མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷན་ཚོགས་དང་འཛིན་སྐྱོང་གཉིས་མཉམ་འབྲེལ་ཐོག་བསྐྱར་ཞིབ་བྱོས།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དེ་རིང་གཉིས་ལ་སྨན་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་ཚོགས་ཏེ། ཚོགས་མི་བསྡུ་རུབ་དང་དཔལ་འབྱོར་འདུ་འགོད་། མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་སྨན་པའི་ལྷན་ཚོགས་ལ་རྒྱབ་སྐྱོར་མཐུན་འགྱུར་དགོས་པ་བཅས་ཀྱི་གྲོས་ཆོད་བཞག་སོང་།  

ཁ་སང་དང་དེ་རིང་ཉིན་གཉིས་རིང་དྷ་ས་དབུས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་ཚོགས་ཡོད་པ་དང་། ཁ་སང་གི་ཚོགས་འདུ་དབུ་འཛུགས་སྟེང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག ཝ་ཎ་མཐོ་སློབ་ཀྱི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལཊ་བཅས་ཕེབས་འདུག

ཐེངས་འདིའི་ཉིན་གཉིས་རིང་གི་ཚོགས་འདུའི་ཐོག རྒྱ་གར་སྲོལ་རྒྱུན་སྨན་གྱི་སྡེ་ཚན་ཨཱ་ཡུ་ཤའི་ཁྲིམས་སྒྲིག་འགྲོ་ལུཊ་དང་། གསོ་བ་རིག་པ་རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་ངོས་ལེན་གནང་ཕྱོགས་དང་། འབྱུང་འགྱུར་རྒྱ་གར་དབུས་གཞུང་ལ་འབྲེལ་ལམ་བྱེད་ཕྱོགས་བཅས་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་གནང་མཐར་བོད་མིའི་སྒྲིག་འཛུཊ་བཀའ་སྤྱི་གཉིས་དང་། གསོ་རིག་སློབ་གཉེར་ཁང་། དེབ་སྐྱེལ་ཟིན་པའི་སྨན་པ་བཅས་སྤྱི་སྒེར་ཚང་མས་སྨན་པའི་ལྷན་ཚོཊ་ལ་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་དང་། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་རྒྱུན་གྲོན་གསོལ་རས་ཙམ་མིན་པར་བོད་མིིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་རྒྱུན་གྲོན་ཁོ་ནར་གཏོང་ཐབས་བྱ་རྒྱུ། སྨན་པའི་ལྷན་ཚོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང་ཕྱི་རྒྱལ་ནས་འཐུས་མི་བསྡུ་རུབ་བྱ་རྒྱུ། སྨན་པའི་ལྷན་ཚོགས་ནས་ཉམས་ཞིབ་སྡེ་ཚན་ཞིག་གསར་འཛུགས་བྱ་རྒྱུ་བཅས་ལ་གྲོས་ཆོད་བཞག་ཡོད་འདུག  

ཚོགས་འདུའི་ཉིན་དང་པོར་སྨན་པའི་ལྷན་ཚོཊ་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལཊ་ཀྱིས། ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་གཞིར་བཟུང་བཙན་བྱོལ་བོད་མིའི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོཊ་དབུ་བརྙེས་པ་དང་། འདས་པའི་ལོ་ ༩ རིང་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་མཐོ་སློབ་ཁག་དང་། ཚད་ལྡན་སྨན་པ་རྣམས། སྨན་ཁང་དང་སྨན་སྦྱོར་སྡེ་ཚན་ཁག་བཅས་ཀྱི་དེབ་སྐྱེལ་དང་ལས་དོན་ཡོངས་ཞོར་ལས་གནང་པ་ཡིན་སྐོར་དང་། ད་ལྟའི་ཆར་ཚོགས་མི་དང་དཔལ་འབྱོར་ཕྱོགས་གཉིས་ཐད་ནས་དཀའ་ངལ་གང་མང་ཡོད་སྟབས། མ་འོངས་པར་འབྲེལ་ཡོད་ཚང་མས་ཁུར་མཉམ་ལེན་བྱ་དགོས་སྐོར་བརྗོད་བྱུང་།

ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས། ད་ཆར་བོད་སྨན་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་གནས་སྟངས་བྱུང་སྟེ་ལག་འཁྱེར་ཚད་ལྡན་དང་ཡན་ལག་སྨན་ཁང་གསར་འཛུཊ། སྨན་ཚོང་འགྲེམས་བཅས་ཀྱི་མཐུན་རྐྱེན་རག་ཡོད་སྟབས། མ་འོངས་པར་སྨན་རྩིས་ཁང་གཙོས་འབྲེལ་ཡོད་ཚང་མས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཚོགས་པ་ཁག་ལ་མུ་མཐུད་འབྲེལ་བ་བྱས་ཏེ། བོད་སྨན་ཁྱབ་སྤེལ་དང་དཔལ་འབྱོར་འདུ་འགོད་ཡར་རྒྱས་སུ་གཏོང་རྒྱུ་དང་། སྨན་པའི་ལམ་ལུགས་དང་སློབ་གཉེར་སྤུས་དག་པོ་སྤྲོད་རྒྱུ། ལྷག་པར་དུ་སྨན་དང་ནད། སྨན་སྦྱོར་སོགས་ཀྱི་ཐོག་འགྲོ་སོང་ལ་མ་འཛེམ་པར་ཉམས་ཞིབ་གནང་རྒྱུར་འབད་བརྩོན་བྱེད་དགོས་སྐོར་བརྗོད་བྱུང་།   

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། སྨན་པའི་ལྷན་ཚོགས་ཀྱི་གནད་དོན་འདིའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ། སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན། འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་བཅས་ཀྱི་གམ་དུ་བཅར་བ་ལྟར། ཚོགས་གཙོ་སྦྲེལ་པོས་གལ་ཆེན་དུ་བརྩིས་ཏེ་རྒྱུན་ལས་ནང་ཁུལ་གོ་བསྡུར་དང་། སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་མཉམ་དུ་གོ་བསྡུར་ཞུས་ཡོད་པ་མ་ཟད། ཐེངས་འདིར་སྤྱི་འཐུས་རྒྱུན་ལས་གཉིས་ཆེད་དུ་ཚོགས་འདུའི་ནང་དོན་ཤེས་རྟོགས་ཆེད་ཚོགས་ཞུགས་གནང་ཡོད་སྐོར་དང་འབྲེལ། ད་ལྟའི་བར་མཐུན་རྐྱེན་དང་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་ཡོད་ཀྱང་། ད་བར་ལས་དོན་མང་པོ་ཞིག་འགྲུབ་ཡོད་པ་དང་། ད་དུང་མཐུན་རྐྱེན་དང་རྒྱབ་སྐྱོང་རག་པ་ཡིན་ན། དེ་ལས་ལྷག་པའི་ལས་དོན་འགྲུབ་ཐུབ་སྟབས། འཛིན་སྐྱོང་བཀའ་ཤག་དང་འཕྲོད་བསྟེན་ལས་ཁུངས་བཅས་ནས་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

དེ་རིང་ཚོགས་འདུ་མཇུག་བསྡོམས་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ། ནོར་གླིང་ཉེ་འཁྲིས་སུ་ཡོད་པའི་སྤི་ཏི་ཝ་རི་སྨན་སྦྱོར་ཁང་ལ་དེབ་སྐྱེལ་ཡིག་ཆ་གསོལ་བསྩལ་གནང་རྗེས། འཕྲོད་བསྟེན་བཀའ་བློན་མཆོག་གིས། ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ཀའི་སྟངས་འཛིན་འོག་མེད་པའི་སྒྲིག་འཛུགས་ཤིག་ཡིན་ཡང་།  སྨན་དང་འབྲེལ་བ་ཡོད་པའི་དབང་གིས་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ད་ལྟའི་སྨན་པའི་ལྷན་ཚོགས་ཀྱི་ཕུགས་རྒྱང་རིང་པོའི་ལས་དོན་ཆེད་རྒྱ་གར་གཞུང་དང་འབྲེལ་བ་གནང་རྒྱུ་དང་། དཔལ་འབྱོར་གནས་སྟངས་བཅས་དཀའ་ངལ་གཉིས་ཀྱི་ཐོག་བཀའ་ཤག་ནང་གྲོས་བསྡུར་གནང་སྟེ། མ་འོངས་པར་དཔལ་འབྱོར་ཐོག་སྨན་རྩིས་ཁང་དང་ཝ་ཎ་མཐོ་སློབ་བཅས་ཀྱིས་མཐུན་འགྱུར་གནང་བ་ཡིན་ན། བཀའ་ཤག་གི་ངོས་ནས་སྟོང་མིན་ཙམ་གནང་རྒྱུའི་ཞལ་བཞེས་གནང་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྔོན་མ་གསོ་བ་རིག་པ་རྒྱ་གར་གཞུང་གིས་ངོས་ལེན་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད་པ་དང་། གལ་སྲིད་རྒྱ་གར་གཞུང་གིས་ངོས་ལེན་མ་བྱས་ཀྱང་ང་ཚོ་རང་རྐྱ་འཕེར་བའི་ཐོག་སྡོད་རྒྱུའི་དམིགས་ཡུལ་བཟུང་སྟེ་ཁྲིམས་ཡིག་གཏན་འབེབས་བྱས་ཀྱང་། ཕྱིས་སུ་གསོ་བ་རིག་པ་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་འཛིན་ཐོབ་ཡོད་སྟབས་སྨན་པའི་ལྷན་ཚོགས་ཀྱི་ཕྱག་ལས་གནང་བའི་རྒྱ་ཁྱོན་དང་ངོ་བོ། གལ་གནད་ཆེ་ཆུང་བརྩི་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་མཁྱེན་པའི་ཐོག རྒྱ་གར་ནང་སྨན་གྱི་སློབ་སྦྱོང་དང་སྨན་སྦྱོར་གྱི་ཕྱག་ལས་གནང་མཁན་ཚོས་རྒྱ་གར་གཞུང་གི་ཨེམ་སེ་སེའི་ཁྲིམས་ནང་། ང་ཚོའི་སྲུང་དགོས་པའི་ཁྲིམས་དང་ཐོབ་བྱའི་ཁེ་ཕན་དང་མཐུན་རྐྱེན། ཉེན་ཁ། ཁྲིམས་འགལ་བྱུང་བ་ཡིན་ན་གང་ཡོང་སྲིད་མིན་སོགས་སྨན་པའི་ལྷན་ཚོགས་དང་སྨན་གྱི་སྒྲིག་འཛུགས་ཁག་གིས་མཁྱེན་དགོས་སྐོར་གསུངས་བྱུང་།  

ཁོང་གིས། “ སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དེ་གསོ་བ་རིག་པ་གཞུང་འབྲེལ་ངོས་ལེན་མེད་སྐབས་བཟོས་པ་ཡིན་སྟབས། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཚོགས་ཆུང་བཙུགས་ཏེ། སྐབས་དེར་གཏན་འབེབས་བྱས་པའི་སྒྲིག་གཞི་ཇི་མ་ཇི་བཞིན་འགྲོ་ཐུབ་མིན་དང་། རྒྱ་གར་གཞུང་གི་ཁྲིམས་མཐུན་ངོས་ལེན་གནང་རྗེས་འགྱུར་བ་ཕྱིན་མིན། ང་ཚོའི་ཁྲིམས་དང་སྒྲིག་གཞིའི་ཐོག་འགྱུར་བ་གཏོང་རྒྱུ་ཡོད་མེད་བཅས་ལ་བསྐྱར་ཞིབ་གནང་དགོས་པ་ཞིག་རེད་བསམ་གྱི་འདུག ལྷན་ཚོགས་ལ་མཚོན་ནའང་ད་ཆར་དཔལ་འབྱོར་ཐོག་དཀའ་ངལ་ཡོད་སྐོར་གསུང་གི་འདུག སྨན་པའི་ལྷན་ཚོགས་དེ་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཡིག་ཅིག་གི་འོག་བཙུགས་པའི་སྒྲིག་འཛུགས་ཤིག་རེད།  སྒྲིག་འཛུགས་དེ་རང་སྐྱོང་གི་སྡེ་ཚན་ཞིག་ལས། གཞུང་གི་འཛིན་སྐྱོང་དབང་འཛིན་འོག་རྩ་བ་ཉིད་ནས་མེད་པའི་སྡེ་ཚན་ཞིག་རེད། ཟུར་འཛུགས་སྡེ་ཚན་ཞིག་ལ་གཞུང་གི་ངོས་ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་མི་ཆོག་པ་ཡོད་པ་མ་རེད། ང་ཚོ་འཛིན་སྐྱོང་ནང་ཡོད་སྐབས་སྨན་པའི་ལྷན་ཚོགས་ཀྱི་ཁྱབ་ཁོངས་སྡེ་ཚན་དེ་དཔལ་འབྱོར་འདུ་འགོད་ཀྱི་སྡེ་ཚན་མིན་པའི་དབང་གིས་ལོ་དང་པོ་དང་གཉིས་པར་རྒྱབ་སྐྱོར་ཞུས་པ་རེད། དེང་སང་སྨན་གྱི་ལས་དོན་ཉུང་བ་དང་དཔལ་འབྱོར་འདུ་འགོད་ཆེ་བ་ཆགས་བསྡད་ཡོད་པ་རེད། གང་དུ་བལྟས་ཀྱང་སྨན་པ་ཚང་མ་ཚོང་དཔོན་གྱི་སྲོལ་འདྲ་ཆགས་བསྡད་ཡོད་པ་རེད། སྨན་སྦྱོར་སྡེ་ཚན་ཁག་གིས་སྨན་སྦྱོར་སྐབས་ཕྱི་ལོགས་ཀྱི་རྒྱབ་ཤོག་ཁྲ་ཁྲ་ཟིང་ཟིང་བཟོ་བ་ལས། རྒྱུད་དང་རྒྱ་གཞུང་ནང་བཤད་པ་ལྟར་གནང་གི་མི་འདུག སྨན་གྱི་སྡེ་ཚན་ཁག་དཔལ་འབྱོར་སྐྱོ་བོ་མ་རེད་ལ། སྨན་པའི་ལྷན་ཚོགས་ཀྱིས་ཀྱང་རང་འགུལ་ཐོག་དཔལ་འབྱོར་འདུ་འགོད་གནང་ཐུབ་པ་དགོས་པ་རེད། གནང་ཐུབ་ཆེད་གཞུང་ལ་རྒྱབ་བསྙེས་ཏེ་གཞན་རྟེན་གྱི་བསམ་བློ་མགོ་ནས་བསླབ་བཞག་པ་ཡིན་ན་ཡོང་གི་མ་རེད། ད་ཆར་སྨན་པའི་ལྷན་ཚོགས་ཀྱིས་འདང་ངེས་ཀྱི་དཔལ་འབྱོར་འདུ་འགོད་གནང་ཐུབ་ཀྱི་མེད་པ་ ལོ་དགུའི་ནང་གསལ་བོ་ཆགས་ཡོད་སྟབས། སྨན་པའི་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ངོས་ནས་བསྐྱར་ཞིབ་གནང་སྟེ་མ་འོངས་པའི་ལམ་ཕྱོགས་བཙལ་རྒྱུ་གལ་ཆེན་པོ་རེད།” ཅེས་གསུངས་བྱུང་།

ཡང་ཁོང་གིས། “ རྒྱ་གར་གཞུང་གིས་གསོ་བ་རིག་པ་ངོས་འཛིན་རག་པ་དེར་༸གོང་ས་མཆོག་གིས་དམིགས་བསལ་ཐུགས་སྣང་གནང་སྟེ་རག་པ་རེད་མ་གཏོགས། ང་ཚོ་འོག་ནས་ལོ་བཅུ་གྲངས་རིང་འབད་བརྩོན་བྱས་ནས་ཡོང་ཡ་མེད་པའི་གནས་སྟངས་ཤིག་ལ་བསླེབས་པ་རེད། ད་ལྟ་བྱུང་བ་དེར་ང་ཚོས་ལས་དོན་ག་རེ་བྱས་ཀྱང་། ལྐོག་ལྐོག་སུད་སུད་དང་ཁྲིམས་འགལ་ཆགས་པར་ཞེ་སྣང་བྱེད་མི་དགོས་པར། རྒྱ་གར་ཙམ་མ་ཟད་ཡུལ་ལུང་གཞན་གང་དུ་ཕྱིན་ཡང་། གསོ་བ་རིག་པ་རང་གི་ཐོག་ཕྱིན་པ་མ་གཏོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་ཆ་ཤས་ཡིན་པའི་ངོ་བོ་སྟོན་མི་དགོས་པ་དེ་དག་རླབས་ཆེན་གྱི་གྲུབ་འབྲས་ཤིག་རེད་བསམ་གྱི་ཡོད། དེ་མ་གཏོགས་གཞན་རྒྱལ་སྤྱིའི་ནང་བོད་ཀྱི་སྨན་མང་ཆེ་བ་རྒྱ་ནག་སྨན་གྱི་ཁ་བྱང་འོག་ཚུད་ནས་འགྲོ་བཞིན་པ་རེད། སྨན་པའི་ལྷན་ཚོགས་དང་སྨན་གྱི་སྡེ་ཚན་ཚང་མས་དགོངས་པ་བཞེས་དགོས་པ་གཙོ་བོ། ཁྲིམས་མཐུན་ངོས་ལེན་བྱུང་ཚར་རྗེས་ང་ཚོས་རྒྱ་གར་གཞུང་གི་ངོས་ལེན་དམིགས་ཡུལ་ནང་བཀོད་ཡོད་པ་རེད། ང་རང་ཚོར་གང་ཡོད་པ་དེར་བདག་པོ་རྒྱག་དགོས་པ་ཞིག་དང་ཐུབ་པ་ཞིག དེབ་སྐྱེལ་སོགས་གང་ཡིན་ནང་བཟོ་གྲྭ་གཞན་གྱི་ལག་མ་ཤོར་བ་བཟོ་རྒྱུ་ཛ་དྲག་གི་གནས་ཚུལ་ཞིག་རེད་ལ། ཁྲིམས་མཐུན་བདག་དབང་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་དང་བྱེད་རྒྱུའི་གོ་སྐབས་ལ་བསླེབས་ཡོད་པ་རེད་བསམ་གྱི་འདུག ” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་གྱི་བར་བརྒལ་སྲིད་བློན་གསར་པ་ཤི་ལ་ཀཱར་ཀི་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༢༠༢༥།༩།༡༥ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢

མཆན། 3

  1. Dawai Shonu says:
    ལོ་ 12 སྔོན།

    སྨན་པའི་ལྷན་ཚོགས་ཀྱིས་ཨུ་ཚུགས་ཀྱིས་གཞུང་ལ་དངུལ་གྱི་་རྒྱབ་སྐྱོར་ཞུ་བ་དེ་རྩ་བ་ཉིད་ནས་འགྲིགས་ཀྱི་ཡོད་མ་རེད། ཁྱེད་རང་ཚོས་དེ་འདྲ་བྱས་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མས་དེ་འདྲ་བྱས་ཀྱི་རེད། དེ་འདྲ་བྱས་ན་གཞུང་ལ་འཁུར་པོ་ཆེན་པོ་ཞིག་རེད། སོ་སོས་རང་འགོ་འབུད་དགོས་པ་ལས་གཞན་ལ་བརྟེན་བསྡད་པ་འདི་ལས་སླ་བྱུས་བྱེད་པ་རེད་ལ་གཞན་གྱིས་གསོ་སྐྱོང་རྐྱང་རྐྱང་ལ་རེ་བ་བཅོལ་མི་རིགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ རྒྱ་གར་གཞུང་གིས་གསོ་བ་རིག་པ་ངོས་འཛིན་རག་པ་་་་་་་་

    Reply
  3. རྣམ་རྒྱལ། says:
    ལོ་ 12 སྔོན།

    ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ལ་བསྙེས་པའི་ཐབས་ཤས་འདྲ་མིན་བྱས་ཀྱང་ཕན་འབྲས་ཐོན་ཡོད་པ་མ་རེད། ང་རང་གིས་བསམ་བློ་བཏང་བ་ཡིན་ནའང་དེང་སྐབས་བོད་སྨན་དེ་རྒྱ་གར་གྱིས་ངོས་ལེན་གནང་ཟིན་པ་དང་རྒྱལ་ཁབ་ཕྱི་ནང་ལ་སྙན་གྲགས་ཆེན་པོ་ཡོད་སྟབས་གཞུང་ལ་བསྙེས་དགོས་པ་ཞིག་མ་རེད་ལ། གཞན་བརྟེན་གྱི་བསམ་བློ་དེ་ཡག་པོའང་མ་རེད་བསམ་གྱི་འདུག རང་ག་རང་གསལ་དང་རང་སྐྱོང་རང་སྐྱ་ཐུབ་པ་ཞིག་གི་ཐོག་ནས་བསྡད་ན་ཡག་པོ་འདུག་དྲན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese