མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ཁྲི་ ༨༢༠ ཡི་སྐྱིན་ཚབ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཀུའུ་ཁེ་ལའི་ཡིས་ལྐོག་གསོད་བྱས་པའི་དབྱིན་ཇིའི་ཚོང་པ་ནཱེལ་ཧི་ཝོའུ་ཌི་ཡི་ཨ་མས་ཨ་སྒོར་ཁྲི་ ༨༢༠ ཙམ་གྱི་སྐྱིན་ཚབ་སྤྲོད་དགོས་པའི་རེ་སྐུལ་བྱས་འདུག

ཉེ་ལམ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་ཕྱོགས་ནས་མི་འགྱངས་བར་ཧྲན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པའོ་ཤི་ལའི་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་ལུགས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ཐོན་པ་དང་བསྟུན་ཏེ། པའོ་ཡི་ཆུང་མ་ཀུའུ་ཁེ་ལའི་ཡིས་ལྐོག་གསོད་བྱས་པའི་དབྱིན་ཇིའི་ཚོང་པ་ནཱེལ་ཧི་ཝོའུ་ཌི་ (Neil Heywood) ཡི་ཨ་མ་ཨིན་ཧི་ཝོའུ་ཌི་(Ann Heywood)ཡིས། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་ཝོལ་སུ་ཊི་རི་ཊི་གསར་ཤོག་(The Wall Street Journal)ཐོག རྒྱ་གཞུང་གིས་ནཱེལ་ཧི་ཝོའུ་ཌི་ཡི་བྱིས་པ་ ༢ ཀྱི་འཚོ་བའི་འགན་ལེན་ཆེད། ཀུའུ་ལ་ཨ་སྒོར་ཁྲི་ ༨༢༠ ཙམ་གྱི་སྐྱིན་ཚབ་སྤྲོད་དུ་འཇུག་དགོས་པའི་ཆ་རྐྱེན་བཏོན་ཡོད་འདུག

ཨིན་ཧི་ཝོའུ་ཌི་ལགས་ཀྱིས་བརྗོད་དོན།“ ནཱེལ་ལྐོག་གསོད་བྱས་པའི་གནད་དོན་ཐད་ཐེངས་མང་རྒྱ་གཞུང་ལ་ནན་ཏན་གྱིས་འབྲེལ་གཏུག་བྱས་ཀྱང་དོན་དངོས་རང་བཞིན་གྱི་ཡ་ལན་མ་སྤྲད་པར་བློ་ཕམ་དང་ཧང་སང་སོང་། ད་ལྟའི་བར་རྒྱ་གཞུང་ལ་དགོས་མེད་ཀྱི་ངོ་ཚ་མི་བཟོ་ཆེད་ལྐོག་གསོད་དོན་རྐྱེན་འདིའི་ཐད་སྤྱི་ཚོགས་ཐོག་གླེང་སློང་སྣ་ཚོགས་སྤེལ་མེད་ཀྱང་། ད་ལྟའི་གནས་སྟངས་འདིས་སྐད་ཆ་མི་བཤད་ཐབས་མེད་བཟོས་སོང་།”ཞེས་དང་།

ཁོ་མོས། ཕ་ལྐོག་གསོད་བྱས་པ་ལ་བརྟེན་ནས་ཤུལ་དུ་ལུས་པའི་ལོ་ ༨ དང་ལོ་ ༡༢ ཡིན་པའི་བྱིས་པ་ ༢ ཀྱི་ལུས་སེམས་ལ་འཇིགས་སྣང་དང་གནོད་འཚེ་ཐེབས་ཡོད་པ་དང་། བདེ་འཇགས་མིན་པའི་ཁོར་ཡུག་ཁྲོད་མ་འོངས་པར་བྱིས་པ་གཉིས་ལ་འཚོ་བའི་འགན་ལེན་ཅི་ཡང་མེད་སྟབས། རྒྱ་གཞུང་གི་མགོ་ཁྲིད་ཚོས་ཡ་ང་བའི་གྱོད་དོན་འདིའི་མཇུག་འབྲས་དྲང་བདེན་སྒོས་ཐག་གཅོད་བྱས་ཏེ། ཁྱིམ་མི་ཚོའི་སྡུག་བསྔལ་སེལ་དུ་འཇུག་པའི་རེ་བ་དང་ཡིད་ཆེས་ཡོད་སྐོར་བརྗོད་འདུག

པེ་ཅིན་གྱི་ཉེས་དོན་ཆེད་ལས་ཁྲིམས་རྩོད་པ་མའོ་ཧྲོ་ཕིན་གྱིས་བརྗོད་དོན། “རྒྱ་ནག་སྐམ་ས་ཆེན་མོའི་ནང་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ལྟར་ན། ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྟེན་ནས་ཕ་རོལ་པོར་གནོད་འཚེ་ཕོག་པ་ཡིན་ན། གནོད་འཚེ་ཕོག་མཁན་གྱི་ཁྱིམ་མི་ཉེ་འབྲེལ་གྱིས་སྐྱིན་གསབ་སྤྲོད་དགོས་པའི་རེ་བ་འདོན་ཆོག་ཀྱང་། སྐྱིན་གསབ་དངུལ་གྱི་གྲངས་འབོར་འདི་འདྲ་ཆེན་པོ་རྒྱ་ནག་ནང་ཡོད་པ་མ་རེད་ ”ཅེས་བརྗོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་ཨིིན་གྱིས་གནད་དོན་འདི་གླེང་སློང་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ཏུ་ཁེལ་ཡོད་པ་དང་། གླེང་སློང་དེས་མི་འགྱངས་བར་ཁྲིམས་བཤེར་བྱ་འཆར་ཡོད་པའི་པའོ་ཤི་ལའི་ལ་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད། ད་རེབ་གནད་དོན་དེ་ཐག་གཅོད་ཐུབ་པའི་རེ་བ་ཡོད་སྐོར་དང་། སྐྱིན་གསབ་དེ་ཀུའུ་ཡིས་སྤྲོད་དགོས་སྐོར་རྗོད་ཀྱི་ཡོད་ཀྱང་། ཀུའུ་ཁེ་ལའི་དང་ཝང་ལི་ཅིན་གྱི་གནད་དོན་སོགས་པའོ་ཤི་ལའི་ཡི་གནད་དོན་ནང་འདུས་ཡོད་སྟབས། པའོ་ཡི་གནད་དོན་གསལ་བོ་ཆགས་རྗེས་དེར་གཏོགས་ཀྱི་གནད་དོན་ཚང་མ་ཕྱི་ལ་འཐོན་རྒྱུ་ཡིན་སྟབས། སྐབས་དེར་སྐྱིན་གསབ་དེ་ཀུའུ་ཚང་གཅིག་པུ་མིན་པར་པའོ་ཁྱིམ་ཚང་གིས་ཀྱང་འགན་ལེན་དགོས་སྐོར་སོགས་བརྗོད་ཀྱི་འདུག  

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༩ སྔོན་ལ།
Photo Credit: tibet.net
Mobile App

སྐབས་བཅུ་བདུན་པའི་བཀའ་ཤག་གི་བཀའ་བློན་གསར་པ་དྲུག་གིས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཉིན་གཉིས་རིང་འཚོག་མགོ་བཙུགས།

༢༠༢༦/༠༦/༠༢
Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

༢༠༢༦/༠༦/༠༡
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡

མཆན། 1

  1. ནོར་བུ། says:
    ལོ་ 13 སྔོན།

    གསར་འགྱུར་དཀྱིལ་དུ་པར་བཀོད་འདུག་ཀྱང་མི་དེ་གཉིས་སུ་ཡིན་མིན་པར་གྱི་གཤམ་དུ་མིང་ངམ་འགྲེལ་བཤད་དུམ་བུ་རེ་བཀོད་ན་ལེགས།
    གཞན་མི་དེ་གཉིས་སུ་ཡིན་མི་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese