མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་ལ་རྒྱབ་སྐྱོར་མེད་པའི་མིང་ཐོ་འགོད་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་གཉིས་ཙམ་རིང་བོད་དུ་བསྡད་དེ་ཉེ་ཆར་དྷ་རམ་ས་ལ་རུ་འབྱོར་བའི་གྲྭ་དཀོན་མཆོག་ལགས་དང་མཉམ་དུ། རྒྱ་གཞུང་གི་ལྐོག་ཇུས་སྣ་ཚོགས་འོག་ཁོའི་ཕ་ཡུལ་གྱི་བོད་མི་ཚོར་དཀའ་རྙོག་སྣ་ཚོགས་འཕྲད་ཀྱི་ཡོད་སྐོར་སོགས་ལ་ཁ་བརྡ་བྱས་ཡོད།

            གྲྭ་དཀོན་མཆོག་ལགས་རྒྱ་གར་དུ་འབྱོར་ནས་ལོ་ངོ་ ༩ ཙམ་འགྲོ་བཞིན་ཡོད་པ་དང་། ༢༠༡༡ ལོར་ཕ་ཡུལ་ལ་གཉེན་འཕྲད་དུ་སོང་སྟེ། ལོ་ངོ་ ༢ ཙམ་གྱི་རིང་བོད་ནས་བསྡད་དེ་ཉེ་ཆར་ཕྱིར་དྷ་རམ་ས་ལར་འབྱོར་འདུག་སྟབས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གསར་འགོད་པས་ཁོང་དང་མཉམ་དུ་ལམ་བར་ནས་དཀའ་ངལ་འཕྲད་མིན་དང་ཕ་ཡུལ་ཨ་མདོ་མཛོད་དགེ་ཐེ་བོ་ཕྱོགས་ཀྱི་གནས་སྟངས་ཐོག་ཁ་བརྡ་བྱས་སྐབས། ཁོའི་ཕ་ཡུལ་གྱི་སློབ་ཆུང་གི་སློབ་ཚན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་ཏེ་བོད་རིགས་སློབ་མ་ཚོའི་བོད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་པའི་སྐོར་ལ་ཁོང་གིས། “ངའི་ཕ་ཡུལ་དུ་སློབ་ཆུང་འཛིན་རིམ་ ༦ པ་བར་ཡོད་ཀྱང་། ཁོ་ཚོའི་བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་བོ་རེད། ཡིན་ནའང་། ཉེ་བའི་ལོ་འདི་ཚོར་དབྱར་དགུན་གྱི་གུང་གསེང་སྐབས་སུ་བོད་མི་སྒེར་ངོས་ནས་བོད་ཡིག་དགེ་རྒན་ཚད་ལྡན་གདན་འདྲེན་ཞུས་ཏེ། སློབ་མ་ཚོར་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་ཆེད་འཛུགས་བྱས་ཡོད་སྟབས། བོད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་བར་ཕན་ཆེན་པོ་ཐོགས་ཀྱི་འདུག གུང་གསེང་ཟླ་གཉིས་ཀྱི་བོད་ཡིག་ཟབ་སྦྱོང་གི་གྲུབ་འབྲས་དེ་སློབ་གྲྭའི་ལོ་གཅིག་གི་སྦྱངས་འབྲས་ལས་ཀྱང་ཡག་པོ་འདུག་ཅེས་ས་གནས་བོད་མི་ཚང་མས་ཤོད་ཀྱི་འདུག་ལ། སྐད་ཆ་དེ་དངོས་གནས་བདེན་པ་རེད། སྔོན་ཆད་ང་ཚོའི་ཕ་ཡུལ་དུ་བོད་སྐད་ཡིག་ཐོག་དོ་སྣང་བྱེད་མཁན་དེ་ཙམ་མང་པོ་མེད་ཀྱང་། དེང་སང་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་ལ་དགའ་ཞེན་དང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག”ཟེར།

            རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་ཞིང་འབྲོག་མང་ཚོགས་ལ་རོགས་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་དྲིལ་བསྒྲགས་སྣ་ཚོགས་བྱེད་ཀྱི་ཡོད་ཀྱང་། མཐར་གཏུགས་ན་བོད་མི་ཚོས་སོ་སོའི་རྩོལ་བ་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད་པའི་སྐོར་ཁོང་གིས། “རྒྱ་གཞུང་གིས་རྒྱ་སྒོར་ཁྲི་ཕྲག་མང་པོས་རོགས་སྐྱོར་བྱེད་བཞིན་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། མི་མང་གི་ལག་ཏུ་ཅི་ཡང་འབབ་ཀྱི་ཡོད་པ་མ་རེད། ངའི་ཁྱིམ་ཚང་ལ་ཆ་བཞག་ན། སྤུན་མཆེད་གཉིས་ཀྱིས་དངུལ་མང་པོ་བུ་ལོན་དུ་བླངས་ནས་རླངས་འཁོར་བཏང་སྟེ་ཁྱིམ་ཚང་གི་ཁ་གསོ་ཐབས་བྱེད་ཀྱི་ཡོད་ལ། བུ་ལོན་མང་པོ་བླངས་ཏེ་རང་གི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ངེད་ཚང་གཅིག་པུ་མ་རེད། ང་ཚོའི་གྲོང་པའི་ན་གཞོན་ལོ་ ༡༦ ཙམ་ནས་ཞིང་ཆེན་དང་ཞིང་ཆེན་བར་རླངས་འཁོར་བཏང་སྟེ་ཚོང་ཟོག་སྐྱེལ་འདྲེན་གྱི་ཞོར་ལས་བྱེད་ཀྱི་ཡོད་པ་དང་། དཔལ་འབྱོར་འགྲན་རྩོད་ཁྲོད་ནས་གཞོན་སྐྱེས་མང་པོའི་སློབ་སྦྱོང་གི་གོ་སྐབས་ཤོར་གྱི་ཡོད་པ་མ་ཟད། ཐ་ན་གཞོན་སྐྱེས་མང་པོའི་རང་གི་ཚེ་སྲོག་ཀྱང་ཤོར་གྱི་འདུག ས་ཁུལ་གཞན་ནས་སོ་སོའི་ས་གནས་སུ་ཚོང་ལས་གཉེར་ཏེ་དཔལ་འབྱོར་འཚོལ་སྒྲུབ་བྱེད་ཀྱི་ཡོད་ཀྱང་། ང་ཚོའི་ཕ་ཡུལ་དུ་ཚོང་ལས་རིགས་དེ་ཙམ་སྟབས་བདེ་མེད་པས་ས་གནས་གཞན་དུ་ཕྱིན་ཏེ་རླངས་འཁོར་གྱིས་ཚོང་ཟོག་སྐྱེལ་འདྲེན་བྱས་ཏེ་འཚོ་བ་སྐྱེལ་གྱི་ཡོད་པ་ལས། རྒྱ་གུང་ཁྲན་གྱི་རོཊ་སྐྱོར་ལ་བརྟེན་ནས་ཁ་གསོ་ཡི་མི་འདུག ”ཅེས་བརྗོད་སོང་།

            རང་ལུས་མེར་བསྲེགས་གཏོང་མཁན་ལ་རྒྱབ་སྐྱོར་མེད་པའི་མིང་རྟགས་མ་བཀོད་ན། གཞུང་གི་རོགས་སྐྱོར་ཚང་མ་མེད་པར་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་སྐོར་ཁོང་གིས། “ད་ལོའི་ལོ་གསར་སྐབས་ང་རུ་སྡེ་ཞིག་གི་ནང་ཞབས་བརྟན་བསྒྲུབ་དུ་ཕྱིན་སྐབས། ཞང་ཉེན་རྟོག་ཁང་གི་མི་སྣ་ཆེད་མངགས་ཀྱིས་ས་གནས་བོད་མི་ཚོར། རང་ལུས་མེར་བསྲེགས་གི་གནས་ཚུལ་བྱུང་བའི་ཁྱིམ་ཚང་ལ་དངུལ་དངོས་ཀྱིས་རོགས་སྐྱོར་དང་འདས་པོར་མ་ཎི་འདོན་པ་སོགས་གདུང་སེམས་མཉམ་སྐྱེད་བྱས་པ་ཡིན་ན། ལོ་ ༣ བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་སོགས་ཀྱི་ཤོག་ངོས་ ༣ ཅན་གྱི་ཡིག་ཆ་ཞིག་ལ་བཙན་གྱིས་མིང་རྟགས་འགོད་དུ་བཅུག་ཡོད་པ་མ་ཟད། གལ་སྲིད་མིང་རྟགས་མ་བཀོད་ཚེ། གཞུང་གི་རོགས་དངུལ་ད་ལོ་ལས་སང་ལོ་མང་བ་ཡོད་པ་དེ་མེད་པར་གཏོང་རྒྱུ་ཡིན་ལུགས་དང་། མིང་རྟགས་མ་བཀོད་ན་མ་འོངས་པར་ཁུལ་དང་རྫོང་ཉེན་རྟོག་ཁང་གི་མི་སྣ་ཡོང་ནས་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་སོགས་ཀྱི་འཇིགས་སྐུལ་བྱས་འདུག ཡིན་ནའང་། ས་གནས་བོད་མི་ཚོས་ “ང་ཚོས་ད་ལྟའི་བར་རང་ཁ་རང་གསོ་བྱས་ནས་བསྡད་ཡོད། རྒྱལ་ཁབ་ཀྱི་རོགས་དངུལ་སྐར་གང་མི་དགོས”ཞེས་དུས་ད་ལྟ་ཡིན་ནའང་མིང་རྟགས་འགོད་རོགས་བྱས་མི་འདུག འོན་ཀྱང་། དེང་སང་རྒྱ་གཞུང་གིས་ས་གནས་གང་སར་ཉུལ་མ་བཞག་སྟེ། བོད་མི་ནང་ཁུལ་དུ་ཁ་མི་འཆམ་དང་རྩོད་རྙོག་སྣ་ཚོགས་བཟོ་བཞིན་འདུག ”ཅེས་དང་།

            ཡང་ཁོང་གིས། ལྷ་སར་འགྲོ་མཁན་གྱི་བོད་རིགས་འགྲུལ་བ་ཚོར་དམིགས་བསལ་གྱིས་དཀའ་རྙོག་མང་པོ་བཟོ་བཞིན་ཡོད་སྐོར་བརྗོད་དོན། “ང་ལྷ་སའི་མེ་འཁོར་འབབ་ཚིགས་སུ་འབྱོར་སྐབས། རྒྱ་རིགས་འགྲུལ་བ་ཚོ་མེ་འཁོར་ལས་བབས་ཏེ་གང་དུ་འགྲོ་མིན་རང་དབང་རེད། ཡིན་ནའང་། བོད་རིགས་ཚོ་ཉེན་རྟོག་ཁང་དུ་ཁྲིད་སོང་ནས་ལམ་ཡིག་ལ་ཞིབ་བཤེར་དང་། ལུས་དང་ཅ་དངོས་ཚང་མར་སྔོག་བཤེར་བྱས་སོང་པ་མ་ཟད། ལྷ་སར་ཅིའི་ཕྱིར་ཡོང་བ་སོགས་ཀྱི་འདྲི་རྩད་བྱས་ཏེ་ཆུ་ཚོད་ ༥ ལྷག་ལ་བཀག་ཉར་བྱས་སོང་བ་དང་། དེ་ནས་ཡང་འཐབ་ཕྱོཊ་གཅིག་གྱུར་ཁང་དུ་སོང་ནས་ཉིན་ཤས་རིང་ལྷ་སར་འདུག་ཆོག་པའི་དེབ་སེར་པོ་ཞིག་བཟོ་དགོས་ཀྱི་འདུག གལ་སྲིད་དེབ་སེར་པོའི་ནང་དུ་སྤྲད་པའི་དུས་ཡུན་ནང་ལྷ་ས་ནས་འགྲོ་མ་ཐུབ་པ་ཡིན་ན། ཡང་བསྐྱར་ལས་ཁུངས་སུ་ཕྱིན་ནས་དུས་ཡུན་ཕྱིར་འགྱངས་དགོས་ཀྱི་འདུག ཡིན་ནའང་། ང་ལྷ་སར་ཉིན་གཅིག་མ་གཏོཊ་བསྡད་མེད། ལམ་ཞོར་དུ་ལྷ་སར་མཇལ་སྐོར་ལ་ཡོང་བ་ཡིན་སྟབས། འབྲས་སྤུངས་དང་སེ་ར་རུ་མཆོད་མཇལ་དུ་ཕྱིན་ཡང་སྒོ་ཚང་མ་བརྒྱབ་སྟེ་མཆོད་མཇལ་རག་མ་སོང་ལ། དགོན་པ་སྟོང་པ་ལྟ་བུ་ཆཊ་འདུག”ཅེས་སོཊ་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 1

  1. བསྟན་འཛིན་ཉི་མ། says:
    ལོ་ 13 སྔོན།

    ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་སློབ་ཕྲུག་ཚོར་གུང་གསེང་གི་སྐབས་དང་བསྟུན་ཏེ་ནང་མི་དང་གྲོང་པས་སྒེར་གྱི་བོད་ཡིག་དང་ནང་ཆོས་ཀྱི་འཛིན་གྲྭ་གོ་སྒྲིག་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེས་ཕྲུ་གུ་ཚོར་སློབ་གྲྭའི་ནང་སློབ་སྦྱོང་གནང་བ་ལས་ལྷག་གི་བག་ཆགས་ཤིག་འཇོག་ཐུབ་གི་རེད། གོང་གི་གསར་འགྱུར་ནང་གི་མི་སྣ་དེས་ ” ཉེ་བའི་ལོ་འདི་ཚོར་དབྱར་དགུན་གྱི་གུང་གསེང་སྐབས་སུ་བོད་མི་སྒེར་ངོས་ནས་བོད་ཡིག་དགེ་རྒན་ཚད་ལྡན་གདན་འདྲེན་ཞུས་ཏེ། སློབ་མ་ཚོར་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་ཆེད་འཛུགས་བྱས་ཡོད་སྟབས། བོད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་བར་ཕན་ཆེན་པོ་ཐོགས་ཀྱི་འདུག གུང་གསེང་ཟླ་གཉིས་ཀྱི་བོད་ཡིག་ཟབ་སྦྱོང་གི་གྲུབ་འབྲས་དེ་སློབ་གྲྭའི་ལོ་གཅིག་གི་སྦྱངས་འབྲས་ལས་ཀྱང་ཡག་པོ་འདུག་ཅེས་ས་གནས་བོད་མི་ཚང་མས་ཤོད་ཀྱི་འདུག” ཅེས་གསུངས་འདུག་པ་དེ་ཧ་ཅང་བདེན་པ་ཞིག་ཏུ་མཐཽང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese