རྒྱལ་གྱི་མི་སེར་ཐོབ་ཐང་སོགས་གཡུགས་ནས་འདི་ལྟར་ཕྱིན་པ་ནི་གླེན་རྟགས་རེད་ལབ་མཁན་ཡོད་ལ། ཁོས་འདི་ལྟར་བྱེད་པ་ནི་དཔལ་འབྱོར་གྱི་ཆེད་རེད་ལབ་མཁན་ཡང་ཡོད། འོན་ཀྱང་འདི་ལྟར་ཕྱིན་པས་ཅི་བྱེད་གཏོང་གི་མ་རེད་ལབ་མཁན་ཡང་ཡོད་མོད་འདི་དག་ཚང་མ་རྒྱུ་མཚན་ཕྱོགས་རེ་ལས་འདང་མ་ཕོག་པའི་གྲས་རེད། འདི་དག་ནི་ཁོང་དང་བསམ་བློ་དང་སེམས་བསྐྱེད་ཀྱི་བར་ཐག་ཙམ་རེད། རྗེ་མི་ལ་རས་པ་དང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སོགས་ཀྱང་སྨྱོན་པ་རེད་ལབ་མཁན་ཀྱང་མང་ཙམ་བྱུང་ཡོད་པས་ངོ་མཚར་དགོས་པ་ཅི་ཡང་མེད་མོད། འུ་ཚང་གིས་རེ་བ་རྒྱག་སའི་ཚོགས་པ་ཁག་གིས་རྒྱ་ནག་གི་དར་ཆ་ཕྱར་བ་ལ་རྒོལ་གཏམ་གཏོང་ཤེས་པ་ལས་རླབས་ཆེན་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མི་ཤེས་པ་ནི་ཅུང་ཡ་མཚན་ཞིག་མ་ཡིན་ནམ།
ད་རེ་སྙིང་རྩ་སྦར་འཛིན་གྱིས་སྙིང་རྩ་ལ་སིམ་འགྲོ་བ་ཞིག་བཤད་འདུག་བཀའ་དྲིན་ཆེ། འུ་ཚོས་འདི་ལྟར་བྱེད་མི་ཐུབ་ཀྱང་འདི་དག་གི་རིན་ཐང་རྟོགས་དགོས་གི བོད་ནང་གི་མེར་བསྲེགས་དང་གླིང་ཚའི་གོམ་བགྲོད་ལ་འདང་བརྒྱབ་མྱོང་མཁན་ཞིག་ཡིན་ན་རིན་ཐང་རྟོགས་མ་ཐུབ་པ་ནི་ཁྱད་མཚར་རེད།
གླེན་བཤད་བྱེད་མཁན་དེ་དག་དང་དེ་དག་ལ་ཡ་ལན་སྟེར་མཁན་དག་མིའི་གྲས་སུ་བཞག་ཏེ་ལན་འདེབས་བྱེད་རྒྱུའི་ཐོབ་ཐང་ང་ལ་མེད་པས། འོག་གི་གླེན་བཤད་དེ་དག་ཚང་མ་མ་མཐོང་ཁུལ་གྱིས་བཞག་ཡོད། གླིང་ཚ་དཔའ་བོ་ཡིན་མིན་དང་ས་ཡ་དྲུག་གི་མི་ཡིན་མིན་དངོས་གནས་ཤེས་འདོད་ན་རང་ཉིད་ཀྱི་ཕ་མ་དང་བཟའ་ཟླ། ཕྲུ་གུ་སོགས་བློས་གཏོང་མི་དགོས་བར། རང་གི་ཕོར་བ་བླང་ནས་ས་ལ་རྒྱོབས་དང་དེ་གཅིག་པུས་ཀྱང་ཤེས་ཐུབ། དཔེ་ཆུང་ཆུང་ཞིག་གི་སྒང་ནས་བཤད་ན། ཉིན་གཅིག་གི་ལྟོ་རིན་ནི་རོ་ཕེ་བརྒྱ་ཙམ་རེད། རང་གི་ཉིན་གཅིག་གི་ལྟོ་དོན་ལ་ཉི་ཤར་ནས་ཉི་ནུབ་བར་རྐང་ཐང་ལ་སོང་དང་། ཉིན་གཉིས་བ་དེར་ཐབས་ལམ་གཞན་ཞིག་འཚོལ་བ་ལས་རང་གི་ལྟོ་དོན་ཡིན་ཡང་དཀའ་ཚེགས་ལ་མི་བཟོད་པ་རང་སེམས་ལ་གསང་བ་མིན། མི་སྐད་གོ་མཁན་ཚོར་བརྡ་ཙམ་ཡིན་ལ་རྟ་ནོར་ལུག་གསུམ་ལ་ཅི་ཡང་བཤད་རྒྱུ་མེད།
(དྲང་མོ་བཤད་ན་རང་ལུས་མེར་བསྲེགས་བཏང་བ་ལས་གསོན་པོར་འདི་འདྲའི་ལས་འགུལ་སྤེལ་ན་ནུས་པ་ཆེན་པོ་རེད)་་་་་སྐད་ཆ་འདི་བདེན་པ་རེད། འོན་ཀྱང་ངས་མ་ཤེས་པ་མིན་ན། འུ་ཚོའི་ནང་དུ་དེའི་སྐོར་ལ་བསམ་བློ་གཏོང་མཁན་མི་འདུག ཉེ་སྔོན་ཞིག་ལ་ངས་གོ་བ་ནི། འུ་ཚོའི་ནང་ན་ཆེད་དུ་ནུབ་གླིང་རིག་པར་ཞིབ་འཇུག་མཁན་རེ་ཡོད་རབས་དེ་རེད། དེ་ཚོའི་དམིགས་ཡུལ་ནི། ཆབ་སྲིད་གཙོ་བོ་གྱུར་བའི་རིག་གསར་དག་གི་ཁུངས་རག་ཆེད་ཡིན་འདུག དེས་ན་གླིང་ཚས། ནུབ་གླིང་གི་རིག་གསར་བ་ཚོ་ནང་བཞིན་ཡར་ལངས་བྱེད་ཀི་ཡོད་པ་ཡིན་དུས། དེ་ཚོའི་ཞིབ་འཇུག་གི་ཁ་ནང་ལ་འཁོར་ན་ཧ་ཅང་འཚམ་པོར་མཐོང་།
དགོས་པ་དང་རྒྱུ་མཚན་མེད་པར་སྔ་ཕྱི་འགལ་བ་ལ། མི་བུ་ཚོས་སྡང་སྐད་རྒྱག་སྲིད་ནའང། དེ་འདྲ་རྩ་ནས་མ་ཡིན་པ་ཞིག་ལ། སྨྱོན་པ་རེ་ཟུང་མ་གཏོགས་སུས་ཀྱང་ཅང་ཟེར་ནི་མ་རེད། དགོས་པ་དང་རྒྱུ་མཚན་ཅན་གྱི་སྔ་ཕྱི་མི་འདྲ་བ། སྟོན་པ་བཅོམ་ལྡན་འདས་ནས། ད་ལྟའི་རྒྱལ་ཚབ་དམ་པ་ཡིད་བཞིན་ནོར་བུ་མཆོག་གིས་ཀྱང་། ལན་གྲངས་མང་པོར་གནང་མྱོང་ཡོད། དེ་ནི་ཐབས་དང་ཤེས་རབ་ཅན་གྱི་སྐྱེས་ཆེན་ཚོའི་མཛད་ཁྱད་ཅིག་ལས། གཞན་ཅི་ཡང་མིན་པར་བདག་གིས་འདོད།
ངོ་མ་རེད། ད་ལྟའི་བོད་ཀྱི་ཤི་གསོན་ཆ་མི་འཚལ་བ་སྟེ། ཆེས་ཛ་དྲག་གི་གནས་སྟངས་འདི་མ་བཟོད་ནས་སྐྱེས་ཆེན་ཁོང་། རང་ཉིད་རང་སྐྱ་ཐུབ་པའི་ངང་ནས་ལམ་ལ་བུད་པ་རེད། འགྲེལ་བཤད་འདི་ཕྱི་སྡོད་བོད་མི་སུ་ཞིག་ལ་དགོས། རྩ་ནས་མི་དགོས་ནའང། འུ་ཚོས་ཡང་དང་བསྐྱར་དུ་འདི་དང་འདིའི་རིགས་ལ་འདང་བརྒྱབ་ནས། སོ་སོར་ཚོར་བ་ཡོད་པ་བཟོ་རྒྱུ་ནི་གལ་ཆེ་ཤོས་དེ་འདོད། ད་རུང་། ཐ་ཤལ་བ་ཚོའི་བསམ་བློར། སྙན་གྲགས་དང་ཁེ་སང་གི་ཆེད་རེད་སྙམ་པ། རྣམ་རྟོག་དྲི་མ་ཁ་བ་རེ་ཡོད་ནའང་། དེའི་རིགས་རང་སར་བཞག་པས་ཆོག་མོད། འོན་ཀྱང་ཁོང་གི་ཡོན་ཏན་གྱི་གཤིས་དེ། སྨྲ་དང་ཉན་ལ་སྤྲོ་བ་ཆེ་བ་ནི། གནས་ལུགས་ལ་དགའ་བའི་མི་ཚོའི་ཐུན་མོང་གི་དེ་ཉིད་ཡིན་ཕྱིར། བདག་གིས་ཅིས་ཀྱང་འགྲིག་འདུག་ཟེར་གྱིན་ཡོད་ལགས། གོང་དུ་ངས། སྐྱེས་ཆེན་ཁོང་རང་ཉིད་རང་སྐྱ་ཐུབ་པའི་ངང་ནས་ལམ་ལ་བུད་པ་རེད་ཟེར་དོན། ཁྱོས། ཁོང་གི་མི་ཚེ་བློས་བཏང་གི་ཞི་བའི་འཐབ་རྩོད་དང་། དེའི་ཆ་ཤས་ཡོད་དོ་ཅོག་གི་ངོས་ནས་ལྟོས་ད། ང་ལས་དབང་རྟུལ་ཞིག་མེད་ནའང་ངས་ཤེས་ཀྱི་ཡོད། དེའི་ཕྱིར།
ཚེ་འདི་བློས་བཏང་དེ་བཞིན་དམ་བཅའ་ཡི།
སྔོན་མེད་ཞི་བའི་འཐབ་རྩོད་འདི་དང་དེའི།
ཆ་ཤས་ཇུས་བཟང་མང་པོ་གསར་གཏོད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་དར་ཆ་ཡིན། འདི་འདྲ་ཞིག་ངས་བྲིས་མྱོང་།
ཆུ་ལ་མདོག་མེད་པ་བྱིས་པ་ལོ་བརྒྱད་ཀྱིས་ཀྱང་ཤེས་བཞིན་དུ་སྔོན་མོ་ཞེས་འུད་སྒྲོགས་མཁན་པ་ཁྱེད་རང་འབྱུང་བའི་རང་བཞིན་གང་ཡིན་པ་ངོས་བཟུང་ཐུབ་ན་གླེང་སྟེགས་འདིར་ཕེབས་ལོ། གཞན་དགྲ་དར་འཕྱར་མཁན་རྒྱུག་ཁྱི་ལ་དཔའ་བོ་ཨེ་་་
གླིང་་ཚ་དང་པོ་ཁོ་གང་ནས་འཇུ་བཟུང་བྱས་ན་དེ་གོམ་བགྲོས་འགོ་འཛུགས་ཀྱིན་ཟེར། ད་ཡང་ཁོས་རྦད་དེ་འགྱུར་བ་བཏང་ཏེ། གོམ་བགྲོས་གཉིས་པ་རྡ་རམ་ས་ལ་ནས་འགོ་འཛུགས ད་དུང་གསུམ་པ་་་་བཞི་པ།།།།།།ཚང་མ་དེ་ག་རང་རེད་ལོ།
མར་མེ་ཁྲོམ་བསྐོར་ལ་འགྲོ་རྒྱུ་མ་བྱུང་ཀྱང་། མི་རིགས་ལ་གནོད་པའི་བྱ་བཏིལ་འབྲུ་ཙམ་ངས་མི་བྱེད།
གླིང་ཚ་གུས་འདུད་དང་རྒྱབ་སྐྱོར་གྲངས་མེད་ཞུ།
ཁ་པར་ལ་བེད་སྤྱོད་གཏོང་ཀྱིན་ཡོད་པའི་མང་པོ་འབྲི་དགོས་ན་དཀའ་ངལ་འདུག་འཚམས་འདི་ནས་འཇོག
འུ་ཚང་ལ་སྔ་མོ་ནས་འདི་འདྲའི་མི་མང་པོ་བྱུང་མྱོང་ཡོད་པ་རེད་་་མི་གཅིག་གིས་རླབས་ཆེན་གྱི་ལས་ཀ་བྱ་སར་ཕྲག་དོག་གིས་བསླངས་ནས་སྐད་ཆ་འདྲ་མིན་དང་བརྙོན་འཛུགས་ཀྱི་བྱ་སྤྱོད་མང་པོ་སྤེལ་བྱེད་མཁན་འུ་ཅག་བོད་པ་ཚང་ལ་ཡོད་པ་རེད་་་་་གལ་སྲིད་གླིང་ཚས་རང་ལུས་མེར་བསྲེགས་བཏང་བ་ཡིན་ན་དཔའ་བོ་ཞེས་ཉིན་ཤས་རིང་ཧང་སང་མདོག་བྱེད་གི་རེད་་་དྲང་མོ་བཤད་ན་རང་ལུས་མེར་བསྲེགས་བཏང་བ་ལས་གསོན་པོར་འདི་འདྲའི་ལས་འགུལ་སྤེལ་ན་ནུས་པ་ཆེན་པོ་རེད་་་་་རྡོ་རྗེ་ཚེ་རིང་ཟེར་བ་དེ་ཡང་ཕྲག་དོག་གིས་ཚིག་ནས་ཡོད་ས་རེད་་་་རང་ངོས་ནས་དུས་ཚོད་གཅིག་གི་མར་མེ་ཁྲོམ་སྐོར་ཞིག་ལའང་འགྲོ་ཐུབ་ཀྱི་ཡོད་མེད་ལ་བསམ་བློ་ཐོངས་དང་་་་་གླིང་ཚ་ང་ཚོ་བོད་མི་ས་ཡ་དྲུག་གི་ཆེད་དུ་འགྲོ་གི་ཡོད་པ་ལས་ཁོང་སྒེར་གྱི་འཚོ་བར་དཀའ་ངལ་འཕྲད་ནས་དེའི་ཆེད་དུ་འགྲོ་གི་མེད་བཤད་ཅི་དགོས་་་་དངོས་གནས་སྐྱོ་དགོས་པ་ཞིག་རེད་་་་ནམ་ཡིན་ཡང་མི་རེ་ཟུང་གི་བྱེད་ལས་ཀྱིས་བོད་སྤྱི་བའི་ལས་དོན་ལ་དོ་ཕོག་གཏོང་གི་འདུག་པས་ཡིད་སྐྱོ་བ་ཞིག་རེད་་་བསམ་བློ་ཡག་པོ་གཏོང་དགོས་པ་རེད་
ངའི་བསམ་ཚུལ་ལྟར་ན། སོ་སོའི་ངོ་མ་གང་བསམ་གྱི་ཡོད་ན། དེ་བཤད་ན་འགྲིག་ཀི་འདོད། གཞན་བསམ་གཟས་ནས་ལོག་བཤད་དང་། ངན་བྱས་ན་དེ་དོན་དག་ཅི་ཞིག་འདུག་་་་
རྒྱུག་ཁྱི་དཔའ་བོར་རློམས་པ་དང་། གཟིག་ལྤགས་བོང་གོན་སྒྲུང་ཨེ་འདྲ་རེད།
རེད། གངས་ཅན་པ་ཚོས་ཤེས་དགོས་པ་མང་པོ་ཞིག་མ་ཤེས་པའི་རྐྱེན་ཀྱིས། ད་ལྟའི་སྡུག་འདི་ཡོད་ཚད་མགོ་ལྷུང་བ་རེད། གནད་དོན་འདི་གཞིས་བྱེས་བོད་མི་མང་པོ་ཞིག་གིས་ཁས་འཆེ་ཡང་། གལ་ས་ཐུག་དུས་གྲག་འགུལ་མེད་པར་ལྷོད་ནས་སྡོད་ཀྱིན་པའི་འགྲོ་ལུགས་འདིས། ང་ཚོའི་རང་ས་རང་ཡུལ་འདིའི་མི་བུ་གྲངས་ཅན་ཞིག་གི་སེམས་ཀྱི་འོད་ཟེར་དང་། ལུས་ཟུངས་ཀྱི་དཀའ་སྤྱད་ཞིམ་པོ་དེའང་ཁ་གྲངས་ཅན་ཞིག་ཆུད་ཟོས་སུ་བཏང་ཡོད། དོན་རྐྱེན་འདིའི་འབྱུང་ཁུངས་ངོ་མ་ནི། ང་ཚོར་དབུ་ཁྲིད་མཁན་མ་ཡོད་པས་ག་ལ་ཡིན། ང་ཚོར་སྙིང་སྟོབས་སྩོལ་མཁན་མ་ཡོད་པས་ག་ལ་ཡིན། ང་ཚོར་བློ་འབྱེད་གནང་མཁན་མ་ཡོད་པས་ག་ལ་ཡིན། ཡིན་རྒྱུ་ཚང་མ་སྟེ། ང་ཚོས་སུ་ཞིག་ལ་ནུས་ཤུགས་སྤྲད་མ་ཐུབ་པ་དེ་ཡིན། ང་ཚོས་སུ་ཞིག་ལ་སེམས་གཏིང་ནས་ཁ་མིག་ཡར་ལྟ་བྱ་མ་ཐུབ་པ་དེ་ཡིན། ང་ཚོས་སུ་ཞིག་ལ་མཐུས་ཚང་རྒྱབ་སྐྱོར་དག་མ་བགྱི་མ་ཐུབ་པ་དེ་ཡིན། ད་ནི་སྔར་ཉེས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་འདྲ་མི་བགྱི་བར་སྡོམ་པའི་ངང་ནས། མི་རབས་ཅིག་གི་མགོ་བོ་ཡར་འགྱོག་རྒྱུ་དེ་འཕྱི་མེད་ན་སྔ་རྩ་ནས་མེད། དོན་དག་འདི་འདྲ་ཞིག བདག་བླུན་པོས་ཀྱང་གསལ་གསལ་རྗེན་རྗེན་རང་ཤེས་ནས་ཡོད་དོ།།
(ཞིབ་ཏུ་བསམ་ན་ང་ཚོས་འུར་ཆེན་པོའི་གླེང་གིན་པའི་བཙན་པོའི་སྙིང་སྟོབས་ཀྱང
གླིང་ཚའི་སྙིང་སྟོབས་དང་བསྡུར་ན་ཆེས་སྤྱིར་བཏང་བའི་སྙིང་སྟོབས་ཤིག
འོན་ཀྱང་ངས་སྒོར་གཅིག་གི་ཞལ་འདེབས་ཕུལ་མ་ཐུབ་རུང
ཉིན་གཅིག་གི་མཉམ་བསྐྱོད་བྱེད་མ་ཐུབ་རུང
ཁྱེད་ཀྱི་སྙིང་སྟོབས་ལ་སྨོན་པ་ཙམ་ཡང
ཁྱེད་ཀྱི་ལྷག་བསམ་ལ་དུང་བ་ཙམ་ཡང
ཁྱེད་ཀྱི་བློས་བཏང་ལ་མཚར་བ་ཙམ་ཡང
ང་ལ་མཚོན་ན་རིན་བྲལ་ནོར་བུ་ཞིག) ངོ་མ་རེད། བདག་གིས་ཀྱང་དེ་བཞིན་རང་གི་རིན་པོ་ཆེ་ཞིག་ལ་གཅེས་སྤྲས་བྱས་ནས་འགྲོ་བཞིན་ཡོད་ལགས།
ཆེས་ཡིད་ལ་ཞིམ་པའི་སྐད་ཆ་ཞིག ངའི་མིག་དྲ་ཐོག་ལ་ཉུལ་ཉུལ་ནས་ད་བར་འདི་འདྲའི་སྐད་ཆ་ཞིག་དེ་རིང་མ་གཏོགས་རག་མ་མྱོང་། དེ་ནི་ཏག་ཏག་ཁྱེད་ཀྱིས་རྩོམ་ཐུང་སྡེར་མ་འདིའི་ནང་དུ་དཔའ་གླིང་གཅིག་པོ་སྤུས་གཙང་ཞིག་ཁུར་ཡོང་བས་ཡིན་པ་འདྲ། ངོ་མ་བདེན་པ་རེད། དཔའ་གླིང་ནི་མི་སྒེར་རང་ག་བ་ཞིག་དང་། ཚོགས་པ་ག་གེ་མོ་ཞིག་གི་ཡིན་མི་སྲིད་ལ། དེ་འདྲ་ཞིག་གིས་ད་བར་ཁོང་ལ་ཅི་ཡང་བྱས་མེད་པའང་བདག་གིས་འདོད་ཀྱིན་ཡོད། རེད། ཅི་ཡང་བྱས་མེད་པ་བདག་གིས་འདོད་ཀྱིན་ཡོད་ཟེར་དོན། ཁོང་གི་མི་ཚེ་བློས་བཏང་གི་ཞི་བའི་འཐབ་རྩོད་སྤྱི་དང་། བྱེ་བྲག་དེའི་ཆ་ཤས་ཡོད་དོ་ཅོག་གི་ངོས་ནས་ཡིན། དེ་ཡང་བདེན་ཏེ། དཔའ་གླིང་དང་དཔའ་གླིང་གི་ཡོད་ཚད། ཆབ་སྲིད་ངོས་ནས་ཡིན་རུང་། བསམ་བློའི་ངོས་ནས་ཡིན་རུང་། ལག་ལེན་ངོས་ནས་ཡིན་རུང་། གསོན་ཤུགས་གསར་པ་ཞིག་དང་དབུ་ཁྲིད་གཞན་ཞིག་ཡིན་པས་ན། མིག་མི་འཛུམ་བུ་རྒོད་པོ། ཁྱེད་ཀྱིས་ད་དུང་དཔའ་གླིང་ཚོལ་་་་་སྐུ་མཁྱེན།
དངོས་གནས་བཤད་ན་ཁོང་གི་བློས་བཏང་འདི་བློ་ཡུལ་ལས་འདས་བའི་བློས་བཏང་ཞིག་ཡིན་པ་དང་ཁོང་ང་ཚོས་ཆེད་དུ་འདི་ལྟར་བསྐྱོད་ཀྱིན་པ་དང་། ང་ཚོ་ལ་འདི་འདྲའི་མི་ཞིག་ཡོད་པ་ང་ཚོའི་གཟི་བརྗིད་དང་བསོད་ནམས་ཡིན་པ་འུ་ཚོས་ངེས་པར་དུ་ཤེས་དགོས། ཁོང་གི་རླབས་ཆེན་གྱི་ལས་འགུལ་འདིར་གཞུང་དང་མི་དམངས་ཀྱི་ངོས་ནས་རྒྱབ་སྐྱོར་ཅི་ཙམ་བྱེད་དགོས་པ་དེ་འཐུས་ཤོར་མ་འགྲོ་ཞིག་གནང་རྒྱུ་ཧ་ཅང་གལ་ཆེན་རེད། རྗེས་མར་འུ་ཚོས་རྒྱབ་སྐྱོར་བྱེད་དགོས་བསམ་ནའང་འདི་འདྲའི་རྒྱབ་སྐྱོར་བྱེད་ས་ཞིག་རེག་གི་མ་རེད། ཚོགས་པ་ཁག་གིས་ཕྱོགས་བཞི་མཚམས་བརྒྱད་ལ་ཕྱག་བརྐྱངས་ནས་རེག་པ་དེ་ཚོའང་འདི་འདྲ་ལ་བཏང་ན་འོས་པ་དང། དགོན་སྡེ་ཁག་ན་གོམ་བགྲོད་ལ་མཉམ་ཞུགས་བྱེད་པར་སྤྲོ་བ་ཡོད་པའི་དགེ་འདུན་པ་དང་བཙུན་མ་ཚོའང་འདིར་ཉིན་ཤས་དང་བདུན་ཕྲག་འགའ་ཤས་ལ་མཉམ་ཞུགས་བྱེད་རྒྱུ་དང་། གཞན་མི་སྒེར་བ་སུ་འདྲ་ཡིན་ཡང་ཉིན་ཤས་ལས་མ་བྱུང་ནའང་མཉམ་ཞུགས་རེ་གནང་རྒྱུ་གལ་ཆེན་རེད་སྙམ་གི།
ས་ཡ་དྲུག་གི་བུ
གླིང་ཚ་ཚེ་བརྟན་རྡོ་རྗེ
ཁྱོད་འདི་ལྟར་བཞུད་ཀྱིན་པ་ནི
ཇི་འདྲའི་བླ་མེད་ཀྱི་སྙིང་སྟོབས་ཤིག
ཟླ་མེད་ཀྱི་ལྷག་བསམ་ཞིག
འདི་ནི་མི་རང་ག་བ་ཞིག་གི་བློ་ཡུལ་ལས་འདས་པའི་མཛད་སྤྱོད་ཅིག
འོན་ཀྱང་དཔལ་འབྱོར་དང་སྙིང་སྟོབས་ཀྱིས་དབེན་པའི་ང་དང་ང་ལྟ་བུས
ཡི་རང་དང་བསྔགས་བརྗོད་ཙམ་ལས་ཅི་ཞིག་བསྒྲུབ་ནུས
རེད་ཁྱོད་ལ་དགོས་པ་ནི་ཡི་རང་དང་བསྔགས་བརྗོད་མ་ཡིན་ལ།
དཔལ་འབྱོར་དང་ཁེ་ཕན་དེ་ལས་ཀྱང་མ་ཡིན་མོད།
ཁ་ནང་དུ་བསྐོར་ནས་བསམ་ན
མགོ་ནང་དུ་གུག་ནས་གཞིགས་ན
ངས་ཁྱོད་ཀྱི་སྙིང་སྟོབས་དང་ལྷག་བསམ་གྱི་ཟུར་ཞིག་མཐོང་གི
རང་ལས་གཞན་གཅེས་དང་གཞན་དོན་ཁུར་འཁྱེར་སོགས་ཀྱང
ཆོས་གཞུང་གི་ཐ་སྙད་སྐམ་པོ་ཙམ་མ་ཡིན་པའི་ངེས་ཤེས་སྐྱེ་གི
ཞིབ་ཏུ་བསམ་ན་ང་ཚོས་འུར་ཆེན་པོའི་གླེང་གིན་པའི་བཙན་པོའི་སྙིང་སྟོབས་ཀྱང
གླིང་ཚའི་སྙིང་སྟོབས་དང་བསྡུར་ན་ཆེས་སྤྱིར་བཏང་བའི་སྙིང་སྟོབས་ཤིག
འོན་ཀྱང་ངས་སྒོར་གཅིག་གི་ཞལ་འདེབས་ཕུལ་མ་ཐུབ་རུང
ཉིན་གཅིག་གི་མཉམ་བསྐྱོད་བྱེད་མ་ཐུབ་རུང
ཁྱེད་ཀྱི་སྙིང་སྟོབས་ལ་སྨོན་པ་ཙམ་ཡང
ཁྱེད་ཀྱི་ལྷག་བསམ་ལ་དུང་བ་ཙམ་ཡང
ཁྱེད་ཀྱི་བློས་བཏང་ལ་མཚར་བ་ཙམ་ཡང
ང་ལ་མཚོན་ན་རིན་བྲལ་ནོར་བུ་ཞིག