མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཕྱི་ཟླ་ལྔ་པའི་ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་ཨ་རིའི་ཝི་སི་ཀོན་སིན་མངའ་སྡེའི་རི་དྭགས་སྐྱེད་ཚལ་ནང་པའི་སྟི་གནས་སུ། བོད་པའི་སློབ་ཕྲུག་ཅིག་གི་དྲི་བའི་ལན་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་མིང་འདོན་གནང་སྟེ། “ ཁོས་ང་མ་བིན་བཟོ་གི་ཡོད་པ་རེད” ཅེས་གསུངས་པ་དང༌། ཟླ་འདིའི་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་སྡེ་འགན་ཡན་གྱི་སྲི་ཞི་ལས་བྱེད་ཡོངས་ལ། བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་བཀའ་སློབ་གནང་སྐབས། སླར་ཡང་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་མི་ ༤ མིང་འདོན་གནང་ཡོད་སྟབས། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་དགའ་ལྡན་ཕོ་བྲང་ལ་གསལ་བཤད་གནང་བའི་སྐོར་གསལ་བསྒྲགས་སྤེལ་སོང་། 

གསལ་བཤད་གནང་བཀོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ ཉིན་སྤྱི་འཐུས་རྒྱུན་ལས་ནང་ཉེ་ཆར་མང་གཙོའི་དུས་ཆེན་ཉིན་སྤྱི་ནོར་ྋགོང་ས་ྋ སྐྱབས་མགོན་ཆེན་པོ་མཆོག་ནས་སྲི་ཞུ་ལས་བྱེད་མཉམ་བཞུགས་མོལ་ཚོགས་འདུ་གནང་བའི་ ནང་བཀའ་སློབ་དང་བཀའ་བསྡུར་ཇི་བྱུང་སྐོར་དེ་སྐབས་ཚོགས་འདུར་ངོ་ཕེབས་ཚོགས་ གཙོ་སྦྲེལ་པོ་དང་ཚོགས་དྲུང་གསུམ་ནས་གསལ་བཤད་བགྲོ་གླེང་གནང་འབྲས་བར་ལམ་ྋགོང་ ས་མཆོག་ལ་ཐུགས་ཕམ་བྱུང་རྐྱེན་སྐུ་ཚེའི་ལོ་ཚད་སྐོར་གྱི་གནད་དོན་དང་ཕྲན་ འབྲེལ་བ་གང་ཡང་མེད་པ་གསལ་པོ་ཆགས་པའི་ཐོག དེའི་ཕྱི་ཉིན་གུས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ མཆོག་ལ་ངོ་བཅར་གྱིས་གཤམ་གསལ་གནད་དོན་རྣམས་སྙན་སེང་ཞུས་པ་ཡིན།

༡༽      ཉེ་སྔོན་ཨ་རིར་བོད་ཕྲུག་ཞིག་ནས་ྋགོང་ས་མཆོག་ལ་བཀའ་འདྲི་ཞུས་པ་ལས་འཕྲོས་ཏེ་ ཕྲན་གྱི་མིང་འདོན་མཛད་པ་དེ་དག་གལ་ཆེར་རྩིས་ཏེ་དེ་སྐབས་ལམ་སེང་སྤྱི་འཐུས་ རྒྱུན་ལས་ཐོག་དང༌། དཔལ་ལྡན་སྲིད་སྐྱོང་མཆོག་ལ་ངོ་བཅར་གྱིས་གསལ་བཤད་ཞུས་ཡོད། དོན་སྙིང༌། བོད་ཕྲུག་དེས་གོ་བ་ལོག་གྲུབ་ཀྱིས་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ ཐུགས་ནང་རང་བཙན་ཡོད་ལུགས་ཞུས་པ་དེ་དག་ཕྲན་ནས་སྔ་ཕྱིར་གྲོས་ཚོགས་སུ་ཞུས་པའི་ གཏམ་བཤད་ནང་གཏན་ནས་བརྗོད་མེད་ཅིང། རང་ཉིད་ཀྱི་རྣམ་ཀུན་ཀུན་སློང་དང་སྣང་བའི་ཡུལ་དུའང་དེ་ལྟར་མེད་ངེས་ཡིན། དེ་ལྟར་ྋགོང་ས་མཆོག་ ” མ་འབིན་” བཟོ་ཐབས་ཕྲན་ནས་བྱས་ཡོད་ན་གྲོས་ཚོགས་ནང་དཔལ་ལྡན་བཀའ་ཤག་དང༌། སྤྱི་འཐུས་རྣམ་པ་ཚོགས་བཞུགས་ཡོད་སྟབས་དགག་ལན་ཡོང་དགོས་ངེས་ཀྱང་བྱུང་མེད་པ་ ནས་གསལ་པོ་མཁྱེན་ཐུབ། དེ་བཞིན་གྲོས་ཚོགས་ཀྱི་ལས་དོན་རྡ་སར་གཟུགས་མཐོང་རླུང་འཕྲིན་ཐོག་ཐད་བཏོང་ དང༌། བསྐྱར་སྟོན་ཡང་གནང་ཡོད་པས་དེ་སྐབས་མང་ཚོགས་ནས་ཀྱང་བསམ་ཚུལ་སྣེ་གཅིག་ཞུ་མཁན་ བྱུང་མེད། དེར་བརྟེན་དེང་གི་འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་ གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡང་ཡོད། ཕྲན་གང་ཟག་ཕལ་པ་ཞིག་ནས་ྋརྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་པར་ཚོད་དཔག་ནམ་ཡང་ ཞུ་མི་སྲིད།

འོན་ཀྱང་ྋསྙན་སེང་སྒྲོན་སྟངས་ནས་ྋགོང་ས་མཆོག་ལ་མི་ལེགས་པའི་དགོངས་ཚུལ་ཞིག་ བྱུང་ཡོད་གཤིས་དེར་གུས་ནས་ལྷ་དགོངས་དྭངས་བར་གུས་ཕྱག་དང་བཅས་དགོངས་སེལ་ཞུ་ རྒྱུ་ཡིན།

༢༽      དགོངས་ཚུལ་འབྱུང་གཞིའི་གནད་དོན་དེ་དག་གུས་ནས་བརྗོད་པ་རྩ་བ་ནས་མེད་ཐད་རིང་ མིན་ྋགོང་ས་མཆོག་ལ་ྋམཚན་འཁོད་ྋསྙན་ཞུ་ཞིག་འབུལ་རྒྱུ་ཡིན།

༣༽     དགོངས་སེལ་ཞུ་རྟེན་དུ་ཕྲན་ནས་ད་ཕན་གནད་དོན་དེ་ཐོག་བསམ་ཚུལ་བརྗོད་རིགས་ཡོངས་ རྫོགས་ཕྱིར་འཐེན་ཞུ་རྒྱུ་དང༌། སླད་མར་དེ་སྐོར་གླེང་སློང་ནམ་ཡང་བྱ་རྒྱུ་མིན་པ་བཅས་ཀྱི་གསར་འགོད་གསལ་ བསྒྲགས་སུ། སྤྱི་འཐུས་རྒྱུན་ལས་པ་ཀརྨ་ཆོས་འཕེལ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ལ།། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 23

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    རྐམ་ཆོས་འཕེལ་སྤྱི་ཚོགས་ནས་གནས་དབྱུང་བཏང་ཟིན་པའི་མཚམས་ནས་ཡར་བསྡུས་ཡོང་མཁན་དེས་འགན་འཁུར་དགོས་པ་རེད།

    སྤྱི་འཐུས་སུས་བཀོད་པ་རེད། དཱ་འགན་འཁུར་ལ་རན་འདུག་དཱ།

    མང་བཀུར་གྱིས་འགན་དབང་གཅེས་འཛིན་རན་ནས་འདུག

    Reply
  2. སྦྲ་ནག says:
    ལོ་ 12 སྔོན།

    སྤྱི་ཚོགས་ཀྱི་གནོན་ཤུགས་ནི་དུག་དང་འདྲ་སྟེ། དུག་གིས་འགྲོ་བའི་ཚེ་སྲོག་འཇོམ་ཞིང་གཅིག་ཤོས་ཀྱིས་སྤྱི་ཚོགས་སུ་མགོ་བོ་གཏན་ནས་དགྱེ་མི་འཇུག་པ་དེ་ཡིན། ཀར་ཆོས་དང་སྒེར་གྱི་ཞེ་འཁོན་ཆེ་བའི་ཆབ་བྲག་ལྷ་མོ་སྐྱབས་སོགས་ཞེ་འཁོན་རྩོད་སའི་ལག་ཆ་ཡག་པོ་ཞིག་རེག་འདུག་པས་གུང་ཁྲན་ལ་སྤྲེལ་ལད་དང་བཅས་སྟེ་རང་གཙན་དོན་གཉེར་བའི་མགོ་བོ་གཅོད་ཅིག

    Reply
  3. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    ཀརྨ་ཆོས་འཕེལ་གྱི་སྐད་ཆ་དང་༧རྒྱལ་བའི་གསུངས་ནང་བོད་པས་དེ་སྔོན་རང་བཙན་རྩོད་པ་གསལ་པོ་ཆགས་འདུག འོན་ཀྱང་ཀརྨ་ཆོས་འཕེལ་ཀྱི་རང་བཙན་རྩོད་ན་འགྲིག་པའི་སྒྲུབ་བྱེད་དུ་༧རྒྱལ་བའི་བཀའ་ལུང་བགྲང་བ་དེ་གནས་དུས་དང་མི་མཐུན་པ་ཙམ་ལས་ཕྱི་ལོ༡༩༦༠ལོའི་ནང་གི་༧རྒྱལ་བའི་བཀའ་རྩོམ་དེ་དག་རང་བཙན་དང་འབྲེལ་བ་མེད་པ་སུའི་སྒྲུབ་ནུས། དེ་རིང་ཀརྨ་ཆོས་འཕེལ་གྱི་གཏམ་འདི་གཞུང་དམངས་ཡོངས་ཀྱི་ཁ་གསལ་གོ་ན་ལེགས་གཅེས་ཆེ་པོ་ཞིག་རེད། དེ་མིན་ཆབ་སྲིད་པ་མང་དག་ཞིག་གི་༧རྒྱལ་བའི་བཀའ་ལག་པ་ཕྱིས་ནས་དཀྲོག་ཅན་བཟོ་གི་འདུག འདིའི་ཕན་གནོད་བསྡོམས་རྒྱབ་ན་དྲི་བ་བདེ་པོ་རེད་།

    Reply
  4. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    མངའ་འཕྲིན་ཟེར་བར། སྲིད་སྐྱོང་གིས་མང་གཙོ་བཙན་བྱོལ་ལྟ་གྲུབ་སྟེང་འགལ་ཟླ་ཡིན་བཤད་པ་དེར་ཁོང་ལ་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནས་ཚུལ་གཉིས་ཆར་ཁུངས་ལུང་དང་རྒྱབ་རྟེན་གང་ཡང་མེད་པ་དཔྱད་ན་ལེགས་པར་ཤེས་པ་འདི་ཡིན་པས་དེ་གླེང་འདོད་མེད།

    ཀརྨ་ཆོས་འཕེལ་མགོ་བཏགས་ཞུ་བའི་སྐད་ཆ་དེ། དེ་སྔ་ཚོགས་གཙོ་གཉིས་ལ་ཆ་བགོས་ཀྱིས་འོས་འདེམས་སྐབས་སྤྱི་འཐུས་ལྷན་ཚོགས་ནང་བྱུང་བའི་སྐད་ཆ་ཞིག་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་དང་པོར་ཀརྨ་ཆོས་འཕེལ་ཁོ་པས་ཁོང་གི་མི་ཚང་དང་སྒེར་བའི་ཐད་ནས་བཤད་ན་རྒྱ་ནག་འཁོན་རྩོད་བྱེད་དགོས་དོན་གང་ཡང་མེད་ཅེས་བཤད་འདུག གང་ལྟར་རིག་པ་རྣལ་དུ་གནས་ཤིང་དྲང་པོའི་གཞུང་བསྲིངས་པའི་སྤྱི་འཐུས་རིགས་ཞེན་ཅན་ཞིག་ཡིན་ན། གནས་སྟངས་འདི་འདྲར་གྱར་དོན་མེད་པས། དངོས་གནས་རང་ངོ་ལོག་ནའང་འགྲིག་གི་ཅེས་ལབ་འདོད་པ་དེ་ཙམ་ཡིན།།

    Reply
  5. གནས་ཚང་། says:
    ལོ་ 12 སྔོན།

    དོན་དག་ཡོད་ཚད་འདི་ལྟར་ཕྱི་གསལ་ནང་གསལ་ཆགས་ཡོང་ན་ཡག་པོ་ཞེ་དྲག་རེད། ལོ་རྒྱུས་སྨྲ་བ་ཚོར་བོད་པ་བྲོས་བྱོལ་བའི་ལོ་རྒྱུས་འཐུས་ཚང་ཞིག་འབྲི་བར་བསྐུལ་མ་གནང་བཞིན་པས། ལོ་རྒྱུས་ཀྱིས་དཀར་ནག་གསལ་འབྱེད་བྱེད་ཀྱི་རེད།

    Reply
  6. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    འདྲེ་མགོ་རྡོ་ལགས། ཉེ་སྔོན་སྲིད་སྐྱོང་མི་རྗེ་བློ་སེང་མཆོག་གིས་བཀའ་སློབ་གཅིག་གི་ནང་དུ། སྐྱབས་བཅོལ་ཡིན་པ་ལ་མང་གཙོ་ཟེར་བ་དེ་ཡོངས་ཐབས་མེད་པ་ཞིག་རེད། སྐྱབས་བཅོལ་ཟེར་བ་དེ་གང་ཟག་གཅིག་གིས་མགོ་ཁྲིད་ནས་འཐབས་རྩོད་བྱེད་པ་དགོས་པ་ཞིག་ཡིན་ན་ཡང་། ང་ཚོ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་གསུང་གི་ཡོད་རེད་ལ་ཐུན་མོང་མ་ཡིན་པ་ཞིག་རེད་འདུག་ཅེས་གསུང་ལ་གཟིགས་དང་མཁྱེན་ངེས་རེད། དེ་ནི་མང་གཙོ་ཕར་རྩོད་མ་དགོས་པར་ཚུར་གསོལ་རས་སྩལ་པ་ཞིག་རེད། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། ཆོས་དད་རང་དབང་། འགྲོ་བསྐྱོད་རང་དབང་སོགས་མང་གཙོའི་ཁེ་དབང་དེ་ཉིད་དུས་བབ་ཚང་གི་ལོངས་སུ་སྤྱོད་བཞིན་པ་རེད། དུས་བབ་གསར་ཁང་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་ཀརྨ་ཆོས་འཕེལ་༼ཁོ་པ་རྒྱ་མིར་ངོ་ལོག་སོང་ན་ཏག་ཏག་རེད།༽ཅེས་གསུང་པ་ནི་ནོར་བ་ཡིན་སྲིད། ཁོ་པ་རྒྱ་མི་ལ་ངོ་ལོག་པའམ་མགོ་བཏགས་ཞུ་མཁན་ཞིག་ཡིན་ན་གནས་ཚུལ་འདི་གླེང་མཁན་སུ་ཡོད་དམ། ཁོ་པས་ངོ་མ་ལོག་པ་ཡིན་ཙང་ངོ་ལོག་རྒྱུར་སྣོན་ཤུགས་སྤྲད་དང་སྤྲོད་བཞིན་པ་མ་མཁྱེན་ནམ།།

    Reply
  7. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    རབ་ཡིན་ན། བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་འདི་རིགས་དྲ་ངོས་འཁྱེར་ཡོང་ནས་བཙོག་པ་མ་བཟོ་རོགས། འདི་སྐྱག་རྫུན་ཧམ་པ་ཡིན་པ་ཤེས་བཞིན་དུ། ཁོང་གིས་དེ་སྔ་བཤད་པའི་གསལ་བཤད་ཡི་གེ་དང་དེའི་འཕྲོས་བཤད། ༸གོང་ས་མཆོག་གིས་བཀའ་ལན་གནང་བ་རྣམས་གསལ་ཐང་ཐིང་ཡོད་བཞིན་དྲ་ངོས་འཁྱེར་ཡོང་བ་འདི་ལ་དངོས་གནས་བློ་ཕམ་ཡོད། སྐྱག་རྫུན་བསྒྲགས་ཡིག་གསར་ཁང་ཚད་ལྡན་གྱིས་འགོད་གསར་འགོད་རིགས་པའི་གཞུང་ལུགས་དང་མཐུན་གྱི་མི་འདུག་ལ། སྐྱག་རྫུན་དང་ཁུངས་མེད་མ་བཀོད་པས་སྨྲ་བརྗོད་རང་དབང་འཕྲོག་པ་ཞིག་གཏན་ནས་མིན་སྟབས་དེ་དག་ལ་དགོངས་པ་བཞེས་ནས་མི་ཧམ་ཆེན་འདི་རིགས་ལ་ཡ་བྱེད་པ་ནི་ཚད་ལྡན་མ་རེད།

    ཁོ་པ་རྒྱ་མིར་ངོ་ལོག་སོང་ན་ཏག་ཏག་རེད།།

    Reply
  8. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    http://youtu.be/SO7fu6zKagY
    བཀའ་བློན་ཁྲི་ཟུར་སྐུ་ངོ་འཇུ་ཆེན་མཆོག་གིས་གསུང་ཁག་མང་པོ་ཞིག་འདུག་པས་དེར་གཟིགས་རོགས། ལོ་ཁམས་ག་ཚོད་བར་རང་བཙན་ཡིན་མིན་གསལ་པོ་གསུངས་འདུག

    Reply
  9. བོད་དགའ། says:
    ལོ་ 12 སྔོན།

    སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་རྣམ་ཐར་འདི་ཁོ་ནས་ང་ཚོའི་སྤྱི་ཚོགས་དང་གཞུང་འབྲེལ་གང་ལ་ཡང་དག་པའི་དམངས་གཙོ་ཞེས་པ་ཞིག་བརྙེད་རྒྱུ་མེད་པ་ཤེས་སོང་།
    གོང་དུ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་མཚན་ཐོག་ནས་མཆན་ཞིག་སླེབས་འདུག དེ་ཁོང་རང་ཉིད་ཀྱིས་བྲིས་པ་ཞིག་ཡིན་དོན་མི་འདུག གང་ལགས་ཞེ་ན་ཁོང་ནི་ཤེས་ཡོན་དང་ཡར་རབས་ཀྱི་སྣེ་འཁྲིད་མཁན་གྱི་མི་བུ་སློབ་སྟོན་པ་ཞིག་དང་། ལོ་མང་རིང་སྤྱི་འཐུས་ཀྱི་གྲོས་རར་སྐྱིད་ན་ཞབ་བྲོ་མཉམ་འཁྲབ་དང་། སྡུག་ན་ཁུར་པོ་མཉམ་ཁུར་གྱི་སྤྱི་མི་ཞིག་བྱས་མྱོང་བའི་རྒྱུ་མཚན་གྱིས་ “ད་ངོ་མ་ཀརྨ་ཆོས་འཕེལ་གྱི་དྲན་ཤེས་ཉམས་པའམ་བླ་འཁྱམ་པའམ། ར་བཟི་བའམ་་་་་” ལྟ་བུའི་ཡོན་ཏན་སྣ་ཞིག་མེད་པའི་མི་ཐ་ཤལ་བ་ཞིག་གི་སྐད་ཆ་ལྟ་བུ་ཐོན་མི་སྲིད་སྙམ།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    སྤྱིར་བཏང་འདི་ལ་སྐད་ཆ་བཤད་འདོད་མི་འདུག་ལ། དུས་བབ་དྲ་བས་ཀྱང་ན་ག་ནོག་གེ་འདི་རིགས་དྲ་ངོས་ཁྱེར་ཡོང་བ་ནི་ལན་པོ་ཞིག་མཐོང་མ་སོང། ཡིན་ནའང་ཡང་བསྐྱར་ཀརྨ་ཆོས་འཕེལ་གྱི་སྐྱག་རྫུན་བཤད་པར་ཧ་ལས་སོང།

    ༡ ཀརྨ་ཆོས་འཕེལ་གྱིས་གསལ་བཤད་ཟེར་བའི་ནང་༸གོང་ས་ཆེན་པོ་ཞལ་ཞེ་མི་མཚུངས་པ་དངོས་བཀོད་བྱས་མེད་ཀྱང། འཕྲོས་བཤད་སྐབས་ཞལ་ཞེ་མི་མཚུངས་པ་ཡིན་བརྙན་འཕྲིན་དེར་ཤིན་ཏུ་གསལ།

    ༢ གསལ་བཤད་ཟེར་བ་ཕུང་དཀྲུགས་དེ་བཤད་པའི་ཉིན་དེ་ག་རང་ལ་ཚོགས་གཙོ་མཆོག་ཁྲི་ཐོག་ནས་ཡར་བཞེངས་ཏེ་ལན་སྟོན་ཚ་ནན་བྱས་པ་ཀུན་ལ་མངའ་ཆུབ་དང། གསལ་བཤད་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་དམིགས་བསལ་གྱིས་ཞིབ་བཀོད་བྱས་འདུག། དེ་བཞིན་དབུ་མ་པ་སྐོར་ཞིག་གིས་ཉིན་དེ་གའི་ཕྱི་དྲོར་གསལ་བཤད་དེ་དོགས་གཞི་ཅན་གྱི་གསལ་བཤད་ཡིན་པ་དང་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་ཡོད།

    ༣ ༸གོང་ས་ཆེན་པོས་བཀའ་ལན་རང་དུའང་དོ་བདག་གི་ཀུན་སློང་ལ་དོགས་གཞི་ཡོད་པའི་བཀའ་ཕེབས་འདུག

    ༤ དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གི་མཚན་རྟགས་འཁོད་པའི་དྲག་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ཀྱང། ཞལ་ཞེ་མི་མཚུངས་པའི་དཀྲོགས་གཏམ་འཕྲོས་བཤད་དང། རང་དབང་དང་རང་བཙན་དོན་གཅིག་ལ་དགོངས་པ་ཡིན་ཚུལ་གྱི་སྐུར་འདེབས་དེ་བཞིན༸གོང་ས་མཆོག་གི་དགོངས་པ་མིན་ཚུལ་ཡོངས་བསྒྲགས་གནང་འདུག

    ༥ གྲོས་ཚོགས་ཚོགས་ཐེངས་དེ་མཇུག་སྒྲིལ་ནས་ཉིན་གཉིས་ཀྱི་རྗེས་སྲིད་བྱུས་ཉམས་ཞིབ་ཁང་གི་མཁས་པའི་བགྲོ་གླེང་སྟེང་དུ། ཀརྨ་ཆོས་འཕེལ་གྱིས་ཡང་བསྐྱར་རང་དབང་དང་རང་བཙན་དོན་གཅིག་ལ་གཟིགས་ཡོད་པའི་དགོངས་གཞིར་སྐུར་འདེབས་བྱེད་རྩིས་བྱས་ཀྱང། དེ་ཉིན་ཁོ་བོས་ཚོགས་ཐོག་ནས་ཚོགས་འདུའི་བརྗོད་སྙིང་དང་མི་མཐུན་པས་བཀག་པ་ཡིན།

    ༦ མདོ་དོན་༸གོང་ས་མཆོག་རང་གི་ཞལ་ནས་གསུངས་པ་བཞིན་ཀརྨ་ཆོས་འཕེལ་དང་ཁོ་པ་འདྲ་བ་ཚོས་ག་དུས་ཡིན་ནའང་༸གོང་ས་ཆེན་པོ་མ་བིན་བཟོ་ཐབས་ལ་འབད་པ་ནི་བྱུང་རབས་དང་དངོས་ཡོད་གཉིས་ཆར་འགེབས་མི་ཐུབ་པ་ཞིག་རེད།

    ༧ ལར་ནས་གསར་འགྱུར་བརྒྱུད་ལམ་ཁག་དང་གཟུར་གནས་ཤེས་ལྡན། དྲང་པོར་སྲོག་བརྗེ་བ་དག་གིས་གནས་སྟངས་འདི་རིགས་ལ་ཡ་ལན་གཏན་ནས་མི་གནང་བའི་འབོད་སྐུལ་བཅས།།

    Reply
  11. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    གནས་ཚུལ་དེ་འབྱུང་རྩ་གཙོ་བོ་ནི་ཀརྨ་ཆོས་འཕེལ་གྱི་ལྟ་བའི་ཁ་ཕྱོགས་ནོར་བ་ཡིན་ནམ་སྙམ། གཅིག་ཁོ་པས་རང་བཙན་ཟེར་བའི་ཚིག་དེ་བེད་སྤྱོད་གནང་ས་ནོར་བ་རེད། གལ་སྲིད་རང་བཙན་གླེང་ནས་རང་བཙན་རྩོད་དགོས་ན་བོད་ལ་འགྲོ་ནས་གཞིས་ལུས་རྣམས་དང་ལྷན་རྩོད་དགོས། ཁོ་ཚོས་རང་བཙན་སྐད་འབོད་ཀྱི་སྒྲ་སྐད་ད་ལྟ་ཡལ་མེད་ལ། ཁོ་ཚོས་རང་བཙན་དོན་དུ་མེ་རུ་སྦར་བའི་ཚ་འོབ་ད་ལྟ་གྲང་མོར་ཆགས་མེད། གཉིས་ཨ་རིར་གཏན་གཞི་བྱས་པའི་སློབ་ཕྲུག་དེ་ཉིད་ཐ་ན་བོད་སྐད་དང་མ་ཙམ་ཡང་མི་ཤེས་ན་༧གོང་ས་མཆོག་གི་དགོངས་པ་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་ཀུན་སློང་སོགས་གང་ནས་ཤེས། དོ་སྣང་ཡོང་ཡང་མི་སྲིད། སྤུ་གུ་ནི་སྤུ་གུ་རང་རེད། རྔན་པ་བྱི་རིལ་ཐོབ་ན་སྤུ་གུས་ཁ་ནས་གང་ཡང་ཐོན་སྲིད། དེ་ལ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཁྲིམས་ཐོག་ནས་བརྡ་དེད་བཏང་བ་ཡིན་ན་སྤུ་གུ་ངུ་རྒྱུ་ལས་ལྷག་མེད། སྤུ་གུ་ངུས་ན་ཨ་མ་སུ་ཡིན་གཞི་ནས་རྟོགས་ནུས། འོན་ཀྱང་དེ་ཚོ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་བཙན་བྱོལ་པའི་ནང་ཁུལ་གྱི་སྲིད་དོན་ཁོ་ན་ལས་བོད་མི་རིགས་ལ་ཕན་པའི་ཕྱག་ལས་ཤིག་རྩ་བ་ནས་མཐོང་མི་སྲིད། གངས་ལྟར་ད་རེ་ཀརྨ་ཆོས་འཕེལ་ལགས་མགོ་བཏགས་ཞུས་པ་དེས་རྡོག་རྩ་གཅིག་སྒྲིལ་དང་། ༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པའི་རེ་བ་ཡོད། ད་ནས་བཟུང་གཟབ་གཟབ་གནང་དགོས་པ་གལ་ཆེའི་ནང་ནས་ཆེ་བ་དེ་ཡིན།།

    Reply
  12. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    ངའི་བསམ་པར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གྲོས་ཚོགས་ར་བར་བོད་རང་བཙན་གྱི་སྐད་ཆ་ཁ་ནས་དོན་མཁན་དང་པོ་ཡིན་ཙང་། གངས་ཅན་སྐྱིད་ཞོང་ལས་དབང་གི་སྒྲིག་ལམ་ལ་དོ་ཕོག་གཏོང་རྩིས་བྱས་པའི་ཉེས་ཅན་པ། དབུ་མའི་ལམ་ལ་ནམ་ཡང་ངོས་ལེན་མེད་ཅེས་པའི་ཐ་ཚིག་གིས་༧གོང་ས་༧མཆོག་ལྷ་དགོངས་འཁྲུགས་རྐྱེན་བཟོས་པ། དབུས་གཙང་དབུས་རྒྱུན་ལས་ཀྱི་མཚན་ཐོག་དབུས་གཙང་ཡོངས་ཀྱི་གདོང་ཁུར་ཏེ་ནས་རི་བོང་ཅལ་འདྲོགས་ཅན་ཁ་ཤས་ཤིག་གིས་ཁོ་པ་སྤྱི་འཐུས་ནས་རྩ་དགོངས་ཞུ་དགོས་པའི་འཇིགས་བསྐུལ་ལ་དང་ལེན་མ་བྱས་པ་སོགས་ཀྱི་ཉེས་མིང་འོག་གངས་ཅན་སྐྱིད་ཞོང་གི་བཙོན་ཁང་དུ་བཅུག་ཡོད་ཤག་བྱས་པ་ཡིན། དེ་རིང་སང་ཁོ་པས་གསལ་བསྒྲགས་གསལ་བཤད་དང་འབྲེལ་མགོ་བཏགས་ཞུས་པའི་གནས་ཚུལ་དེ་མཐོང་ཡོང་དུས་ད་དུང་ཁོ་པ་ཕྱི་རུ་ཤོར་ཏེ་འཕག་འཚག་རྒྱབ་བཞིན་པ་རྟོགས་བྱུང་།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གསལ་བོ་ཧ་གོ་སོང། ཀརྨ་ཆོས་འཕེལ་གྱིས། དབུ་མའི་ལམ་དེ་ཛ་དྲག་གི་གནས་སྟངས་ལ་བརྟེན་ནས་ཐབས་མཁས་པས་གནང་བ་མ་གཏོགས་དགོངས་གཞི་རང་བོད་རང་བཙན་རྩོད་འདོད་ཡོད་ཚུལ་ལ་ངོས་འཛིན་བྱས་འདུག དེའི་སྒྲུབ་བྱེད་དུ་འཕྲིན་བཅོལ་ཁག་ནང་གི་རང་དབང་ཟེར་བའི་ཚིག་དེ་དག་དྲངས་འདུག
    མདོར་ན་ཁོས་བོད་རང་བཙན་མུ་མཐུད་རྩོད་པ་དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་རང་ཡིན་པ་བསྒྲུབས་པའི་ཁུལ་རེད།
    དེ་ལ་༸གོང་ས་མཆོག་གིས་ ༡༩༧༤་ནས་ཁ་ཞེ་གཉིས་མེད་ཀྱིས་གཉིས་སྨན་དབུ་མའི་ལམ་ལ་ཕྱིན་པ་དང་དེ་ཕྱི་གསལ་ནང་གསལ་ཡིན་པ། སྒྲོ་སྐུར་དེ་རིགས་ཀྱིས་ཁོང་མི་ངན་བཟོ་གི་ཡོད་ཚུལ་གསུངས་འདུག
    ཀརྨ་ཆོས་འཕེལ་གྱིས་ད་དུང་ཁོས་དེ་འདྲ་ཞིག་བསམ་མྱོང་མེད་བཤད་མྱོང་མེད་ཟེར་ནས་མངོན་སུམ་ལ་བསྙོན་གྱིན་འདུག་ག ཁོས་བཤད་མེད་པའི་བདེན་དཔང་དུ་་་གྲོས་ཚོགས་ནང་ནས་དགག་བྱ་སླེབས་མ་སོང་ཟེར་་་་ ཧ་ཧ་ཧཧ་ཧ་་་་་ད་ངོ་མ་ཀརྨ་ཆོས་འཕེལ་གྱི་དྲན་ཤེས་ཉམས་པའམ་བླ་འཁྱམ་པའམ། ར་བཟི་བའམ་་་་་
    ཁོ་ཚོགས་གཙོ་ཡིན་དུས་གྲོས་ཚོགས་ནང་ལ་ངེད་གཉིས་མང་པོ་ཐུག་ཚར་བ་རེད། ཉིན་ཞིག་ཁོ་ལན་གྱིས་ཕོངས་ནས། ཚོགས་གཙོའི་ཚང་མ་ཡང་དག་ཡིན། ཚོགས་གཙོས་གང་བཤད་ཚང་མ་འགྲིགས་པ་རེད། ཚོགས་གཙོར་སྐྱོན་བརྗོད་མི་ཆོག ཅེས་དབྱིན་ཇིའི་ཚིག་ཅིག་ལུང་དྲངས་པ་དེ་ཡང་དྲན་སོས་ཀི་འདུག ཁོའི་བཅོས་སུ་མེད་པའི་གཤིས་ཀ་རྫུན་མ་འདི་ཅི་ཡིན་ནམ།

    Reply
  14. དོན་ལྡན། says:
    ལོ་ 12 སྔོན།

    ༼ དགའ་ལྡན་ཕོ་བྲང་གི་གསལ་བཤད་ལན་འདེབས། ༽
    ༄༅། ། ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་ “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་ “རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།” ཞེས་པ་དང་། གནས་ཆུང་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།།” ཞེས་པ་དང་། དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།” ཞེས་གསུངས་པ་དེ་དག་གི་བརྗོད་ཚིག་ཏུ་ཡོད་པའི་‘རང་དབང་’ཞེས་པ་‘རང་བཙན་’གྱི་དོན་ལ་གོ་དགོས་པ་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་ངོ་མ་‘བོད་རང་བཙན་’ཡིན་ཚུལ་འགྲེལ་བརྗོད་གནང་འདུགདེ་ལ་སྐབས་དེར་འབྲེལ་ཡོད་མཛད་གཙོ་རྣམ་པས་གསལ་བཤད་ཀྱང་མཛད་འདུག་ནའང་། གོང་དུ་དྲངས་པའི་ཚིག་བརྗོད་དེ་དག་ལྗགས་རྩོམ་གནང་མཁན་༸གོང་ས་མཆོག་སྐུ་ངོ་མ་ཉེ་འགྲམ་དུ་བཞུགས་བཞིན་དུ་ཁོང་གི་གསུང་གི་ཚིག་དོན་ལ་དངོས་དོན་མིན་པའི་འགྲེལ་བཤད་གནང་བ་དེ་ལ་འདི་གའི་འབྲེལ་ཡོད་ནས་གསལ་བཤད་ཅིག་མ་ཞུས་ན། བློ་གྲོས་ཞན་པ་འགའ་ཞིག་མགོ་བོ་རྨོངས་གཞི་དང་། རྒྱ་རིགས་རྣམས་ལ་དྭོགས་འདྲོགས་བསླང་གཞི། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣེ་མོ་བ་མཁྲེགས་བཟུང་བྱེད་མཁན་ཚོས་༸གོང་ས་མཆོག་ཞལ་ཞེ་གཉིས་མེད་དང་ཐུགས་བསམ་རྣམ་དག་མིན་པའི་སྐྱོན་བརྗོད་བྱེད་བཞིན་པ་དེ་ཚོའི་ཁུངས་སྐྱེལ་དན་རྟགས་ལྟ་བུར་འགྱུར་རྒྱུ་མ་ཟད། བྱུང་རབས་ཡིག་ཆའང་གསལ་ཁ་མེད་པ་ཆགས་གཞི་བཅས་ལ་བརྟེན། ད་ལམ་བརྒྱུད་ལམ་ཁག་གི་ཐོག་གསལ་བསྒྲགས་འདི་འགྲེམས་སྤེལ་ཞུས་པ་ཡིན།
    ‘རང་དབང་’ཞེས་པའི་ཚིག་དང་‘རང་བཙན་’ཞེས་པའི་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་པར། གོ་དོན་མི་འདྲ་བ་སོ་སོར་ཡོད་པ་ནི་ཡོངས་གྲགས་ཡིན་པས་ཀུན་གྱིས་མཁྱེན་གསལ་དང་།
    ཨིན་སྐད་དུ་Freedomཞེས་པ་དང་Independenceཞེས་པ་གཉིས་མིང་ཚིག་བེད་སྤྱོད་སྤྱི་དང་། ཁྱད་པར་སྲིད་དོན་དང་འབྲེལ་བའི་སྐབས་གོ་དོན་ཧ་ཅང་མི་འདྲ་བ་ཡོད་པ་བཞིན། བོད་སྐད་དུའང་‘རང་དབང་’དང་‘རང་བཙན་’གཉིས་ལ་གོ་དོན་མི་འདྲ་བ་ཡོད་པ་༸གོང་ས་མཆོག་གིས་གསལ་པོ་དགོངས་པའི་ཐོག་ནས་གོང་དུ་དྲངས་པའི་བཀའ་རྩོམ་དེ་དག་གི་ནང་‘རང་དབང་’ཞེས་པའི་ཚིག་ལས་‘རང་བཙན་’ཞེས་པའི་ཚིག་བེད་སྤྱོད་གནང་མེད། གལ་སྲིད་རང་བཙན་ཐུགས་ཀྱི་བཞེད་དགོངས་ཡིན་ན་ཚིག་ཀྱང་དེ་རང་བེད་སྤྱོད་གནང་རྒྱུར་སྡེབ་སྦྱོར་དང་བརྡ་སྤྲོད་གང་གི་ཆ་ནས་མི་བདེ་བ་གཏན་ནས་མེད། ༸གོང་ས་མཆོག་གི་བཞེད་དགོངས་ངོ་མ་གང་ཡིན་ཆེས་གསལ་བ་ཞིག་ནི་༸གོང་ས་མཆོག་གི་བཀའ་རྩོམ་དགའ་གདོང་འཕྲིན་བསྐུལ་དུ་“མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།། མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།། འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།། བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།”ཅེས་གསུངས་ཡོད་ཅིང་། འདི་ལས་གསུང་རྩོམ་གཞན་གྱི་དགོངས་དོན་ཡང་དཔོག་ནུས་པ་ལགས་ན། དྲང་བདེན་ལ་ཡིད་ཆེས་ཡོད་པའི་ཕྱི་ནང་མང་ཚོགས་རྣམས་ཀྱིས་གོ་ནོར་མ་ཐེབས་པ་གནང་གལ་ཆེ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༢༠༡༣ཕྱི་ཟླ་༤ཚེས་༨ལ།། །།

    Reply
  15. མི་ཆུང་། says:
    ལོ་ 12 སྔོན།

    འདི་ནི་སྤྱི་མཐུས་ཀརྨ་ཆོས་འཕེལ་གྱི་གྲོས་ཚོགས་ནང་གི་གཏམ་བཤད་ངོ་མ་དེ་རེད།

    ༼༼ང་རས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་གོས་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་དབུ་མ་དེ་ཛ་དྲག་དང་། དེ་འདྲ་གི་གནས་སྟངས་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གི་ཐབས་ཤེས་ཞིག་བཏོན་གནང་བ་རེད་མ་གཏོགས། གོ་ཡས་དེ་ད་ང་ཚོར་རང་དབང་རང་བཙན་རེད་པ་ཟེ་བྱས་ནས། སྐུ་མདུན་གྱི་དགོངས་པའི་ནང་དེ་ཡོག་རེད་བསམ་གྱི་ཡོད།༽༽

    འདི་ནི་ཁོང་གི་གསལ་བཤད་རེད།

    ༼༼བོད་ཕྲུག་དེས་གོ་བ་ལོག་གྲུབ་ཀྱིས་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ ཐུགས་ནང་རང་བཙན་ཡོད་ལུགས་ཞུས་པ་དེ་དག་ཕྲན་ནས་སྔ་ཕྱིར་གྲོས་ཚོགས་སུ་ཞུས་པའི་ གཏམ་བཤད་ནང་གཏན་ནས་བརྗོད་མེད་ཅིང།༽༽

    གང་ལྟར་ཡང་གོང་ས་མཆོག་ལ་སུ་ཞིག་གིས། བྱུང་རྒྱལ་དུ་མཚན་སྨད་དང་། བསམ་བཞིན་དུ་ཐུགས་ཕམ་འབྱུང་གཞི་བཟོ་མཁན་སུ་རིགས་ཀྱང་། ནམ་ཞིག་ན་བོད་ནང་གི་རྒྱ་ཆེའི་སྤུན་ཟླ་ཚོས། སྡོམ་རྩིས་རྒྱག་ངེས་རེད་མ་གཏོགས། དེ་མུར་ནམ་ཡང་འཇོག་མི་སྲིད།

    Reply
  16. ཤག་སྒང་པ། says:
    ལོ་ 12 སྔོན།

    རྙོག་གླེང་བཟོས་ཚར་ནས་ད་ཡང་ཕྱིར་འཐེན་དགོངས་སེལ་བྱ་རྒྱུ་ཞིག་ལྷག་མེད་དོ།། ཡང་ན་དེ་ཉིན་བཟི་ནས་བཤད་ཡིན་རྒྱུ་རེད། ཆག་སྒོ།

    Reply
  17. TenzinTsering says:
    ལོ་ 12 སྔོན།

    སྐུ་མདུན་གྱིས་ཨ་རིར་སློབ་ཕྲུག་ཅིག་ལ་བཀའ་ལན་གནང་བའི་སྐོར་གྱི་གནས་ཚུལ་ཞིག་འདིར་འདུག
    ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཝིསི་ཀོན་སིན་ (Wisconsin) མངའ་སྡེའི་རྒྱལ་ས་མེ་ཌི་སན་ (Madison) ནང་རྟེན་གཞི་བྱས་པའི་རི་དྭགས་སྐྱེད་ཚལ་ནང་པའི་བསྟི་གནས་ཁང་ (Deer Park Buddhist Center) དུ་མེ་ནི་སོ་ཊ་ (Minnesota) དང། ཨི་ལི་ནོ་ཨི་སི། (Illinois) ཝིསི་ཀོན་སིན། (Wisconsin) བཅས་ཀྱི་ས་གནས་ཁག་ནས་ཕེབས་པའི་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོར་དམིགས་བསལ་བཀའ་སློབ་བསྩལ་གནང་སྐབས་སློབ་ཕྲུག་ཅིག་གིས་ཉེ་ཆར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་གི་དགོངས་གཞི་དངོས་རང་བཙན་ཡིན་སྐོར་གྲོས་ཚོགས་སུ་བཤད་པ་དེར་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་བཀའ་ལན་གནང་འདུག

    དྲི་བ། བཀྲ་ཤིས་བདེ་ལེགས། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་པའི་སྐོར་དང་འབྲེལ་བ་ཅུང་ཟད་ཆགས་ཀི་ཡོད་སྟབས། ༧གོང་ས་མཆོག་གིས་ལམ་དབུ་མ་རྩོད་ཀྱི་ཡོད་པ་བཀའ་སློབ་རབས་དང་རིམ་པར་ཕེབས་ཡོད་ཀྱང། ཉེ་ཆར་སྤྱི་འཐུས་ཤིག་གིས། འདིར་མཚན་སྨྲོས་མ་དགོས་པ་བྱོས། སྤྱི་འཐུས་ཤིག་གིས་༧གོང་ས་མཆོག་ལམ་དབུ་མ་པ་མ་ཡིན་པར། རང་བཙན་གཙང་མ་རྩོད་གི་ཡོད་རེད་ཅེས་སྤྱི་འཐུས་ཤིག་གིས་དེ་འདྲ་ཞིག་གསུངས་པ་རེད་ཅེས་གོ་ཐོས་བྱུང། དེ་འདྲའི་ནོར་འཁྲུལ་ཅི་ལྟར་ཤོར་གྱི་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་དེར་ཐུགས་བསམ་གང་འདྲ་བཞེས་ཀྱི་ཡོད་ན།

    བཀའ་ལན། ཨོ་ཡ། ང་མ་བིན་བཟོ་གི་ཡོད་རེད། (མ་བིན་ཞེས་པ་ལྷ་སའི་ཁ་སྐད། རྫུན་བཤད་པ་ལ་གོ མཆན།) ང་མ་བིན་བཟོ་གི་ཡོད་རེད་ད། ཤེས་སོང་ངམ། ངས་ཁ་ནས་བཤད་བཞིན་ཡོད་པའི་རང་སྐྱོང་ཟེར་བ་དེ་ཁ་ནས་བཤད་གི་ཡོད་རེད་མ་གཏོགས་སེམས་ཀྱི་སྟེང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེས་ང་མ་བིན་བཟོ་བཞིན་ཡོད་པ་རེད། ང་མ་བིན་བཟོས་ན་ཕན་ཐོག་ཅིག་འདུག་གམ། ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་པ་ཡིན་ནའང། དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་པ་རེད་ཅེས་རྟག་པར་བཤད་བསྡད་ཡོད། ངས་གོང་དུ་ཞུས་པ་ནང་བཞིན་རེད། ང་རང་ཚོས་ཕྱི་ལོ་ ༡༩༥༠ ནས་ང་ཚོས་རང་བཙན་གྱི་ཐབས་ཤེས་བྱས་ཡོད་པ་རེད། མཐའ་མར་གྲོས་མཐུན་དོན་ཚན་བཅུ་བདུན་སྒང་ལ་ཕྱིན་པ་རེད། དེ་ནས་རྒྱ་གར་དུ་སླེབས་ཏེ་ང་ཚོས་རང་བཙན་སྒང་ལ་འབད་བརྩོན་བྱས་པ་རེད། ག་གས་འགྲུབ་ཡ་མི་འདུག་ག མ་བྱས་པ་མ་རེད་ད། དེ་ནས་རྗེས་སུ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ ༡༩༧༤ ནས་གཉིས་ཕན་ཟེར་བ་དེ་བྱས་པ་རེད། ཁ་ཞེ་གཉིས་མེད་ཡིན་མ་གཏོགས། དེ་ལྟའི་སྐད་ཆ་དེ་ཚོས་ང་མ་བིན་བཟོ་གི་ཡོད་པ་རེད། དེ་ནས་ཁོ་རང་གི་མིང་བཤད་མ་ནུས་པ་གས་བྱེད་དགོས་པ་མ་རེད། ཀརྨ་ཆོས་འཕེལ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་ཁོ་རང་ལྷག་བསམ་ཅིག་ད་ཏན་ཏན་ཡིན་རྒྱུ་རེད་པ། ཡིན་ནའང། བཤད་སྟངས་དང་བྱེད་སྟངས་དེས་ང་མ་བིན་བཟོ་གི་འདུག དེ་འདྲ་ཡིན་སྟབས། མཐའ་མར་འུ་ཐུག་ཏེ་ཡིག་ཚང་ནས་གསལ་བཤད་ཅིག་བྱེད་དགོས་འཁེལ་བ་རེད། ཅེས་གསུངས་འདུག

    Reply
  18. བློ་གྲོས་ཟླ་བ། says:
    ལོ་ 12 སྔོན།

    ང་ལ་དྲི་བ་གཅིག་དང་རེ་བ་གཅིག དོགས་པ་གཅིག་བཅས་ཞུ་རྒྱུ་ཡོད།
    (དྲི་བ།) གོང་ས་མཆོག་གིས་གཞུང་ཞབས་ཚོར་བཀའ་སློབ་གནང་སྐབས་མི་བཞི་མིང་འདོན་གནང་འདུག་པ་དག་སུ་དང་སུ་རེད།
    (རེ་བ།) སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་སྐད་ཆ་བཤད་པ་དེ་གང་དུ་ཡོད་མེད་དང་དྲ་ཐོག་སོགས་ནས་ལྟ་ཉིན་ཐུབ་པའི་ལམ་ཁ་ཞིག་ཡོད་ན་གསུངས་རོགས།
    (དོགས་པ།) ཀརྨ་ཆོས་འཕེལ་གྱིས་དེ་འདྲ་ཞིག་བརྗོད་མེད་ན་༧གོང་ས་མཆོག་གིས་ཀྱང་མིང་འདོན་གནང་སྟེ་དེ་འདྲ་གསུང་མི་སྲིད། སྔོན་མ་དགའ་ལྡན་ཕོ་བྲང་གིས་ཀྱང་ཡིག་ཐོག་གི་གསལ་བཤད་ཅིག་ཕེབས་ཡོད་པ་མཐོང་སོང་། ཀརྨ་ཆོས་འཕེལ་ཁོ་རང་གིས་བཀའ་མོལ་དེ་འདྲ་ཞིག་དངོས་སུ་གནང་ཡོད་ན། ཁོས་ཡང་དང་བསྐྱར་དུ་དེ་འདྲ་བཤད་མེད་ཅེས་གསལ་བཤད་བྱེད་གི་མ་རེད། གང་ཡིན་ཟེར་ན་ཁོ་རང་ལ་མཚོན་ན་སློབ་སྦྱོང་གང་འཚམ་ཡོད་པ་དང་སྤྱི་འཐུས་རྒན་པ་དེ་འདྲ་ཞིག་རེད།

    Reply
  19. ཞེན་པ་དཀར་པོས། says:
    ལོ་ 12 སྔོན།

    གྲོས་ཚོགས་ནང་དཔལ་ལྡན་བཀའ་ཤག་དང༌། སྤྱི་འཐུས་རྣམ་པ་ཚོགས་བཞུགས་ཡོད་སྟབས་དགག་ལན་ཡོང་དགོས་ངེས་ཀྱང་བྱུང་མེད་པ་ནས་གསལ་པོ་མཁྱེན་ཐུབ། ཞེས་དང་ཡང་།
    དེ་བཞིན་གྲོས་ཚོགས་ཀྱི་ལས་དོན་རྡ་སར་གཟུགས་མཐོང་རླུང་འཕྲིན་ཐོག་ཐད་བཏོང་དང༌། བསྐྱར་སྟོན་ཡང་གནང་ཡོད་པས་དེ་སྐབས་མང་ཚོགས་ནས་ཀྱང་བསམ་ཚུལ་སྣེ་གཅིག་ཞུ་མཁན་བྱུང་མེད། ཞེས་དང་།
    འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡང་ཡོད།
    ཞེས་རང་ཉིད་ཀྱི་ནོར་འཁྲུལ་བཀའ་ཤག་དང་གྲོས་ཚོགས། མང་ཚོགས། དེ་བཞིན་སློབ་ཕྱུག་དེ་བཅས་ལ་རྫིག་གཏམ་གྱི་འགེབས་ཐབས་བྱེད་པ་ཞིག་ལས་མ་མཐོང་བས།
    ད་དུང་སྤྱི་འཐུས་ཞིག་ཡོང་མི་ཡོང་དེ་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ལ་འགན་ཡོད།

    Reply
  20. སྣང་གསལ། says:
    ལོ་ 12 སྔོན།

    ཀརྨ་ཆོས་འཕེལ་་་་ཀརྨ་ཆོས་འཕེལ་་་ད་ཡང་ཁྱེད་ཀྱིས་སྒེར་གྱི་གསལ་བཤད་ཞིག་གནང་ཚར་འདུག་་་་ཡཡ་་་་དེ་ན་དེ་མིན་གསུམ་ཡོད་འདུག་་་་་

    Reply
  21. དོན་འགྲུབ་བཀྲ་ཤིས། says:
    ལོ་ 12 སྔོན།

    འོག་གི་ཚིག་དུམ་འདི་དབྱིན་ཡིག་ནང་བསྒྱུར་ན་ཞེད་སྣང་ཚ་རུ་འགྲོ་ས་རེད། “ དེང་གི་འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡང་ཡོད”
    According to the present system, I have a confident that I can file a case against that student and sue him with one billion US Dollars as compensation.

    Reply
  22. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    དེར་བརྟེན་དེང་གི་འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་ གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡང་ཡོད། རང་ཁ་སྒོ་མོས་ཉོས་པའི་ཆག་སྒོ་དེར་སློབ་ཕྲུག་གཅིག་གི་སྟེང་དུ་གཡུག་འདོད་ཀྱིན་པ་འདྲ། མི་འདི་འདྲ་སྤྱི་འཐུས་ཀྱི་རྐུབ་སྟེགས།འཛིན་མཁན་ཆགས་པར་གཞིག་ན་བཙན་བྱོལ་བས་དམངས་གཙོའི་གོ་རྟོགས་སད་ཡོད་མེད་གསལ་བོ་རེད།

    Reply
  23. རྒྱལ་ཐང་དར་རྒྱས། says:
    ལོ་ 12 སྔོན།

    ཚེས་ ༥ ཉིན་༧སྐུ་མདུན་གྱིས་གཞུང་ཞབས་ཚོར་མཇལ་ཁ་བཀའ་སློབ་གནང་སྐབས་མི་ ༤ མིང་འདོན་གནང་འདུག་པ་གོ་སོང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ལས་གཞན་པ་དག་སུ་དང་སུ་རེད་གསུངས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese