མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དམ་འབུལ་ལོ་གཉིས་འཁོར་བའི་དུས་དྲན་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ངྷ་ས་གཙུག་ལག་ཁང་དུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གསར་པའི་ཐུགས་འགན་བཞེས་ཏེ་ལོ་གཉིས་ཧྲིལ་བོ་འཁོར་བའི་ཉིན་མོ་དང་བསྟུན། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།

 

དེ་རིང་ཞོགས་པ་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཀའ་ཤག་གསར་པའི་ལས་དོན་མགོ་འཛུགས་གནང་བ་དང་བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་ལོ་གཉིས་ཧྲིལ་བོ་འཁོར་བའི་དུས་དྲན་དང་བསྟུན་ཏེ། གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་དང་། མཆོད་འབུལ་དེའི་སྟེང་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་ཟུར་ཀརྟི་རིན་པོ་ཆེ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་དྲུང་ཆེ་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། སྲི་ཞུ་ལས་བྱེད་ཡོངས་དང་། ངྷ་ས་བདེ་དོན་གྱི་ཁྱབ་ཁོངས་སློབ་གྲྭ་ཁག་དང་རང་དབང་ཅན་གྱི་སྡེ་ཚན། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ངྷ་སའི་སེར་སྐྱ་མི་མང་བཅས་ལྷན་འཛོམ་གནང་སོང་།

 

སྐབས་དེར་སྲིད་སྐྱོང་མཆོག་གིས། “ དེ་རིང་བཀའ་ཤག་སྐབས་ ༡༤ ལོ་གཉིས་འཁོར་ཡོང་གི་ཡོད་རེད། བོད་ནང་གི་ཛ་དྲག་གནས་ཚུལ་མུ་མཐུད་གནས་ཡོད། རྒྱ་ནག་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ་བརྟེན་ནས་རང་ལུས་མེར་བསྲེགས་གཏོང་མཁན་དང་ངོ་རྒོལ་བྱེད་མཁན་མང་པོ་ཡོང་གི་ཡོད་རེད། བོད་ནང་རང་ལུས་མེར་བསྲེགས་གཏོང་གནང་མཁན་ ༡༢༠ དང་། ཁོང་རྣམ་པའི་ནང་མི་སྤུན་མཆེད། དེ་དང་ཆབས་ཅིག་ད་ལྟའི་བར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་ཚང་མའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ངོས་ནས་མཆོད་འབུལ་རྒྱས་པ་འདི་གོ་སྒྲིག་ཞུས་པ་ཡིན” ཞེས་དང་། ཡང་ཁོང་གིས། “ བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་དོན་དེ་བཀའ་ཤག་གིས་གསལ་བོ་ཞུས་ཡོད། གཙོ་ཆེ་ཤོས་བོད་དེ་འཛིན་བཟུང་བྱས་པ་དང་ཆབ་སྲིད་ཀྱི་དམ་དྲག ཁོར་ཡུག་གཏོར་བཤིག་བཏང་པ། རིག་གཞུང་རྩ་མེད། དཔལ་འབྱོར་དབྱེ་འབྱེད། ཆོས་དད་རང་དབང་མེད་པ་བཅས་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོས་སོ་སོའི་རྩ་ཆེ་བའི་ལུས་སྲོག་བློས་གཏོང་གནང་གི་ཡོད་རེད། བཀའ་ཤག་གི་ལངས་ཕྱོགས་གསལ་བོ་ཡིན། བོད་མི་ཞིག་ཡིན་པའི་ཆ་ནས་ཚབས་ཆེ་བའི་ལས་འགུལ་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་བསྡད་ཡོད” ཅེས་གསུངས་སོང་།

 

ཡང་ཁོང་གིས་བོད་ནང་དུ་རང་ལུས་མེར་བསྲེགས་གཙོས་ལས་འགུལ་སྤེལ་སྟངས་གཅིག་ལ་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་དང་། མཐུན་སྒྲིལ་བྱེད་དགོས་པ་གལ་ཆེན་པོར་རྩིས་པའི་ཐོག་ནས་ནང་ཁུལ་རྒྱག་རེ་རྒྱག་པ་དང་མི་གསོད་ཁྲག་སྦྱོར་བྱེད་པ་སོགས་མཚམས་འཇོག་བྱེད་དགོས་པའི་ཐོག་ལས་འགུལ་རིམ་པ་སྤེལ་བཞིན་པ་དེར། ངོས་ལེན་བསྔགས་བརྗོད་དང་མུ་མཐུད་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ། འཛམ་གླིང་སྤྱི་ཡོངས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་དོན་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན། བོད་མི་ཚོ་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡིན་པ་བཅས་ཀྱི་ཐོག་ནས་ཡིན་པ། བོད་ཕྱི་ནང་གི་བོད་མི་ཚོས་དུས་རྒྱུན་འཛམ་གླིང་སྤྱི་ཡོངས་ནས་བོད་མི་ཚོ་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་སེམས་ལ་བཟུང་པའི་ཐོག ཆང་རག་དང་ཤོ་སྦག་རྒྱན་རྩེད་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སོང་།

 

གཞན་ཁོང་གིས་འདས་པའི་ལོ་གཉིས་རིང་བཀའ་ཤག་སྐབས་ ༡༤ པོས་བྱས་རྗེས་ཆེན་པོ་དམིགས་བསལ་བཞག་མེད་ཀྱང་། “ལོ་གཉིས་དེ་ལྷིང་འཇགས་པོའི་ཐོག་ནས་གནས་སོང་”ཞེས་དང་། བཀའ་ཤག་ཐོག་ནས་ཐོག་མར་འཆར་གཞི་བཏིང་སྐབས། དང་པོ་ནུས་ཤུགས་ཕྱོགས་སྒྲིག་དང་དེ་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག་བཅས་པ་ཚང་མ་གང་ལེགས་བྱུང་ཡོད་ཚུལ་དང་། མཐའ་མའི་འབབ་ས་དེ་འབྲེལ་མོལ་ཡིན་སྟབས་དེར་འབད་བརྩོན་བྱ་དགོས་ཀྱི་འདུག་ཅེས་ཁོང་གིས། “བཀའ་ཤག་སྐབས་ ༡༤ ཐོག་ནས་འབྲེལ་མོལ་ཚོགས་འདུ་ཐེངས་གསུམ་ཚོགས་ཚར་པ་རེད། ཐེངས་ ༤ དེ་ཕྱི་ཟླ་ ༩ ནང་འཚོགས་རྒྱུ་ཡིན། སྤྱི་ཡོངས་ཀྱི་ཐོག་ནས་འབྲེལ་མོལ་ཚོགས་ཆུང་འདི་ཐེངས་ ༢༦ པ་ཆགས་ཀྱི་ཡོད་རེད། དེ་དུས་འཐུས་མི་གསར་པ་དང་བོད་པའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ། རྒྱ་ཐོག་ལ་དུས་རྟག་ཏུ་ཐུགས་སྣང་གནང་མཁན་འཐུས་མི་གསར་པ་འང་གདན་འདྲེན་ཞུས་ཡོད་”ཅེས་བརྗོད་ཡོད།

 

གསར་འགོད་པས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་སུ་བཀའ་ཤག་གསར་པའི་ལས་འགན་ཁུར་ཏེ་ལོ་གཉིས་འཁོར་པའི་དུས་དྲན་ཉིན་དམིགས་བསལ་མཆོད་འབུལ་སྨོན་ལམ་གནང་དགོས་དོན་དྲིས་པར་ཁོང་གིས། “དེ་རིང་གི་མཆོད་འབུལ་སྨོན་ལམ་འདི་གཙོ་ཆེ་ཤོས་སྲིད་སྐྱོང་བློ་བཟང་སེང་གེས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༤ པས་དམ་འབུལ་ཞུས་ནས་ལོ་གཉིས་འཁོར་འགྲོ་བཞིན་པའི་རིང་། གཙོ་བོ་༧གོང་ས་མཆོག་དང་བོད་ཀྱི་ལྷ་སྲུང་། རྒྱ་ཆེ་མང་ཚོགས་བཅས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བཀག་ཤག་གི་ལས་དོན་ཡག་པོ་བྱུང་པ་དེའི་རྟེན་འབྲེལ་མཚོན་པ་གཅིག་དང་། གཉིས་ནས་བོད་ནང་གི་བོད་མི་ ༡༢༠ རང་ལུས་མེར་བསྲེགས་བཏང་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་གུས་འདུད་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ་རེད།”ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 7

  1. ཀེ་ཏ་ཀ says:
    ལོ་ 13 སྔོན།

    དཀོན་མཆོག་ཡ། དྲང་པོར་ཞུས་ན། ང་ཚོའི་མི་དབང་སྲིད་སྐྱོང་མཆོག་གི་སྣུམ་སྔ་ས་ནས་རྫོགས་ཚར་འདུག་གཱ ཁ་སང་འཁྲུངས་སྐར་གཏམ་བཤད་ནས་བཟུང་ད་ཕལ་ཆེར་བཤད་ཡ་མ་རག་པའི་དཀའ་ངལ་ཞིག་ཡོང་གི་འདུག་གཱ གཏམ་བཤད་ཚང་མའི་ནང་དུ་མུ་གེ་འཐིབས་ནས་བསྡད་འདུག ཧཧཧཧ ཨོམ་མ་ཎི་པདྨེ་ཧཱུམ། ཨའོ་པ་མ་མཁྱེན། ཧ་ཝ་ཌི་མཁྱེན། ད་ཅི་བྱ།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༡༦༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡༧ སྐར་མ་ ༡༥
    ་་་་ བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་ལས་བྱེད་པ་རྣམས་ཀྱི་མཐུན་སྐྱོར་བཅས་ལ་བརྟེན་ནས་བོད་མིའི་སྤྱི་དོན་འགན་འཁུར་ཞུ་སྒོ་༼དང་། གཞུང་དངུལ་ལྐོག་ཟ་རུལ་སྲུངས་དང་། གཞུང་དངུལ་ཁྱེར་ནས་གར་སོང་་ཆ་མེད་དུ་སོང་བ་སོགས་༽གང་ཅི་གེགས་མེད་ལམ་ལྷོངས་དང། གྲུབ་འབྲས་མི་དམན་ཙམ་བྱུང་བའི་བཀའ་དྲིན་གཏང་རག་མཚོན་ཕྱིར་དང། ་་་་་་
    ༡༧༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡༧ སྐར་མ་ ༣༠
    ཀརྡོར་འདིས་་ཧཧཧཧ་་་་དེ་རིང་ཡིན་ན་ཁྱོད་ཀྱི་བྲིས་པའི་བུ་མཆན་དེར་བཀླགས་ནས་དགོད་མོ་སྐྱིད་པོ་ཞིག་ཤོར་གྱི་བྱུང་། ངས་མི་ལོ་དག་གི་ནང་དུ་ཁྱོད་ཀྱི་མཆན་བུ་བཀླགས་བསྡད་པའི་ནང་ནས་གོང་གི་མཆན་བུ་དེར་མཚར་ཤོས་བྱུང་།་་ཧཧཧཧ
    ་་་་་་་་ཟེར།

    Reply
  3. གངས་ལྡོམ། says:
    ལོ་ 13 སྔོན།

    བློ་སེང་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་གཉིས་ཕྱིན་པ་རེད།
    ཡིན་ནའི་འོས་ཤོག་འཕེན་པའི་དུས་སུ།
    ཁོང་གིས་གསར་འབྱོར་ཚོ་ཕྱི་རྒྱལ་དུ་གཏོང་གི་ཡིན་ཞེས་དམ་བཅས་པ་དེ་ད་ལྟ་བརྗེད་སོང་པ་རེད་དམ།

    ཧཧཧཧཧཧཧ བོད་མི་རྣམས་ལ་མགོ་སྐོར་གཏོང་མཁན་སྲིད་སྐྱོང་ཞིག་ཡོད།

    Reply
  4. འཇམ་གཅེས ། says:
    ལོ་ 13 སྔོན།

    མཐུན་སྒྲིལ་བྱེད་དགོས་པ་གལ་ཆེན་པོར་རྩིས་པའི་ཐོག་ནས་ནང་ཁུལ་རྒྱག་རེ་རྒྱག་པ་དང་མི་གསོད་ཁྲག་སྦྱོར་བྱེད་པ་སོགས་མཚམས་འཇོག་བྱེད་དགོས་པའི་ཐོག་ལས་འགུལ་རིམ་པ་སྤེལ་བཞིན་པ་དེར། ངོས་ལེན་བསྔགས་བརྗོད་དང་མུ་མཐུད་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ། འཛམ་གླིང་སྤྱི་ཡོངས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་དོན་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན། བོད་མི་ཚོ་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡིན་པ་བཅས་ཀྱི་ཐོག་ནས་ཡིན་པ། བོད་ཕྱི་ནང་གི་བོད་མི་ཚོས་དུས་རྒྱུན་འཛམ་གླིང་སྤྱི་ཡོངས་ནས་བོད་མི་ཚོ་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་སེམས་ལ་བཟུང་པའི་ཐོག ཆང་རག་དང་ཤོ་སྦག་རྒྱན་རྩེད་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སོང་།

    Reply
  5. མི་རབས་གསར་པ་ says:
    ལོ་ 13 སྔོན།

    བཀའ་ཁྲི་བཀའ་ཁྲི་ཟེར་ནས་ལོ་གཅིག་སོང། སྲིད་སྐྱོང་སྲིད་སྐྱོང་ཟེར་ནས་ལོ་གཅིག་སོང་། མཁས་དབང་མཁས་དབང་ཟེར་ནས་ལོ་གཅིག་སོང་། འབུམ་རམས་འབུམ་རམས་ཟེར་ནས་ལོ་གཅིག་སོང་། ཅི་ཡིན་འདི་ཡིན་མེད་པ་ལོ་གཅིག་ནསོང་། ག་ལེར་ནུབ་ཕྱོགས་སྐྱོད་པའི་རྣམ་ཐར་ཡིན་ཡིན།

    Reply
  6. མི་རྒོད། says:
    ལོ་ 13 སྔོན།

    ངོས་ཀྱང་སྐར་བཙན་ལྟར་སྨོན་འདུན་ཞུ།།།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    སྲིད་སྐྱོང་མཆོག་གི་མཛད་འཕྲིན་ལ་ཕྱི་ནང་གསང་གསུམ་གྱིས་བར་ཆད་མི་ཡོང་པར་དགོངས་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བཞིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese