མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཇག་གི་འཇབ་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་དྲ་ཚིགས་དྲ་ཇག་གི་འཇབ་རྒོལ་ལས་འཐར་ཏེ་བསྐྱར་དུ་ཤར་གཏོང་བྱས་པ་དང་། བོད་ཀྱི་དུས་བབ་ཟིན་བྲིས་སྔར་རྒྱུན་བཞིན་དྲ་ཚིགས་མདུན་ངོས་འོག་ཏུ་འཆར་ཐུབ་པ་བཟོས་འདུག

ཟླ་འདིའི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༠༦ སྟེང་ཨ་རིའི་བརྡ་འཕྲིན་ཞིབ་འཇུག་ལས་ཁུངས་ཤིག་གི་གློག་ཀླད་མཆེད་མཁས་པ་སི་ཊ་བེན་ལགས་ཀྱིས། ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་གློག་ཀླད་སྡེ་ཚན་བརྒྱུད་དེ། འདི་ག་དུས་བབ་གསར་ཁང་ལ་གློག་འཕྲིན་ཞིག་འབྱོར་བའི་ནང་། བོད་ཀྱི་དུས་བབ་དྲ་ཚིགས།(tibettimes[.]net)དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་།(tibetonline[.]tv) གཉིས་ནང་དཀའ་རྙོག་མང་པོ་ཞིག་འཕྲད་ཉེན་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་དུས་བབ་དྲ་ཚིགས་ལ་དྲ་ཇག་གིས་གཏོར་རྒོལ་གཏོང་འཆར་འདུག་སྟབས། གང་མགྱོགས་དེ་ལ་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་དགོས་ཚུལ་གྱི་ཉེན་བརྡ་ཞིག་འབྱོར་སོང་།

ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༤༠ པའི་སྟེང་གྷོ་གྷལ་(google)བཤེར་ཆས་བརྒྱུད་ཐད་ཀར་བོད་ཀྱི་དུས་བབ་དྲ་ཚིགས་ཁ་འབྱེད་མི་ཐུབ་པ་ཆགས་ཤིང་། གྷོ་གྷལ་བཤེར་ཆས་ཀྱིས་“ བོད་ཀྱི་དུས་བབ་དྲ་ཚིགས་ནང་དྲ་ཇག་སིམ་འཛུལ་བྱས་འདུག་སྟབས། གང་མགྱོགས་འབྲེལ་ཡོད་ཚོས་ཞིབ་འཇུག་གིས་སྒྲིག་སྦྱོར་བྱེད་དགོས” ཞེས་སྤྱི་བསྒྲགས་སྤེལ་སོང་། འདི་དང་མཉམ་དུ་བཙན་བྱོལ་ནང་གི་དྲ་ཚིགས་གཞན་ཁག་ཅིག་ལའང་དཀའ་ངལ་འཕྲད་ཡོད་འདུག

དེའི་རྗེས་སུ་འཛམ་གླིང་ཤར་ནུབ་གང་ས་ནས་བོད་ཀྱི་དུས་བབ་ཀློག་པ་པོ་ཚོས་ཁ་པར་དང་གློག་འཕྲིན་སོགས་འབྱོར་ཏེ། བོད་ཀྱི་དུས་བབ་དྲ་ཚིགས་ཁ་འབྱེད་མི་ཐུབ་ཚུལ་དང་། ཁ་ཤས་ཀྱིས་གློག་ཀླད་སྟེང་ནས་ཁ་འབྱེད་མི་ཐུབ་ཀྱང་ལག་ཁྱེར་ཁ་པར་ནང་བདེ་བླག་ཏུ་འབྱེད་ཐུབ་སྐོར་སོགས་བརྗོད་བྱུང་། ཡང་ཁག་ཅིག་གིས་དཀའ་རྙོག་འདི་རིགས་ཇི་ལྟར་འབྱུང་གི་ཡོད་མེད་དང་། དེ་སེལ་ཐབས་གང་འདྲ་ཡོད་མེད་ཀྱི་གནས་ཚུལ་དང་ལམ་སྟོན་གལ་ཆེན་རེ་ཟུང་ཡང་འབྱོར་སོང་།

འདི་ག་གསར་ཁང་གིས་ཞིབ་འཇུག་བྱས་འབྲས་སུ། དུས་བབ་དྲ་བར་གནོན་འཚེ་གཏོང་མཁན་ཁ་ཤས་ཡོད་པ་ལས། གཙོ་བོ་ཞིག་ཡའུ་ཁཱི་རན་རྒྱལ་ཁབ་(Ukranian)ནས་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་དྲ་ཚིགས་ཨ་མར་ཐེངས་དང་པོར་ཞིབ་འཇུག་བྱས་སྐབས། བོད་ཀྱི་དུས་བབ་དྲ་བར་ནམ་རྒྱུན་གནོད་སྐྱོན་བཟོ་མཁན་མང་པོ་ཞིག་ཡོང་གི་ཡོད་པ་ལས་གཙོ་བོ་གསུམ་ནི། ཨང་དང་པོ་ཡའུ་ཁཱི་རན་དང་། ཨང་གཉིས་པ་རྒྱ་ནག ཨང་གསུམ་པ་པ་ཀི་སི་ཐན་བཅས་ཡིན་པ་ཤེས་རྟོགས་བྱུང་ཡོད། 

ཐེངས་འདིར། དུས་བབ་ཟིན་བྲིས་སྡེ་ཚན་གྱི་མི་སྒེར་བ་ཞིག་གི་ཟིན་བྲིས་བརྒྱུད་དེ་དྲ་ཚིགས་ཨ་མར་འཇབ་རྒོལ་བྱས་ཡོད་པ་དང་། ཟིན་བྲིས་དེར་ཞིབ་འཇུག་བྱས་དོན་ལྟར་ན། ཟིན་བྲིས་དེའི་བདག་པོ་སྔོན་ཆད་རྒྱ་གར་ནང་ཡོད་ཀྱང་། ༢༠༡༡ ལོའི་མཇུག་ཏུ་བོད་ནང་ལོག་སྟེ་དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་ལས་ཀ་བྱེད་བཞིན་འདུག གློག་ཀླད་ཆེད་མཁས་པས་ངོས་འཛིན་ལྟར་ན། ཟིན་བྲིས་བདག་པོ་དེས་ཆེད་དུ་དུས་བབ་དྲ་བར་གནོན་འཚེ་བྱས་པ་ཞིག་མིན་པར། ཁོས་རྒྱ་ནག་ནང་དུ་བོད་ཀྱི་དུས་བབ་དྲ་ཚིགས་བསྔོགས་ཏེ་ཁོ་རང་གི་ཟིན་བྲིས་ཁ་འབྱེད་སྐབས། ཁོ་གང་དུ་ཡོད་པའི་གློག་ཀླད་དེ་དང་། ཡང་ན་གློག་ཀླད་དེར་མཐུད་ཡོད་པའི་བརྡ་འཕྲིན་སྐུད་ལམ་གྱིས་བོད་ཀྱི་དུས་བབ་ལ་གནོན་སྐྱོན་བཟོ་ཐབས་བྱས་པ་ཞིག་ཡིན་ཚུལ་བརྗོད་བྱུང་།

གཞན། ཉེ་ལམ་ཞིག་ནས་འདི་ག་གསར་ཁང་གིས་བོད་ཀྱི་དུས་བབ་དྲ་ཚིགས་བཟོ་བཅོས་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་དང་། དུས་བབ་དྲ་ཚིགས་མདུན་ངོས་འོག་ཏུ་དུས་བབ་༼ ཟིན་བྲིས་གསར་ཤོས༽ དང་། ༼ ཟིན་བྲིས་ཁྱབ་ཤོས ༽ འཆར་ས་དེ་མེད་པ་ཆགས་ཏེ་ཟླ་གཉིས་ལྷག་ཕྱིན་ཡོད་ཀྱང་། ད་རེབ་བསྐྱར་དུ་དུས་བབ་ཟིན་བྲིས་ཀྱི་བྱེད་ལས་ཁག་སྔར་རྒྱུན་བཞིན་འཆར་ཐུབ་པ་བཟོས་འདུག་པ་དང་། དེང་སྐབས་བོད་ཀྱི་དུས་བབ་ཟིན་བྲིས་ལ་བཟོ་བཅོས་གཏོང་གི་ཡོད་སྟབས། དུས་བབ་ཟིན་བྲིས་བ་དག་གིས་མཉམ་རུབ་ཡོང་བའི་འབོད་སྐུལ་བཅས་ཞུས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 17

  1. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    གཞི་བྱེས་བོད་ཀྱི་དུས་སུ་བབ་པའི་གཏམ།།
    འཛམ་གླིང་ཁྱོན་ཆེན་འགེངས་པའི་བཞད་སྒྲ་ཅན།།
    དྲ་ཇག་ཝ་སྐྱེས་གཡུལ་ལས་རྣམ་རྒྱལ་ནས།།
    སླར་ཡང་ང་རོ་ལྡིར་བ་སྲིད་ན་སྙན།།

    Reply
  2. གཅེར་བུ་པ། says:
    ལོ་ 13 སྔོན།

    དྲ་ཇག་གི་འཇབ་རྒོལ་ལས་ཐར་ཞིང་། ཟིན་བྲིས་ཀྱང་བསྐྱར་གཏོང་གནང་འདུག་པར་ཤིན་ཏུ་དགའ་བྱུང་། བཀའ་དྲིན་ཆེ།

    Reply
  3. ཕུར་བུ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་གཙོས་པའི་གསར་འགོད་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཁྱེད་ཅག་གི་གསར་འགྱུར་དེ་བཙན་བྱོལ་ནང་གི་གསར་འགྱུར་གཞན་ལས་ཁྱད་ཆོས་འབུར་དུ་ཐོན་པ་འདུག
    ད་རེས་ཁྱེད་ཅག་ཕ་རོལ་དགྲ་བོ་ལས་རྣམ་པར་རྒྱལ་བར་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ཁྱེད་ཅག་གིས་གཟབ་དགོས་ས་མང་པོ་ཞིག་ཡོད་རེད། ངས་བསམ་བློ་བཏང་ན་རྒྱ་ནག་ལས་བོད་པ་ནང་ཁུལ་ལ་གཟབ་དགོས། བཙན་བྱོལ་ནང་གི་ཆབ་སྲིད་པ་ཀླད་མེད་སྒེར་སེམས་ཅན་དག་ལ་དག་ལ་གཟབ་དགོས། ལྷག་པར་དུ་རྡ་རམ་ས་ལའི་ཉེ་འཁོར་དང་གངས་སྐྱིད་གསར་འགྱུར་ལས་ཁུངས་གཞན་དག་སོགས་ལ་གཟབ་དགོས། ངས་སྐད་ཆ་སྡུག་ཅག་བཤད་པ་མིན་འདི་དངོས་ཡོད་གནས་ཚུལ་ཡིན། དེ་ནས་ཐེངས་འདིར་ཁྱེད་ལ་བརྡ་ལན་སྐྱེལ་མཁན་ཨ་རིའི་གློག་ཀླད་ཆེད་མཁནས་པ་དེ་དང་བོད་ཁྱིམ་གློག་ཀླད་སྡེ་ཚན་སོགས་ལའང་ད་རེས་ཀྱི་གནས་ཚུལ་དེའི་རྒྱབ་ལྗོངས་ཞིབ་ཏུ་དྲི་བ་གཏོང་དགོས།

    Reply
  4. བློ་བཟང་། says:
    ལོ་ 13 སྔོན།

    ང་ཡང་བོད་ནང་དུ་ཡོད། དར་རྩེ་མདོ་ནས་བོད་ཀྱི་དུས་བབ་ཀློག་ཐུབ་ཀྱི་འདུག སྤྱི་ཟླ་གསུམ་པའི་ནང་ང་ལྷ་སར་ཡོད་སྐབས་བོད་ཀྱི་དུས་བབ་དྲ་ཚིགས་ཁ་ཕྱེ་ཐུབ་ཀྱི་མི་འདུག ཁ་སང་དེ་རིང་ངའི་གྲོགས་པོ་ཚོས་ལྷ་ས་ནས་ཀྱང་བོད་ཀྱི་དུས་བབ་དྲ་ཚིགས་ལྟ་ཐུབ་ཀྱི་འདུག་ཟེར་གྱི་འདུག གཞན་ཡང་ངའི་གྲོགས་མོ་ཞིག་རྒྱ་ཁོག་ན་ཡོད་པ་མོ་རང་གིས་བོད་ཀྱི་དུས་བབ་དྲ་ཚིགས་ལྟ་ཐུབ་ཀྱི་མི་འདུག་ལབ་བྱུང་། ང་རང་གིས་ངོ་ཤེས་པ་སློབ་མ་ཁ་ཤས་ཀྱིས་སྔོན་མ་ནས་ 自由門 ་བཀོལ་ནས་དུས་བབ་དྲ་ཚིགས་ཀློག་གི་ཡོད་ཟེར་གྱི་འདུག་དཀའ་ངལ་གང་ཡང་མི་འདུག་གསུང་གི་འདུག

    Reply
  5. ཁྲ་དོན་ལྡན། says:
    ལོ་ 13 སྔོན།

    དྲྭ་ཚིགས་སླར་གསོ་ཐུབ་པར་དགའ་བོ་བྱུང་། ཐུགས་རྗེ་ཆེ།

    Reply
  6. བཀྲ་ཤིས་རྒྱལ་མཚན། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་པ་ལགས། ང་རང་བོད་ནང་དུ་བསྡད་ཡོད་མཁན་ཞིག་ཡིན་ཞིང་། བོད་ཀྱི་དུས་བབ་དྲ་ཚིགས་ནམ་རྒྱུན་ལྟ་ཀློག་བྱེད་ཀྱིན་ཡོད་ཅིང་། ངའི་ཁོར་ཡུག་གི་ངོ་ཤེས་གྲོགས་ཕོ་མོ་མང་པོ་ཞིག་གིས་ཀྱང་ལྟ་ཀློག་བྱེད་ཀྱིན་འདུག དྲ་ཚིགས་ནང་གི་གསར་འགྱུར་དང་རྩོམ་ཡིག་དག་གི་ཐོག་ཁ་བརྡ་བགྲོ་གླེང་དང་། དངོས་མིང་སྨྱུག་མང་གང་རུང་ཐོག་ནས་ཞབས་མཆན་ཡང་མང་པོ་ཞིག་སྤེལ་གྱིན་ཡོད་སྟབས། ད་སྔ་དུས་བབ་དྲ་ཚིགས་སྔོག་རྒྱུར་དཀའ་ངལ་གང་ཡང་འཕྲད་མ་བྱུང་། ཡིན་ནའང་མཚམས་རེར་ཀྲུང་གོའི་དྲ་ཐོག་ཉེན་རྟོག་པས་འཇིགས་སྐུལ་དང་ཉེན་བརྡ་ཡང་ཡང་ཡོང་གི་འདུག་ཀྱང་། དེ་ལས་གཞན་པའི་དཀའ་ངལ་གང་ཡང་འཕྲད་མ་བྱུང་། ང་ཚོས་འདི་ནས་ཀྲུང་གོའི་བརྒྱུད་ཁུངས་བེད་སྤྱད་དེ་བོད་ཀྱི་དུས་བབ་དྲ་ཚིགས་ལྟ་ཀློག་བྱས་ན་རྒྱ་མི་དྲ་ཇག་ཚོས་གོ་སྐབས་འདི་བརྒྱུད་དེ་དུས་བབ་ལ་འཇབ་རྒོལ་བྱེད་ཀྱི་ཡོད་ཚེས་མ་འོངས་པར་ང་ཚོས་གནད་དོན་འདི་འགོག་ཐབས་ཀྱི་ལམ་ཁ་འདྲ་ཡོད་དམ། འདི་དང་འབྲེལ་ཏེ་བོད་ནང་གི་ས་གནས་སྟོད་སྨད་བར་གསུམ་ནས་བོད་ཀྱི་དུས་བབ་དྲ་ཚིགས་ལྟ་ཀློག་བྱེད་ཕྱོགས་དང་ཉེན་སྲུང་བཅས་ཀྱི་སྐོར་ལ་འགྲོ་སྟངས་འདུག་སྟངས་ཤིག་བཤད་ཤེས་མཁན་དང་ཐུབ་མཁན་ཡོད་ན་ལམ་སྟོན་ཡག་པོ་ཞིག་ཡོང་བ་མཁྱེན།།
    མཇུག་ཏུ་བོད་ཀྱི་དུས་བབ་ལས་ཁུངས་ཀྱི་ལས་གྲོགས་ཡོངས་ལ་ཁྱེད་ཅག་གིས་ཕྱི་ནང་གི་གནད་དོན་མང་པོ་ཞིག་ལ་རྒོལ་ལན་སྤྲད་དེ་མདུན་སྐྱོད་གནང་བཞིན་པར་བཀྲ་ཤིས་བདེ་ལགས་དང་བསམ་བློའི་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

    Reply
  7. ཚངས་གསར་འཕྲིན་ལས། says:
    ལོ་ 13 སྔོན།

    བར་ཆད་ལས་གྲོལ་ཏེ་སྔར་བཞིན་དུས་བབ་ཚང་གི་འདི་ལྟར་ཆས་ཡོང་བར་བརྟེན་འབྲེལ་ཞུ། མ་ཟད་ད་དུང་དྲ་ངོས་གསར་བཟོ་གང་མགྱོགས་ཡོང་བར་བསྒུག་བསྡད་ཡོད།

    Reply
  8. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    བཀུར་འོས་པའི་དུས་བབ་ཀྱི་རྩོམ་སྒྲིག་པ་ལགས། ལྷག་བསམ་ངང་སླར་ཡང་དུས་བབ་ཀྱི་མདུན་ངོས་དང་་ཟིན་བྲིས་སོགས་བསྐྱར་དུ་ལེགས་གྲུབ་བྱུང་ཐུབ་པ་སྤྲོ་སེམས་མཁོ་བའི་ངང་ནས་ཐུགས་རྗེ་བླ་མེད་ཞུ་བཞིན་ཡོད།

    Reply
  9. མིག་གསུམ་པ། says:
    ལོ་ 13 སྔོན།

    བཀུར་འོས་པའི་དུས་བབ་ཀྱི་རྩོམ་སྒྲིག་པ་ལགས། ཉིན་ཁ་ཤས་ཤིག་གི་སྔོན་ནས་དུས་བབ་དྲྭ་རྒྱ་ལག་ཁྱེར་་ཁ་པར་མ་གཏོགས་དྲྭ་ངོས་འདིར་ཀློག་ཐུབ་མ་སོང་། དེ་རིང་བསྐྱར་བཅོས་ཀྱི་རྣམ་པའི་སྒོ་ནས་ཀློག་ཐུབ་པར་བྱུང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། དུས་བབ་དྲྭ་རྒྱ་ནི་ཐག་ཉེ་རིང་གཉིས་ཀའི་བྲོ་ཁ་ལྟ་བུ་ཞིག་ཡིན་པས་བསྐྱར་དུ་ཐུགས་རྗེ་ཆེའོ

    Reply
  10. ཤར་མདའ། says:
    ལོ་ 13 སྔོན།

    དུས་བབ་དྲ་ཚིགས་སླར་ཡང་འདི་འདྲ་ཡག་པོ་ཞིག་བཟོ་བཅོས་རྒྱབ་ཐུབ་པ་པེ་དགའ་བོ་བྱུང་མ་ཟད་འདི་ལྟར་ལེགས་འགྲུབ་བྱུང་བ་ཚང་མ་ལ་དགའ་བོ་ཡོད་པར་ཡིད་ཆེས་ཡོད།

    Reply
  11. བདེ་རྒྱལ། says:
    ལོ་ 13 སྔོན།

    དུས་བབ་དྲ་ཚིགས་སླར་ཡང་གསོན་གནས་བྱུང་བར་དགའ་བསུ་ཞུ། དྲ་ཇག་དེ་ཚོ་འཛིན་ཐུབ་པ་ནི་བོད་ཀྱི་དུས་བབ་གསར་ཁང་གི་གཟི་བརྗིད་རེད། བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་སྐུ་ཚེ་དུས་རྟག་ཏུ་བརྟན་པར་ཤོག ཁྱེད་རྒྱུན་ལས་རྣམས་ཀྱི་བྱ་བ་ཡང་ལམ་དུ་འགྲོ་བར་ཤོག བོད་ཀྱི་དུས་བབ་དྲ་ཚིགས་རྒྱལ་གྱུར་ཅིག

    Reply
  12. ལི་ཐང་གྲགས་པ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་སླར་ཡང་ཀློག་པ་པོ་དག་གི་སྐོམ་པའི་ཆུ་འདོད་ཀྱི་རེ་བ་བསྐོང་བར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ལྷག་པར་དུ་བོད་ཀྱི་དུས་བབ་ཚང་གི་ཟིན་བྲིས་དེ་ཡར་རྒྱས་གཏོང་གི་ཡོད་པར་བསྔགས་བརྗོད་ཡོད། ཕལ་ཆེར་ཉི་མ་གཅིག་ཀྱང་མ་ཆད་མ་ལྷག་པར་དུས་བབ་ཚང་གི་གསར་འགྱུར་དང་རྩོམ་ཡིག་ཁག་རེ་རེ་བཞིན་ཀློག་གི་ཡོད། ལས་ཀ་གང་ཞིག་ཡར་རྒྱས་འགྲོ་བཞིན་ཡོད་ན་དེ་ལ་འགེག་བར་ཆད་ཆེན་པོ་ཡོད་པ་ཆོས་ཉིད་ཡིན་པས་དཀའ་ངལ་ལ་གདོང་ལེན་བྱེད་དགོས། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་གཙོ་བྱས་པའི་གསར་འགོད་པ་དང་ལས་བྱེད་ཡོངས་ལ་བཀྲ་ཤིས་བདེ་ལགས་གྲངས་མེད་ཞུ་བཞིན་ཡོད།།

    Reply
  13. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 13 སྔོན།

    ང་ངོ་མ་དགའ་སོང་། དམག་དཔུང་གི་གཡུལ་ལས་རྒྱལ་ཏེ་རང་དབང་གི་གར་སྟེག་ཅིག་སྔར་བཞིན་རྩོམ་པ་པོ་དང་སྤྱི་ཚོགས་ཀྱི་མདུན་ན་ལངས་ཐུབ་པ་དེ་མཛེས་སྡུག་ལྡན་པའི་ཆོད་སེམས་ཤིག་དང་། ལས་དོན། ལེགས་གྲུབ་ཅིག་ཡིན་པས་ངས་ཁྱེད་ཅག་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  14. གནས་ཚང་། says:
    ལོ་ 13 སྔོན།

    དྲ་ཇག་ལས་ཐར་བར་བཀྲ་ཤིས་བདེ་ལེགས་ཡོད། ཡིན་ནའི། ཐུགས་སྣང་འཇོག་ས་གཞན་ཞིག་ཡོད་པ་ནི། དུས་གཅིག་ལ་དུས་བབ་དྲ་ཚིགས་སུ་མི་གྲངས་ས་ཡ་དུ་མའམ། དེ་ལས་ཀྱང་མང་བའི་རྡེག་གྲངས་སླེབས་སྲིད་པས། འགྲོ་གྲོན་ཁ་མེད་མིག་མེད་གཏོང་ཐུབ་ན་མ་གཏོགས་དེ་ལྟར་དྲ་བ་མང་པོ་འཆི་ལམ་དུ་འདེད་ཀྱིན་པར་བཤད། དེ་བས། ཐབས་ཤེས་གཉིས་འདུག

    ༡ དང་ཐོག་ནས་དྲ་གནས་འཇོག་སའི་མཐུན་གཉེར་ཁང་དུ་ཟླ་རེ་ནང་དུ 100Gལས་མི་བླུ་རྒྱུ་དང་། དེ་རྫོགས་སོང་ན་ཟླ་རྗེས་མ་ཡང་བསྐྱར 100Gལས་འགོ་འཛུགས་གནང་རྒྱུ་དེ་རེད་ལ། འགྲོ་གྲོན་ལྷག་མ་གཏོང་དགོས་ཀྱི་མ་རེད།
    ༢ དྲ་གནས་འཇོག་ས་ཁ་ཤས་ཤིག་བླུས། དེ་ལྟར་གཅིག་ནས་རྫོགས་རྗེས་གཅིག་ལ་གནས་སྤོར་གཏོང་རྒྱུ་དེ་རེད་ལ། འབྲོག་པའི་རུ་སྤོར་བཞིན་པ་ལྟ་བུ་རེད། ཡིན་ནའང་། དེ་དག་བླུ་སྐབས་ཚད་ཡོད་བླུ་རྒྱུ་ལས་ཚད་མེད་བླུས་ན་གྱོང་གུད་རེག་གི་རེད།

    དེ་མིན་ད་དུང་ཤེས་མཁན་ཡོད་ན། མ་གསང་མ་སྦས་ལབ་གནང་ཡོང་བར་མཁྱེན།

    Reply
  15. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    དྲ་ཚིགས་སླར་གསོ་བྱུང་བར་རྟེན་འབྲེལ་ཞུ།
    ཞོར་དུ་དྲན་སྐུལ་བྱ་འདོད་པ་ནི། གལ་སྲིད་དྲ་རྒྱར་དྲ་ཇག་གི་གཏོར་བཤིག་ཐེབས་ན་འཕྲལ་དུ་སླར་གསོ་བྱ་བར་དམིགས་ནས། དུས་ལྟར་དྲ་རྒྱའི་འདྲ་བཤུས་ཉར་ཚགས་བགྱིས་ན་ལེགས། དེ་མིན་ཚེ། དྲ་རྒྱར་གཏོར་བཤིག་ཐེབས་ན། རེ་རེ་བཞིན་སླར་གསོ་བྱ་དགོས་ན་དཀའ་ངལ་ཆེ།

    Reply
  16. ལི་ཐང་དབྱིག་གཉེན། says:
    ལོ་ 13 སྔོན།

    དྲྭ་ཚིགས་འདིའི་ཟིན་བྲིས་བཟོ་བཅོས་ལེགས་གྲུབ་བྱུང་བར་སྙིང་ནས་དགའ་ཡོད། ཡིན་ད་ཡིན། མུ་མཐུད་དེ་འབྲི་ངེས་ཡིན།

    Reply
  17. ཀརྨ་དགེ་ལེགས། says:
    ལོ་ 13 སྔོན།

    ཕས་ཀྱི་རྒོལ་བ་ཐ་དག་ལས་རྣམ་པར་རྒྱལ་ཏེ། །ཁྱེད་སྐུ་ཉི་གཞོན་བསྐྱར་དུ་ཤར་བར་དགའ་སྤྲོས་ཁེངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese