མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༣ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་དུག་མཚོན་བཀག་སྡོམ་ལྟ་རྟོག་ཚོགས་པར་ཐོབ་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༠ དངོས་སུ་འབུལ་རྒྱུ་རེད། 

དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་ནོར་ཝེ་རྒྱལ་ས་ཨོ་སུ་ལོའུ་ཡི་སྔ་དྲོའི་ཆུ་ཚོད་༡༡ སྟེང། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་འོག་ཡོད་པའི་རྒྱལ་སྤྱིའི་དུག་མཚོན་བཀག་སྡོམ་ལྟ་རྟོག་ཚོགས་པ་ (OPCW) ཞེས་པར།  ༢༠༡༣ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་ཐོབ་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་འདུག་ལ། དེ་ནི། ཚོགས་པ་དེས་སེ་རེ་ཡའི་དུག་མཚོན་རྩ་མེད་གཏོང་བའི་ལས་དོན་ལ་ཆེ་བསྟོད་ཀྱི་ཚུལ་དུ་གནང་བ་ཞིག་ཡིན་འདུག  

ཕྱི་ཟླ་ ༡༢ ཚེས་༡༠ ཉིན་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས། ནོ་སྦེལ་གཟེངས་རྟགས་ཐོག་མར་མགོ་འཛུགས་གནང་མཁན་སྐུ་ཞབས་ཨཱ་ཧྥོ་ཊི་ནོ་སྦེལ་ (Alfred Noble ) མཆོག་སྐུ་གྲོངས་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། རྒྱལ་སྤྱིའི་དུག་མཚོན་བཀག་སྡོམ་ལྟ་རྟོག་ཚོགས་པར་ཞི་བདེའི་གཟེངས་རྟགས་དང་ཨ་སྒོར་ས་ཡ་ ༡།༢༥ བཅས་འབུལ་རྒྱུ་ཡིན་འདུག

ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཁྱོན་བསྡོམས་ཚོགས་པ་དང་མི་སྒེར་གྲངས་ ༢༥༩ ཡོད་པ་དང་། དེའི་ཁོངས་སུ་རང་ལོ་ ༡༦ ཡིན་པའི་པ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ (Malala Yousafzai) དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཀོང་གྷོ་ (Congo) ནང་གི་བུད་མེད་ཀྱི་རང་དབང་དང་བཙན་གཡེམ་ལ་འཐབ་རྩོད་བྱེད་མཁན་སྐུ་ཞབས་ཊིན་ནེ་སི་ ( Denis Kukwege)། ཨ་རིའི་གསང་བ་ཕྱིར་བསྒྲགས་བྱེད་མཁན་སྐུ་ཞབས་སི་ནོལ་ཌིན་ (Edward Snowden)། ཨ་རིའི་སྲིད་འཛིན་ཟུར་བ་ཁུ་ལིན་ཌོན་ (Bill Cliton) ། ཨུ་རུ་སུའི་སྲིད་འཛིན་ཕུ་ཌིན་ (Putin) སོགས་ཡོད་འདུག 

རྒྱལ་སྤྱིའི་དུག་མཚོན་བཀག་སྡོམ་ལྟ་རྟོགས་ཚོགས་པ་ནི། ༡༩༩༣ ལོར་ཧོ་ལན་ཌིའི་གྲོང་ཁྱེར་ཧེད་གྷོའི་ (Hague) ནང་གསར་འཛུགས་གནང་ཡོད་པ་དང་། ད་ཆར་ཚོགས་མི་རྒྱལ་ཁབ་ ༡༩༠ ཡོད་འདུག ༢༠༠༠ ལོར་ཚོགས་པ་འདི་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱིས། འཛམ་གླིང་ནང་གི་དུག་མཚོན་དང་འབྲེལ་བའི་གནད་དོན་ཐོག་མཉམ་ལས་མཐུན་སྦྱོར་བྱེད་པར་གྲོས་མཐུན་བྱུང་སྟེ། འཛམ་གླིང་ནང་གི་དུག་མཚོན་༨༠% ལྷག་རྩ་མེད་དུ་བཏང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 4

  1. རྒྱ་ཞིང་མྱི་དཀར says:
    ལོ་ 13 སྔོན།

    ཞི་བདེ་ནི་སྲོག་ཆགས་ཀུན་གྱིས་གཞི་རྩའི་ཐོབ་ཐང་ཡིན་བས་ཚང་མས་དགའ་མོས་དང་སྤྲོ་བ་ཡོད

    Reply
  2. བསྟན་ཆོས། says:
    ལོ་ 13 སྔོན།

    ཚོགས་པ་དེར་བརྟེན་འབྲེལ་ཞུ་བ་དང་ཆབ་ཅིག དུས་བབ་ཚང་ལགས། བོད་ཀྱི་ཨང་གི་ཐོག་ནས་གྲངས་ཀ་ཏག་ཏག་ཅིག་མཚོན་མི་ཐུབ་པ་རེད་དམ། གང་ཞེ་ན་ཨ་སྒོར་ས་ཡ ༡།༢༥ འདི་ལྟར་བྲིས་འདུག་གོ། ད་དུང་རྩོམ་ཐུང་ངུ་འདིའི་ནང་དུ་ཆད་ལྷག་ནོར་གསུམ་མཐོང་རྒྱུ་འདུག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འཛམ་གླིང་ནང་གི་དུག་མཚོན་༨༠% ལྷག་རྩ་མེད་དུ་བཏང་ཟིན་པར་བཤད་པ་ནི། ཡིད་ཆེས་དཀའ་བའི་གནས་སུ་མཐོང་ལགས། འོན་ཀྱང་། གཟེངས་རྟགས་ཐོམ་མཁན་ལ་རྗེས་སུ་ཡི་རང་ཡོད་དོ།། །།

    Reply
  4. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    སྤྱི་བཏང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཞེས་པའི་གྲགས་ཅན་གྱི་རྟགས་མ་དེ་ནི། དེ་སྔོན་འབར་རྫས་ཀྱི་ཤིང་རྟ་བ་ཆེན་པོ་ཨཱ་ཧྥོ་ཊོ་ནོ་སྦེལ་གྱིས། ཆབ་སྲིད་དང་དཔལ་འབྱོར། དམག་དོན། རྒྱལ་ཁབ། ཚོགས་པ། འབྱོར་ལྡན། སྐུ་དྲག་དང་། མི་དྲག། མཁས་དབང་། བླ་དྲག་སོགས་ཀྱི་ངོ་བོ་སྲུང་ཕྱིར་ཞི་བདེའི་གཟེངས་རྟགས་བཟོས་པ་མ་ཡིན་པར། མི་དམངས་དཀྱུས་མ་དང་། མཐོ་རིམ་མི་སྣ་སོགས་གང་ཡིན་ཡང་རུང་། ས་འཛིན་སྤྱི་བོར་འཁོད་པའི་གང་ཟག་སུ་ཞིག་གིས། ལྷག་བསམ་ཀུན་ནས་བསླངས་ཏེ་སྤྱི་ཚོགས་ལ་གཟེངས་སུ་ཐོན་པའི་ཕན་བདེའི་ཕྱག་རྗེས་འཇོག་པ་དེར། རང་ཉིད་ཀྱིས་དེ་སྔོན་ལས་པའི་ཉེས་པ་དེ། ད་ལྟའི་མི་ཚེ་ལྷག་མས་དག་ཕྱིར་གཟེངས་རྟགས་སྤྲད་རྒྱུར་བཟོས་པ་རེད། ད་ཆར་ལོ་འགའ་ཁ་ཤས་ནང་ལ། དེ་ལས་ལྡོག་སྟེ་ཆབ་སྲིད་ལྟ་བུ་ཞིག་དང་། མགོ་བདེའི་ལས་ཀ་ཞིག་ལ་འགྱུར་བར་སྣང་ལ། ད་དུང་ལོ་ཤས་བསྒུག་ཚེ་དགའ་མ་དགའི་གནས་ཚུལ་དང་། རིགས་རུས་ཁྱད་པར། ཆོས་ལུགས་འཐེན་འཁྱེར། དབུལ་ཕྱུག་ལྟ་སྟངས་སོགས་ཀྱི་ངོ་བོར་འགྲོ་མི་སྲིད་པ་མ་རེད། དཔེར་ན་ཨུ་རུ་སུའི་སྲིད་འཛིན་པོ་ཏྲིན་ནི། གཟེངས་རྟགས་ཀྱི་འོས་མིའི་ནང་ལ་ཅི་འདྲ་ཞིག་བྱས་ཏེ་སླེབས་པ་རེད་དམ། ཁོང་ནི་ཧ་ཅང་གི་འབྱོར་ལྡན་ཅན་གྱི་མི་ཞིག་ཡིན་པ་མ་ཟད། ཨུ་རུ་སུའི་གྱེན་ལངས་ཚོགས་པ་སྲིད་འཛིན་ཁོང་ཉིད་ཀྱིས་གནའ་གྲུ་བཏང་སྟེ་འབར་རྫས་གཡུགས་ནས་བསད་པར་བཤད་ཅིང་། རྩ་བའི་མི་གཤིས་གྱོང་པ་དང་། ཞི་བདེའི་ལས་ཀ་བྱེད་མཁན་ལྟ་བུ་ཞིག་མེད་པར་ཚང་མས་ཤེས་བཞིན་པ་ཡིན། དེ་བས་རྒྱལ་སྤྱིའི་དུག་མཚོན་ལྟ་རྟོག་ཚོགས་པར་ཞི་བདེའི་གཟེགས་རྟགས་སྤྲོད་པ་འདི་ཅི་རེད། རྒྱལ་སྤྱིའི་མི་ཡིན་ན་འདྲ། ཚོགས་པ་ཡིན་ན་ཆོག་གང་ལྟར་ཆེད་དུ་མངགས་ནས་སྤྱི་ཚོགས་ཁྱོམ་ནས་ལྟ་མཁན་ཞིག་དང་ལས་ཁ་བྱེད་མཁན་ཞིག་རེད། དེ་ནི་ཁོང་ཚོས་བྱེད་འདོད་སྤྲོ་ན་བྱེད་རྒྱུ་དེ་རེད། བྱེད་འདོད་མ་སྤྲོད་ནའང་བྱེད་རྒྱུ་དེ་རེད། དེ་ལ་དམིགས་བསལ་གྱི་གནས་ཚུལ་དང་། དང་བླང་གི་སྐད་ཆ། འདོད་མ་འདོད་ཀྱི་རྒྱུ་མཚན་ཡོད་མ་རེད་ལ། དེ་བས་ངོ་སྲུང་དང་སྤྲེལ་ལད་ཀྱི་བཅིངས་ཏེ་སྐད་ཆ་བཤད་དགོས་པ་མ་རེད། རྗེས་མ་ཞི་བདེའི་གཟེངས་རྟགས་འདི་རྒྱལ་ཁབ་ལ་སྤྲད་རྒྱུར་ཉེན་ཁ་འདུག དེ་སྔོན་ཨ་རིའིི་འཛིན་ཨོ་བྷ་མར་སྤྲད་པ་དེར། ཨ་རིའི་མི་དམངས་ཚོས་དེ་ཙམ་དུ་དགའ་སྣང་མ་བྱེད་དགོས་པའི་གནད་འགག་སྟེ་རྩ་བའི་མགོ་བདེ་པོ་བྱེད་པའི་གནས་སྟངས་ལ་ཐུག་ཡོད། མ་འོངས་པར་ཞི་བདེའི་གཟེངས་རྟགས་འདིས་ཕན་མ་ཐུབ་པར་གནོད་སྐྱེལ་པའི་ཉེན་ཁ་ཡོད། དེ་རིང་ཞི་བདེའི་གཟེངས་རྟགས་སྤྲོད་སྟངས་འདི་སྣང་བའི་ནང་དུ་འགྲོ་བའི་གནས་ཤིག་མ་རེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese