མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅན་ཚ་ས་ཁུལ་གྱི་བོད་པའི་སློབ་གྲྭའི་གནས་སྟངས་ཇེ་ཞན་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་གཅན་ཚ་ས་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་སློབ་ཚན་རྒྱ་ཡིག་ཐོག་གཏན་འབེབས་བྱས་རྗེས་སློབ་ཕྲུག་མང་པོས་མཐོ་རྒྱུགས་མ་འཕྲོད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། བོད་ཡིག་དགེ་རྒན་ཚོའི་ལས་ཀའི་ཐོག་ལའང་དཀའ་ངལ་འཕྲད་མགོ་ཚུགས་ཡོད་འདུག

གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་གཅན་ཚ་རྫོང་མི་རིཊ་སློབ་འབྲིང་གི་སློབ་ཟུར་ཞིག་ལ། ༢༠༡༡ ལོར་རྒྱ་གཞུང་གིས་མཚོ་སྔོན་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཚན་རྣམས་རྒྱ་ཡིག་ཐོག་འཁྲིད་སྤེལ་བྱ་དགོས་པ་ཁྱབ་བསྒྲགས་བྱས་རྗེས། བོད་པའི་སློབ་ཕྲུག་མང་པོས་ཞི་བའི་ཡར་ལངས་བྱས་སྐབས་ཀྱི་གནས་ཚུལ་དང་། ད་ལྟའི་གནས་བབ་གང་འདྲ་ཡོད་མེད་ཐད་རྒྱུས་ལོན་བྱས་པ་ལྟར་ན། དེང་སྐབས་གཅན་ཚ་རྫོང་ཐོག་ཏུ་མི་རིཊ་སློབ་འབྲིང་དང་པོ་དང་གཉིས་པ། རྒྱ་ཡིག་སློབ་འབྲིང་བཅས་གསུམ་ཡོད་ཅིང་། དེའི་ཁྲོད་མི་རིཊ་སློབ་འབྲིང་ནང་སྐྱོད་མཁན་མང་ཆེ་བ་བོད་རིཊ་ཞིང་འབྲོག་གི་ཕྲུ་གུ་དང་། བ་ཡན་དང་རྫོང་ཁག་གཞན་ནས་ཡོང་བའི་བོད་པའི་ཕྲུ་གུ ས་གནས་ཁ་ཆེའི་སློབ་ཕྲུག་སོགས་ཡིན་ཞིང་། མི་རིཊ་སློབ་འབྲིང་དེ་གཉིས་ནང་སློབ་མ་ ༣༠༠༠ དང་དགེ་རྒན་ ༡༢༠ ཡས་མས་རེ་ཡོད་པ་དང་། རྒྱའི་སློབ་འབྲིང་ནང་སློབ་ཕྲུག་ ༢༥༠༠ ཡོད་པའི་ཁྲོིད་སློབ་མ་ ༥༠༠ ཙམ་རྫོང་ཐོག་གི་བོད་རིཊ་ལས་བྱེད་པའི་ཕྲུ་གུ་ཆཊ་ཡོད་འདུག རྒྱ་ཡིག་སློབ་འབྲིང་དེའི་སྦྱང་གཞི་ཚང་མ་རྒྱ་ཡིག་ཁོ་ན་ཡིན་པར་མ་ཟད། བོད་རིཊ་སློབ་མའི་སྤུས་ཚད་དང་མི་རིཊ་ལར་ཞན་ཡང་མི་རིཊ་སློབ་འབྲིང་སློབ་མ་དང་བསྡུར་ཧ་ཅང་སྐྱོ་བོ་ཡིན་འདུག

སྔོན་མ་མི་རིཊ་སློབ་འབྲིང་གཉིས་ནང་བོད་རིཊ་སློབ་ཕྲུག་གང་མང་བསྡུ་བཞིན་ཡོད་པ་དང་། ཁ་ཆེ་སློབ་ཕྲུག་ཚོར་ཡང་བོད་ཡིག་སློབ་སྦྱོང་སྤྲོད་བཞིན་ཡོད་ཀྱང་། ༢༠༠༣ ལོར་གཅན་ཚ་རྫོང་སྲིད་གཞུང་གིས་བཙན་ཤེད་ཀྱིས་སྲིད་བྱུས་གསར་པ་གཏན་འབེབས་བྱས་ཏེ། འཛིན་རིམ་ ༧ ནས་ ༩ བར་ཁྱོན་སློབ་ཚན་ ༡༢ ཡོད་པའི་ཁྲོད། རྒྱ་ཡིག་དང་དབྱིན་ཡིག རྫས་འགྱུར། དངོས་ལུགས། ས་ཁམས། ཆབ་སྲིད་སློབ་ཚན་བཅས་རྒྱ་ཡིག་ནང་ཁྲིད་དགོས་ཤིང་། འཛིན་རིམ་ ༡༠ ནས་ ༡༢ བར་སློབ་ཚན་ ༡༤ ཡོད་པའི་ཁྲོད། བོད་ཡིག་དང་དབྱིན་ཡིག་ལས་གཞན་ཚང་མ་རྒྱ་ཡིག་ཐོག་བསླབ་དགོས་པ་བཟོས་འདུག

དམའ་འབྲིང་སློབ་གྲྭའི་ནང་བོད་ཡིག་གཙོར་བཟུང་བྱས་པའི་སློབ་ཕྲུག་ཚོ་མཐོ་འབྲིང་དུ་བསླེབས་སྐབས། སློབ་ཚན་མང་ཆེ་བ་རྒྱ་ཡིག་ནང་འཁྲིད་ཀྱི་ཡོད་སྟབས་ནང་དོན་མགོ་མ་འཚོས་པ་དང་། དབྱིན་ཡིག་སློབ་ཚན་གཙོ་བོའི་གྲས་སུ་བཞག་སྟེ་མཐོ་རྒྱུཊ་ནང་སྐར་མ་ ༦༠ ལོན་དགོས་པ་བཅས་ཀྱིས། ད་ཆར་སྐད་ཡིག་གསུམ་ལ་ཚད་ལྡན་དང་། ལྷག་པར་དུ་རྒྱ་ཡིག་ཡག་པོ་ཡོད་པའི་སློབ་ཕྲུག་ཉུང་ཤས་ཤིག་མ་གཏོཊ་མཐོ་རྒྱུགས་འཕྲོད་ཀྱི་མེད་པ་དང་། འགའ་ཞིག་སློབ་གྲྭ་ཁུངས་མ་འཁྱོལ་བར་ཟི་ལིང་དང་ཆབ་ཆའི་སྒེར་གཉེར་ལག་ཤེས་སློབ་གྲྭ་དང་། བོད་སྨན་ཆེད་སྦྱོང་སློབ་གྲྭ་སོགས་སུ་སྐྱོད་བཞིན་ཡོད་འདུག  

ཡང་ཁོང་གིས་གཅན་ཚའི་སློབ་གྲྭ་ཁག་ཏུ་བཟང་ཕྱོཊ་གནས་ཚུལ་ཞིག་ཡོད་པ་ནི། དེ་སྔ་ཡིན་ན་གཅན་ཚ་ས་ཁུལ་དུ་གཞི་རིམ་འཛིན་གྲྭ་དང་པོ་ནས་བཟུང་སློབ་ཕྲུག་ཚོས་གཞུང་ལ་སློབ་ཡོན་སྤྲོད་དགོས་པར་མ་ཟད། སློབ་ཡོན་དེའང་ལོ་རེ་བཞིན་འཕར་བཞིན་ཡོད་ཅིང་། དེང་སྐབས་སློབ་ཆུང་འཛིན་རིམ་དང་པོ་ནས་དགུ་བའི་བར་སོ་སོའི་ལྟོ་དོད་ཙམ་ལས་སློབ་ཡོན་སྤྲོད་མི་དགོས་པའི་ཐོག སློབ་གྲྭའི་འཛུཊ་སྐྲུན་དང་སློབ་མའི་མཁོ་ཆས་སྔོན་མ་དང་བསྡུར་ན་ཡར་རྒྱས་ཕྱིན་ཡོད་ཀྱང་། མཐོ་འབྲིང་འཛི་རིམ་དང་པོ་ནས་སློབ་མའི་སློབ་ཡོན་དང་སྐད་ཡིག་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། སྐབས་རེར་སློབ་ཕྲུག་རེས་དཔེ་དེབ་དང་འབྲི་དེབ། ཁང་གླ། གློག་རིན། ཆུ་རིན། འགན་ལེན། འཕྲོད་བསྟེན་སོཊ་ཀྱི་ཆེད་སློབ་ཡོན་རྒྱ་སྒོར་ ༡༠༠༠ ཡས་མས་སྤྲོད་དགོས་ཤིང་། མཐོ་སློབ་ཏུ་སྐྱོད་སྐབས་ལོ་རེར་རྒྱ་སྒོར་ཁྲི་བརྒལ་བ་སྤྲོད་དགོས་སྟབས། འབྲེལ་བ་ཡག་པོ་ཡོད་མཁན་ཚོར་སློབ་ཡོན་བུན་གཏོང་རག་གི་ཡོད་ཀྱང་། འབྱོར་འཁོས་ཞན་པའི་རིགས་ལ་སློབ་ཡོན་དུས་ཐོག་སྤྲོད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

མཇུག་ཏུ་ཁོང་གིས་ ༢༠༡༡ ལོར་གཅན་ཚ་མི་རིཊ་སློབ་འབྲིང་གི་སློབ་ཕྲུག་ཚོས་བོད་སྐད་ཡིག་རང་དབང་ཐོག་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཐད། སྐབས་དེར་གཅན་ཚ་རྫོང་སྲིད་གཞུང་དང་རིག་གནས་སྡེ་ཚན་གཉིས་ཀྱིས་སྔ་རྗེས་སུ། མི་རིཊ་སློབ་འབྲིང་གི་བོད་ཡིག་བསླབ་གཞི་ཡོངས་རྫོཊ་དང་སློབ་ཆུང་བསླབ་གཞི་རྣམས་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པའི་ཡིག་ཆ་འགྲེམས་སྤེལ་བྱས་སྟབས། མི་རིཊ་སློབ་འབྲིང་གཉིས་པའི་སློབ་ཕྲུག་ཚོས་རྫོང་སྲིད་གཞུང་གི་སྒོ་ཁར་སྐད་ཡིག་རང་དབང་ཐོག་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། སྐབས་དེར་མི་རིཊ་སློབ་འབྲིང་དང་པོའི་སློབ་ཕྲུག་ཚོས་རྒྱབ་ལངས་བྱེད་སྐབས། སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཚོས་སློབ་གྲྭའི་སྒོ་ཆེན་བརྒྱབ་སྟེ་ཕྱི་ལོཊ་སུ་འགྲོ་བཅུག་མེད་སྟབས་གནས་ཚུལ་ཆེན་པོ་ལྷག་མ་སོང་ཡང་། སློབ་ཕྲུག་མང་པོ་ཞིག་ངུས་ཏེ་སློབ་ཚན་རྣམས་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་ན་སློབ་གྲྭ་འགྲོ་རྒྱུ་མིན་ཞེས་སྐད་འབོད་བརྒྱབ་སོང་ཟེར།

གསར་འགོད་པས་ཁོང་རྒྱ་གར་དུ་ཡོང་དོན་གཙོ་བོ་ཅི་ཡིན་སྐོར་དྲིས་པར། “ང་རང་བོད་ནས་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་ཡིན། རྒྱ་ཡིག་ཡག་པོ་མེད་སྟབས་མཐོ་རྒྱུཊ་ནང་ཚུད་མ་སོང་། གལ་སྲིད་མཐོ་རྒྱུཊ་ནང་ཚུད་ཀྱང་སློབ་ཆེན་མཐར་ཕྱིན་ན་ལས་ཀ་རག་གི་མ་རེད། མ་གཞི། དེང་སང་དམའ་འབྲིང་ནས་མཐོ་འབྲིང་དུ་ཡིག་རྒྱུཊ་འཕྲོད་རྒྱུ་དེ་སློབ་གྲྭ་ཆེན་མོར་ཡིག་རྒྱུཊ་འཕྲོད་རྒྱུ་ལས་ཀྱང་དཀའ་མོ་རེད། དཔེར་ན། གཅན་ཚ་མི་རིཊ་སློབ་འབྲིང་གཉིས་ཀྱི་ནང་དམའ་འབྲིང་གསུམ་པའི་འཛིན་གྲྭ་ ༡༤ ཡོད་པའི་ནང་མཐོ་འབྲིང་དང་པོར་འགྲོ་སྐབས་འཛིན་གྲྭ་ ༡༠ མ་གཏོཊ་ལེན་གྱི་མེད་སྟབས། འཛིན་གྲྭ་ལྷག་མ་ ༤ ཡི་སློབ་མ་ ༢༠༠ འགྲོ་ས་མེད་པ་ཆཊ་ཀྱི་ཡོད། ང་རང་གིས་དབྱིན་ཡིག་སྔོན་མ་ནས་ཅུང་ཙམ་ཤེས་ཀྱི་ཡོད། ད་ཐེངས་ཆེད་དུ་རྒྱ་གར་ལ་དབྱིན་ཡིག་སྦྱང་དུ་ཡོང་བ་ཡིན། དབྱིན་ཡིག་ཡག་པོ་ཞིག་སྦྱངས་རྗེས་ཕྱིར་བོད་དུ་ལོག་རྒྱུ་ཡིན ”ཞེས་བརྗོད་བྱུང་།   

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese