མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་རམ་ས་ལའི་ལམ་ཁ་གང་མགྱོཊ་བསྐྱར་བཟོ་བྱེད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་གཟའ་ཕུར་བའི་ཉིན་ནས་མགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིར་རྒྱལ་སྤྱིའི་གློག་བརྙན་གྲགས་ཆེན་དང་དངོས་བྱུང་གློག་བརྙན་སོགས་སྟོན་རྒྱུ་ཡིན་ཞིང་། ཞོར་དུ་གློག་བརྙན་སྐོར་ལ་ཟབ་སྦྱོང་ཞིག་ཀྱང་སྤྲོད་འཆར་ཡོད་འདུག   

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་། ངྷ་ཤོད་ཀ་ཅ་རིར་གྲོང་གསེབ་འཛུགས་སྐྲུན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་གོ་སྒྲིག་འོག ༢༠༡༣ ལོའི་ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གཉིས་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསར་འགོད་གསལ་བསྒྲགས་ཐོག་ངྷ་ས་གྲོང་གསེབ་འཛུགས་སྐྲུན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སྐུ་ཞབས་པལ་རཱ་ཤོ་(C Palrashu)ཕེབས་ཏེ་གཏམ་བཤད་གནང་སོང་།

གློག་བརྙན་དུས་སྟོན་དེ་ཟླ་འདིའི་ཚེས་ ༢༤ ནས་ ༢༧ ཉིན་བར་ངྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དང་ཧི་མ་ཅལ་མངའ་སྡེའི་སྐྱིད་སྡུག་ཚོགས་ཁང་ (Club House) གཉིས་ནང་རིན་མེད་ཐོག ས་གནས་རྒྱ་གར་ཡུལ་མི་དང་བོད་པ། ཕྱི་རྒྱལ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་དུས་སྟོན་ཐོག་རྒྱལ་སྤྱིའི་གློག་བརྙན་སྐད་གྲགས་ཅན་ ༣༨ ཙམ་སྟོན་འཆར་ཡོད་ཅིང་། ཞོར་དུ་རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་ཕབ་སྐྲུན་པ་དང་སྒྲིག་སྦྱོར་བ་སྐད་གྲགས་ཅན་ཁག་ཅིག་ཆེད་དུ་གདན་འདྲེན་ཞུས་ཏེ། ངྷ་རམ་ས་ལ་ཁུལ་གྱི་གློག་བརྙན་ཕབ་སྐྲུན་པ་དང་པ་དང་དོ་སྣང་ཅན་དག་ལ་གློག་བརྙན་སྐོར་གྱི་ཟབ་སྦྱོང་ཞིག་ཀྱང་སྤྲོད་འཆཪ་ཡོད་འདུག

ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་ཀྱིས། ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་དམིགས་ཡུལ་ངོ་སྤྲོད་གནང་བ་ལྟར་ན། ད་ལོའི་གློག་བརྙན་དུས་སྟོན་སྟེང་རྒྱལ་སྤྱིའི་རང་དབང་ཅན་གྱི་གློག་བརྙན་ཚད་ལྡན་མང་པོ་ཞིག་སྦྱན་འབུལ་ཞུས་ཏེ། བོད་པའི་མང་ཚོགས་ལ་སྤྱི་ཚོགས་གཞན་གྱི་རིག་གཞུང་སྐོར་ལ་གོ་རྟོགས་དང་བསམ་བློ་གསར་པ་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིར་གློག་བརྙན་སྐོར་གྱི་དམིགས་བསལ་ཟབ་སྦྱོང་ཞིག་བརྒྱུད་དེ། ཉམས་མྱོང་བརྗེ་རེས་དང་བསམ་ཚུལ་བསྡུ་ལེན་གནང་རྒྱུ་ཡིན་ཞིང་། གློག་བརྙན་དུས་སྟོན་འདི་བརྒྱུད་དེ་ས་གནས་རྒྱ་གར་ཡུལ་མི་དང་བོད་པ། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཀྱི་བར་མཐུན་སྒྲིལ་གོང་སྤེལ་དང་། གློག་བརྙན་དང་སྒྱུ་རྩལ་ལས་རིགས་འཕེལ་རྒྱས། མ་འོངས་པར་ངྷ་རམ་ས་ལ་འདི་རྒྱལ་སྤྱི་རང་བཞིན་གྱི་གློག་བརྙན་དུས་སྟོན་བྱེད་སྒོ་སྤེལ་ཡུལ་ཞིག་དང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འཁོར་ས་ཞིག་བཟོ་ཐབས་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་།  

ཐེངས་འདིའི་གློག་བརྙན་དུས་སྟོན་སྟེང་གདན་འདྲེན་ཞུས་ཡོད་པའི་རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་དག་ནི། པོ་ལན་ཊི་ (Poland) ཡི་རང་དབང་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ཇད་སེ་ཁུ་ ( Jacek Borcuch)ལགས་དང་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་མཁན་ལྕམ་ནེ་ཤི་ཐཱ་ (Nishtha Jain)ལགས། སྐུ་ཞབས་ནེ་ཌེན་ (Nitin kakkar)ལགས། སྐུ་ཞབས་ཨ་བེ་ཇེ་ཌི་ (Avijit Mukul Kishore)། སྐུ་ཞབས་ནག་ཀུ་རཱ་ཇི་ (Nagraj Manjule) ལྕམ་གྷོ་ནེ་ཌི་ ( Guneet Monga) སྐུ་ཞབས་སངས་རྒྱས་རྡོ་རྗེ་(Sange Dorjee Thondok) ལགས། ཨ་རིའི་སྐུ་ཞབས་མད་སེ་མོན་ (Maximon Monihan)ལགས། སིན་གྷ་པོར་གྱི་སྐུ་ཞབས་ཨ་མེ་ཌི་(Amit  Virmani ) ལགས།  སིང་གྷ་ལཱའི་པཱར་སཱན་ནཱ་(Prasana Vithanage) དང་འཇར་མན་གྱི་སྐུ་ཞབས་རཱ་མོན་ ( Ramon  Zurcher)སོགས་ཡིན་འདུག  

བསྟན་འཛིན་བསོད་ནམས་ལགས་ཀྱིས། ད་ལོར་བོད་པའི་གློག་བརྙན་འཚོལ་ཞིབ་བྱས་པའི་ཁྲོད། སྐུ་ཞབས་བསྟན་འཛིན་ཚེ་བརྟན་ལགས་ཀྱི་གློག་བརྙན་༼ཕ་ས་བུ་ཐུག༽ ( Bringing  Tibet Home)  དང་། རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གློག་བརྙན་༼དཔའ་བོ ༽(Vira)  གཉིས་ཡོད་ཀྱང་དུས་ཚོད་ཀྱི་དབང་གི་སྟོན་ཐུབ་མེད་པ་དང་། ལོ་རྗེས་མའི་གློག་བརྙན་དུས་སྟོན་ནང་སྟོན་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་སོང་། 

དེ་རྗེས་སྐུ་ཞབས་པལ་རཱ་ཤོ་(C Palrashu) ལགས་ཀྱིས་བརྗོད་དོན། ཧི་མ་ཅལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་ངོས་ནས་གང་ཐུབ་ཀྱིས་ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དུས་སྟོན་དེ་བརྒྱུད་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ངྷ་སར་འགུག་ཐུབ་པ་མ་ཟད། ས་གནས་མང་ཚོགས་གཙོས་ལྷག་པར་གློག་བརྙན་བཟོ་སྐྲུན་ལ་དོ་སྣང་ཡོད་མཁན་ཚོར་གོ་སྐབས་ཡག་པོ་ཞིག་ཡིན་པ་དང་། ད་ལོའི་གློག་བརྙན་དུས་སྟོན་དེ་སྔར་ལོ་ནས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་ཕྱིན་ཡོད་པ་དང་། གཞུང་གིས་ཀྱང་དེ་ཧ་ཅང་གལ་ཆེན་དུ་གཟིགས་ཏེ། ངྷ་རམ་ས་ལའི་ལམ་ཁ་གང་མགྱོགས་བསྐྱར་བཟོ་བྱེད་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པ། མ་འོངས་པར་ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་རྒྱལ་སྤྱིའི་ནང་སྐད་གྲགས་ཆེན་པོ་ཅན་ཞིག་ཆགས་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་སོང་།

ཐེངས་འདིར་གཟིགས་འབུལ་ཞུ་རྒྱུའི་གློག་བརྙན་དག་ནི། རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་གློག་བརྙན་ ༡༥ དང་། དངོས་བྱུང་ལོ་རྒྱུས་ལྡན་པའི་གློག་བརྙན་ ༩། དམིགས་བསལ་སྒྱུ་རྩལ་པས་བཟོས་པའི་གློག་བརྙན་ཐུང་ངུ་ ༦། རྒྱ་གར་ནང་གི་སྐད་གྲགས་ཆེ་བའི་གློག་བརྙན་ཐུང་ངུ་ ༨ བཅས་ཡོད་འདུག གློག་བརྙན་དེ་དག་གི་ཁྲོད་༼ ཟམ་པ་བརྒལ་བ་༽དང་༼ ཁྱོད་ཡོད་མེད་ཀྱི་ཉིན་མཚན༽། ༼དགོངས་དག་ནམ་ཡང་མི་ཞུ༽།༼ཞོགས་པ་བདེ་ལེགས་བྷམ་བྷེ༽། ༼ཟླ་མཚན་ཅན་གྱི་མི༽། ༼མཐའ་མཇུག༽།༼མེ་ཤུགས་འཕུར་མདའ༽ཡ་མཚན་ཅན་གྱི་བྱི་ལ༽བཅས་སོགས་སྟོན་རྒྱུ་ཡིན་འདུག

ངྷ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞེས་པ་འདི་ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བོད་རིགས་གློག་བརྙན་བཟོ་སྐྲུན་མཁན་སྐུ་ཞབས་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རྒྱ་གར་བ་སྒྱུ་རྩལ་མ་རེ་ཌོ་( Ritu Sarin) གཉིས་ཀྱིས་ ༢༠༡༢ ལོར་མགོ་འཛུགས་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 10

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    བློ་བཟང་དབང་རྒྱལ་ལ་ཆ་འཇོག་གང་ཡང་ཡོད་མ་རེད། སློབ་ཕྲུག་ཚོགས་པས་བོད་ཀྱི་གློག་བརྙན་དུས་སྟོན་ཟེར་བ་འདིའང་ཆ་ལེ་ཆོལ་ལེ་ཞིག་གི་བཏང་སོང་། ཉ་ཉོག་ཚང་མ་མཉམ་དུ་བསྲེས་སོང་བས་ཆོ་ཞེ་དྲག་མཐོང་མ་སོང་། འདས་ལོ་འཚོགས་དུས་ཡག་ཙམ་བྱུང་ཡང་། ད་ལོ་མར་རྒྱུས་རེད་བྱ།
    ད་བསྟན་འཛིན་བསོད་ནམས་ལགས་ཀྱིས་སྒྱུ་རྩལ་བརྩམས་ཆོས་རང་གི་ཁྱད་ཆོས་སྟེང་ནས་གློག་བརྙན་སྒྱུ་རྩལ་གྱི་དུས་སྟོན་གོ་སྒྲིག་བྱེད་ཐུབ་པར་ཡིད་ཆེས་ཧ་ཅང་བརྟན་པོ་ཡོད།

    Reply
  2. གཡག says:
    ལོ་ 12 སྔོན།

    རྒྱ་གར་ཧི་མ་ཅལ་གཞུང་ངོས་ནས་འཛམ་གླིང་ཡུལ་གྲུབ་ཁག་ལ་སྟོན་ཡ་ལམ་ཁ་འདི་རེད།ལམ་ཁ་བཟོ་མ་བཟོ་ཁྱེད་རྣམས་འདོད་པ་བྱོས།ང་ཚོས་ངོས་ནས་ངོ་ཚ་དགོས་པ་གང་ཡང་མེད།

    Reply
  3. Dawai Shonu says:
    ལོ་ 12 སྔོན།

    དྷ་རམ་ས་ལའི་ལམ་ཁ་དེ་རྒྱ་གར་ནང་གི་ས་ཁུལ་ནང་ནས་སྡུག་ཤོས་རེད་ཅེས་བཤད་ན་མ་འགྲིགས་པ་མེད། རྒྱ་གར་གྲོང་གསེབ་ཁུག་སྐྱོག་དེ་ཚོར་ལམ་ཁ་དེ་ལས་ཡག་ག་མཐོང་རྒྱུ་ཡོད། དྷ་རམ་ས་ལ་ནི་༧གོང་ས་མཆོག་བཞུགས་ས་རེད། ཁོང་གི་དོན་དུ་དྷ་སའི་ནང་མི་རིགས་ཐམས་ཅད་ཀྱི་སྤྲོ་འཆམ་པ་དྷ་སར་ཡོང་གི་ཡོད་པ་རེད། དངོས་གནས་བྱས་ཕོ་བྲང་བར་དུ་ལམ་ཁ་སྣུམ་ཤ་རེར་དགོས་ཀྱི་ཡོད་པ་རེད། འོན་ཀྱང་སྐྱབས་བཅོལ་ཡིན་པའི་དབང་གིས་རྒྱ་གར་མངའ་སྡེ་གཞུང་གིས་ང་ཚོར་ཡ་ཁོ་རང་བྱེད་ཀྱི་མེད། ་ལམ་ཁ་ཐབས་སྐྱོ་བོ་དེ་འདྲ་ལོ་འཁོར་ཡང་གཞུང་གི་མི་ནས་མིག་ཁོ་རང་ལྟ་མཁན་མིན་འདུག

    Reply
  4. བསྟན་འཛིན་སྒྲོལ་མ། says:
    ལོ་ 12 སྔོན།

    དེང་སང་རྡ་རམ་ས་ལ་ན་གློག་བརྙན་དུས་སྟོན་འགྲན་བསྡུར་བྱེད་ཀྱི་ཡོད་ས་རེད། ཁ་སང་ཁེ་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་(བོད་ཀྱི་གློག་བརྙན་དུས་སྟོན)ཟེར་བ་ཞིག་གོ་སྒྲིག་བྱས་སོང་། དེའི་རྗེས་ལ་བློ་བཟང་དབང་རྒྱལ་གྱིས་(མེག་ལོར་གློག་བརྙན་དུས་སྟོན)ཟེར་བ་ཞིག་ཁྱབ་བསྒྲགས་བྱས་སོང་། བློ་བཟང་དབང་རྒྱལ་གློག་བརྙན་ལ་ལྟ་མཁན་དབྱིན་ཇི་ཁ་ཤས་ལས་མི་འདུག གུས་མོ་ཡང་ཐེངས་གཅིག་ཕྱིན་པ་ཡིན། སང་ཉིན་ཚེས་24ཉིན་(༢༠༡༣ ལོའི་ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གཉིས་པ)ཞིག་ཡོད་ལབ་སོང་། ཧ་ཧ་ཧ་ཧ་

    Reply
  5. ར་ས་ཕོ་ཉ། says:
    ལོ་ 12 སྔོན།

    རྫོང་གསར་མཁྱེན་བརྩེའི་གློག་གི་མིང་ལ་ཝ་ར་vara རེད། དཔའ་བོ་ཟེར་བ་མ་རེད་བྱིན་རླབས་ཟེར་བ་རེད།

    Reply
  6. ཉི་མ་ཚེ་རིང་། says:
    ལོ་ 12 སྔོན།

    གངས་ལྡོོམ་ལགས་ཀྱི་སྐད་ཆ་དེར་བདེན་པའི་ཆ་འདྲ་བོ་ཞིག་འདུག་མོད་ཀྱང་། རྩོམ་ཡིག་ཅིག་ཡིན་ན་ནང་དོན་གྱི་སྙིང་དོན་དེ་ཁ་བྱང་ཡིན་དགོས་ཀྱང་། གསར་འགྱུར་ཞིག་ཡིན་ན་སྒྲིག་གཞི་དེ་འཁྱེར་མི་དགོས། ལྷག་པར་དུ་མིའི་དོ་སྣང་འགུག་ཐབས་དེ་གསར་འགྱུར་གྱི་རྩ་བའི་རྩ་དོན་དང་པོར་བཞག་ཆོག་གི་རེད། མདོར་བསྡུས་ན་ཁ་བྱང་གི་ཐད་ནས་གསར་འགོད་པར་དབང་ཚད་ཆེན་པོཡོད་རེད།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    རྡ་སའི་ལམ་ཁའི་སྐོར། ༡༽ སུས། ༢༽ ག་དུས། ༣༽ ག་འདྲ། ༤༽ ག་པར། བཅས་དྲི་བ་བཞི་ཡོད། ལམ་ཁར་སུས་འགྲོ་གྲོན་གཏོང་རྒྱུ་ཡིན། ལས་ཀ་ག་དུས་འགོ་འཛུགས་རྒྱུ། ལམ་ཁ་བསྐྱར་བཟོ་ག་འདྲའི་བྱ་རྒྱུ་ཡིན། ལམ་དེའི་རིང་ཚད་སྤྱི་ལེ་དང་གང་ནས་གང་བར་དུ་ཡིན་ནམ།

    Reply
  8. གངས་ལྡོམ། says:
    ལོ་ 12 སྔོན།

    གསར་འགྱུར་འདིའི་མགོ་བརྗོད་༼ངྷ་རམ་ས་ལའི་ལམ་ཁ་གང་མགྱོཊ་བསྐྱར་བཟོ་བྱེད་རྒྱུ་ཡིན།༽ཞེས་པ་ལས་ ༼༢༠༡༣ ལོའི་ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གཉིས་པ༽ཞེས་བྲིས་ན་ལེགས་པར་མཐོང་། རྒྱུ་མཚན་ལམ་ཁ་བཟོ་བའི་སྐོར་ལ་སྐད་ཆ་མང་པོ་བཤད་མེད་པར་གློག་བརྙན་སྐོར་ལ་མང་པོ་བཤད་འདུག་པས་སོ།།

    Reply
  9. འཇིག་མེད་སེང་གེ་ says:
    ལོ་ 12 སྔོན།

    ཨ་རོགས། འདི་རིན་མིན་ཐོག་བསྟན་རྒྱུ་མ་རེད། ཁྱོད་ཀྱིས་གོ་ནོར་ཤོར་སོང་བ་རེད། གློག་བརྙན་བྱེ་བྲག་པའི་འཛིན་བྱང་ལ་ཧིན་སྒོར་༡༠༠ དང་། དུས་སྟོན་ཆ་ཚང་གི་འཛིན་བྱང་ལ་ཧིན་སྒོར་༡༠༠༠ རེད།
    དེ་ནས་ཐེངས་འདིའི་གློག་བརྙན་སྐད་གྲགས་ཆེ་ཤོས་ནི་གུང་ཚིགས་ཟས་སྣོད་<>ཅེས་པ་དེ་རེད།

    Reply
  10. བློ་བཟང་རྡོ་རྗེ། says:
    ལོ་ 12 སྔོན།

    ཡག་པོ་འདུག ཧ་ཅང་ཡག་པོ་འདུག བོད་པའི་སྤྱི་ཚོགས་ནང་གློག་བརྙན་ཆེད་ལས་ཐོག་ལ་ཤེས་ཡོན་པ་མང་པོ་ཞིག་འཐོན་དགོས་ཀྱི་འདུག ནུབ་ཕྱོགས་སྤྱི་ཚོགས་ནང་གློག་བརྙན་གྱི་ལས་རིག་དེ་དར་ཁྱབ་ཆེན་པོ་ཞེ་དྲག་རེད། ལྷག་པར་དུ་རྒྱ་གར་ལ་མཚོན་ན་མི་སྣ་སྐད་གྲགས་ཆན་ཚང་མ་གློག་བརྙན་འཁྲབ་བསྟོན་པ་ཡིན་ལ་རྒྱུ་ཆེན་པོ་དག་ཀྱང་གློག་བརྙན་འཁྲབ་སྟོན་པ་ཆགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese