མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་དང་བོད་རང་བཙན་ཤོག་ཁག་གི་འགྲན་རྩོད་ཐེངས་གཉིས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཝས་ཡིང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར། 

ཕྱི་རྒྱལ་ལ་འཚོ་བ་བསྐྱལ་ཡོད་དུས་ག་དུས་ཡིན་ནའང་རྒྱལ་ནང་དུ་འཕྲད་མི་སྲིད་པའི་མི་དང་ལས་དོན་འགར་གདོང་ཐུག་རྒྱག་གི་ཡོད། རྒྱལ་ནང་ནས་ཕྱིར་ཐོན་ཡོང་བའི་མི་མང་ཆེ་བས་རྒྱལ་ཁབ་གཅིག་གྱུར་དང་ལ་རྒྱར་གནོད་པའི་རིགས་ལ་རང་བཞིན་གྱིས་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་མ་ཟད། འགན་འཁྲི་ཕྱི་བཤོལ་མེད་པར་མི་རིགས་ལ་རྒྱ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་མཆོངས་འགྲོ་གི་ཡོད། དེ་ནི་རྒྱལ་ཁབ་ཀྱི་དར་རྒུད་དང་མཚན་སྙན་ང་ཚོའི་ལས་དབང་དང་དམ་པོར་སྦྲེལ་ཡོད་པས་རེད། 

ཁེ་ན་ཌའི་ནུབ་ཁུལ་གྲོང་ཁྱེར་ཁའོ་ཀར་རེའི་(Calgary ) ནང་དུ་རྒྱ་གར་ནས་ཡོང་བའི་བོད་རང་བཙན་ཤོག་ཁག་པའི་མི་སྣ་མི་ཉུང་བ་ཞིག་ཞིག་གནས་སྡོད་བྱས་ཡོད། ལོ་འགའི་སྔོན་ནས་བཟུང༌། ཀྲུང་གོའི་དབུ་ཁྲིད་ག་དུས་ཁེ་ན་ཌར་ལས་དོན་གཟིགས་སྐོར་དུ་ཕེབས་སྐབས།  ཁོང་ཚོས་རྟག་ཏུ་མི་བཅུ་གྲངས་འགའ་རེ་གྲ་སྒྲིག་བྱས་ཏེ་ཀྲུང་གོིའི་དབུ་ཁྲིད་གཟིགས་སྐོར་ལ་ཕེབས་སའི་ལམ་ཕྱོགས་དེད་ནས་ངོ་རྒོལ་ཁྲོམ་སྐོར་བྱེད་པ་མ་ཟད། སྐད་སྒྲ་འདྲ་མི་འདྲ་སློང་ཨེ་ཐུབ་བལྟས་ཏེ་ནུབ་ཕྱོགས་ཀྲུང་རྒོལ་ཤོག་ཁའི་དོ་སྣང་ཡོང་རེ་བྱེད་ཀྱི་ཡོད་ལ། བོད་རང་བཙན་བྱེད་རྒྱུར་ཁོང་ཚོའི་རྒྱབ་སྐྱོར་རྙེད་ཐབས་བྱེད་ཀྱི་ཡོད། 

༡༩༩༨ ལོར་ཙུང་ལི་ཀྲུའུ་རུང་ཅི་ཁེ་ན་ཌར་ཕེབས་པ་མ་ཟད། ཁའོ་ཀར་རེ་ལ་ཡང་གཟིགས་སྐོར་དུ་བཅར་བ་རེད། སྐབས་དེར་སྐམ་ས་ནས་ཡོང་བའི་མི་མང་པོ་མེད་ཁར་མང་ཆེ་བ་ཁའོ་ཀར་རེ་སློབ་གྲྭ་ཆེན་མོར་སློབ་སྦྱོང་དང་གཟིགས་སྐོར་དུ་ཕེབས་པའི་མཁས་པ་དག་རེད། གཞུང་ཚབ་ཁང་གི་བཀོད་སྒྲིག་ལྟར། སློབ་ཕྲུག་ཚོགས་པས་སློབ་ཕྲུག་གོ་སྒྲིག་བྱས་ཏེ་ཙུང་ལིོ་ཀྲུའུ་རུང་ཅིའི་བཞུགས་གནས་མགྲོན་ཁང་མདུན་དུ་ཕེབས་བསུ་བཅར་དགོས། ཉིེན་དེའི་སྔ་མོི་ནས་སློབ་ཕྲུག་ཕལ་ཆེར་ ༡༠༠ ཙམ་གྱིས་སྐར་ལྔའི་དར་དམར་དང༌། དགའ་བསུའི་ཡི་གེ་འཁོད་པའི་འཕྲེད་དར་ཕྱར་ནས་མགྲོན་ཁང་མདུན་དུ་བསླེབས་ཚར་ཡོད། མི་བགྲོད་གཞུང་ལམ་གྱི་ས་བབ་ལེགས་ས་ཞིག་ཏུ་ཚང་མ་མཉམ་ཅིག་ཏུ་ལངས་ནས་ཙུང་ལི་ཕེབས་རྒྱུར་སྒུག དེ་འདྲ་ཞིག་ནས་བོད་རང་བཙན་ཤོག་ཁག་གི་མི་བཅུ་གྲངས་ཤིག་ཀྱང་བོད་རང་བཙན་མཚོན་པའི་གངས་སེང་དར་ཆ་ཁྱེར་ནས་སླེབས་བྱུང༌། དེ་མིན་ཡང་ཐའེ་ཝན་རང་བཙན་ཤོག་ཁག་ཉུང་ངུ་ཞིག་འདུག བོད་རང་བཙན་ཤོག་ཁག་ནང་དུ་ནུབ་ཕྱོགས་པའི་ཀྲུང་རྒོལ་མི་སྣ་འགའ་ཡང་དཀྱིལ་དུ་འཚངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་དུས་ཁོང་ཚོའི་སྨྱོ་ཧམ་མངོན་གསལ་ཆེ།

ཀྲུང་གོའི་སློབ་ཕྲུག་ཚོ་མགྲོན་ཁང་མདུན་ངོས་ཀྱི་མི་བགྲོད་ལམ་ཆེན་སྟེང་ལངས་ཡོད་སྟབས། བོད་རང་བཙན་པ་ཚོས་སྒྲིག་བཀོད་ཉེན་རྟོག་པར་ཡར་ཞུ་བྱས་ཏེ། མགྲོན་ཁང་མདུན་སྒོ་ཚད་བཟུང་བྱས་ཏེ་མི་བགྲོད་ལམ་ཆེན་ངོ་རྒོལ་བ་ཚོར་ཆ་བགོས་བྱེད་དགོས་པར་བཤད་རྗེས་ཉེན་རྟོག་པས་འདྲ་མཉམ་རྩ་དོན་བཟུང་སྟེ་ཁོ་པ་ཚོའི་རེ་བ་མོས་མཐུན་བྱས་སོང༌། དེ་ནས་ཉེན་རྟོག་པས་ཀྲུང་གོའི་སློབ་ཕྲུག་ཚོགས་པའི་འགན་འཁུར་བ་བོས་ནས་ས་ཆ་ཕྱེད་ཀ་གློད་དགོས་པའི་སྐད་ཆ་བྱས། སློབ་ཕྲུག་ཚོགས་པའི་འགན་འཁུར་བ་དེ་ནི་བློ་ཁོག་མེད་སྟབས་གནས་ཚུལ་ལྷག་པར་ཞེད་ནས་ས་ཆ་ཕྱེད་ཀ་གློད་རྒྱུར་ཁས་བླངས་པ་མ་ཟད།  སློབ་ཕྲུག་ཚོ་གཞོགས་གཅིག་ལ་ཕྱིར་འཐེན་དགོས་པར་འབོད་སྐུལ་བཤད། སྐབས་དེར་ང་དང་རྨུས་གང་ཙམ་ལས་མེད་པའི་ས་ནས་ཁུངས་ལུང་མེད་པར་ས་ཆ་ཕྱེད་ཀ་གློད་དགོས་པའི་སྐད་ཆ་གོ་དུས་ང་ནི་རླུང་གིས་གློ་བའང་འགས་ལ་ཁད་བྱས་སྟབས། ངས་ཉེན་རྟོག་པར་སྐད་ཆ་བཤད་དོན། གྲོང་ཁྱེར་སྲིད་གཞུང་གིས་སྔོན་ཚུད་ནས་ས་ཆ་ཁག་བགོས་ཀྱི་འཆར་གཞི་ཅི་གང་མེད་པ་རེད་ལ། ང་ཚོ་སྔ་ས་ནས་འདིར་སླེབས་ཡོད་དུས་འདི་ན་ལངས་ཆོག་པའི་དབང་ཆ་ཡོད་པ་རེད་ཅེས་བཤད་པས་ཉེན་རྟོག་པའི་ངོ་གདོང་ན་ཅི་བྱེད་འདི་བྱེད་མེད་པའི་རྣམ་འགྱུར་ཁོ་ན་ལས་ཅི་ཡོད། དེ་ནི་ངས་བཤད་པའི་སྐད་ཆ་དེ་ཚོར་གནས་ལུགས་རྒྱུ་མཚན་ཡོད་པ་མཐོང་བས་རེད། ངས་དེ་ནས་མི་བགྲོད་ལམ་བུའི་ལྕགས་སྒྲོམ་ལ་དམ་འཇུ་བྱས་ནས་གོམ་པ་ཕྱེད་ཀ་ཙམ་ཡང་ཕྱིར་ནུར་བྱེད་རྒྱུའི་འདོད་པ་རྩ་ནས་མ་རྙེད། འདིའི་སྐབས་སུ་ཀྲུང་གོའི་སློབ་ཕྲུག་མང་ཆེ་བ་ས་ཕྱོགས་གཞན་ཞིག་ལ་གནས་སྤོ་བྱས་ཚར་བས། བོད་རང་བཙན་ཤོག་ཁག་པས་གོ་སྐབས་དེ་འཇུས་ནས་ས་ཆ་སྟོང་པའི་ཕྱོགས་སུ་བཀྲམས་ནས་ས་བཟུང་སོང༌།

ངའི་ཉེ་འཁྲིས་སུ་ཡོད་པའི་ཀྲུང་གོའི་སློབ་ཕྲུག་གཉིས་པོས་ཀྱང་ས་ཆ་གློད་རྒྱུ་ཁུངས་ལུང་མེད་པ་མཐོང་ལ། ངས་ཨུ་ཚུགས་བརྒྱབས་ནས་ས་སྲུང་བཞིན་ཡོད་པ་མཐོང་དུས་ངའི་སར་ཡོང་ནས་གཞོགས་གཡས་ཀྱི་ལྕགས་སྒྲོམ་ལ་ཉེ་བར་འཁྱུད། འདི་ལྟར་ང་ཚོ་གསུམ་པོ་བོད་རང་བཙན་ཤོག་ཁག་གི་མི་བཅུ་གྲངས་ཤིག་གིས་བསྐོར་བ་ལྟ་བུ་ཆགས་སོང༌། ང་ཚོས་ཧ་ཅང་ཆེ་བའི་སྐར་ལྔའི་དར་དམར་ཞིག་ཕྱར་ཡོད་ལ།  ཉེ་འཁོར་ན་གངས་སེང་དར་ཆ་ཆུང་ཆུང་བཅུ་གྲངས་ཤིག་འདུག ཉེན་རྟོག་པས་གནས་སྟངས་འདི་མཐོང་བ་དང༌། འཁྲུག་རྩོད་ཡོང་གཞི་འདུག་པ་རྟོགས་ནས་རྐང་པ་གཉིས་བགྲད་པ་དང༌། ལག་ཏུ་ཉེན་རྟོག་པའི་དབྱུག་པ་བཟུང་ནས་རྨུས་གཉིས་གསུམ་ལས་མ་འགྱངས་བའི་ས་ནས་ང་ཚོ་ལ་ཁ་གཏད་དེ་ལངས་ཡོད་ལ་གོམ་པ་གང་ཙམ་ཡང་གཞན་དུ་འགྲོ་མ་འདོད། ང་ཚོས་སྲོག་བསྡོས་ཀྱིས་ཧ་ཅང་ཆེ་བའི་སྐར་ལྔའི་དར་དམར་ཕྱོགས་གཉིས་སུ་གཡོས་ཏེ། བོད་རང་བཙན་ཤོག་ཁག་ཚོའི་མཐོང་ལམ་འགོག་པར་འདོད་ལ་ཁོ་པ་ཚོའི་སེམས་ཁམས་ལའང་གནོན་ཤུགས་སྤྲོད་པར་བསྒོམས། བོད་རང་བཙན་ཤོག་ཁག་ཚོ་ང་ཚོའི་ཆེས་ཆེ་བའི་སྐར་ལྔའི་དར་དམར་ཁོ་པ་ཚོའི་མདུན་དུ་གཡས་བསྐྱོད་གཡོན་སྐོར་བྱེད་པར་བལྟ་བས་མ་གཟོད་པར་རྒྱབ་ཕྱོགས་ནས་བུད་བྱུང༌། དེ་ནི་ཁོ་པ་ཚོ་མི་མང་ཤེད་ཆེ་བར་བརྟེན་ནས་ང་ཚོ་བཙིར་ཏེ་བསྐྲད་དགོས་བསམས་པ་རེད། ང་ཚོ་ཁ་ཕྱིར་བསྐོར་ནས་ཁོང་ཚོར་ཉེན་བརྡ་བཏང་བ་མ་ཟད་ཉེན་རྟོག་པར་ཡར་ཞུ་བྱས་ནས་གལ་ཏེ་ཁོང་ཚོས་ད་དུང་ཡང་འབུད་རྒྱག་བྱས་ཚེ་ང་ཚོས་ལག་པ་འགུལ་རྒྱུ་ཡིན་ཚུན་བཤད་སྟབས། བོད་རང་བཙན་ཤོག་ཁག་པའང་ཨོ་ཙམ་དྲང་བདེན་འདུག་པས་དེ་ནས་མུ་མཐུད་ང་ཚོ་བུས་མ་སོང༌།

ཡིན་ནའང་བོད་རང་བཙན་རྒྱབ་སྐྱོར་བྱེད་མཁན་མི་དཀར་པོ་དེ་ཚོས་མཚམས་འཇོག་བྱ་མ་འདོད་ལ་དེའི་ཁྲོད་ནས་སྐྱེས་པ་མི་དཀར་པོ་ཞིག་གིས་སྐད་ཆེན་སྒྲ་དུང་ངའི་ལྟག་རྒྱབ་གཏད་དེ་སྐད་ཤུགས་ཆེན་པོས་ “Free-Tibet”  བོད་རང་དབང (བོད་རང་བཙན་གྱི་དོན)ཞེས་བོས་མོད། ལུས་པོ་ལ་ཐུག་རེག་ཅི་གང་མེད་དུས་ངས་མི་དཀར་པོ་འདིའི་འབོད་སྐད་འགོག་ཐབས་མ་རྙེད། འོན་ཏེ་ངས་མདུང་རྩེ་ཁ་སྤྲོད་ཀྱིས་ཁོང་ཚོའི་སྐད་འབོད་གསེང་བར་ནས་ཁཱེ་པེ་ཁི་རང་བཙན “Free-Quebec” ཞེས་སྐད་ཤུགས་ཆེན་པོས་བོས། དེ་ནི་ཁེ་ན་ཌར་ཏོག་ཙམ་ཆ་རྒྱུས་ཡོད་མཁན་མི་ཚང་མས་ཤེས་གསལ་ལྟར། ཁཱེ་པེ་ཁི Quebec ཁེ་ན་ཌ་ནས་རང་བཙན་ལ་འགྲོ་རྒྱུའི་གླེང་ཕྱོགས་ཡོད་པས་ཡིན།  ཁཱེ་པེ་ཁིའི་གནད་དོན་ནི་སྔར་ནས་ཁེ་ན་ཌ་མགོ་ན་དགོས་པའི་གནད་དོན་ཞིག་རེད། དེ་འདྲ་ཞིག་ནས་ཙུང་ལི་ཀྲུའུ་རུང་ཅི་རླངས་འཁོར་ནས་འབྱོར་བ་དང་མགྲོན་ཁང་མདུན་ལ་བབས་སོང༌། ཙུང་ལི་ཀྲུའུ་རླངས་འཁོར་ནས་བབས་མ་ཐག་སྐར་ལྔའི་དར་དམར་ཕྱར་ཡོད་པའི་ཀྲུང་གོའི་སློབ་ཕྲུག་ཕྱོགས་སུ་གཏད་དེ་ལག་པ་གཡུགས་ནས་འཚམས་འདྲིའི་རྣམ་འགྱུར་བསྟན་བྱུང༌། དེ་ནས་སྐུ་སྲུང་བས་བསྐོར་ནས་མགྲོན་ཁང་དུ་ཕེབས། ཙུང་ལི་ཀྲུའུ་ཕེབས་འབྱོར་བྱུང་མ་ཐག་པའི་སྐབས་དེར་དགའ་བསུ་དང་ངོ་རྒོལ་བའི་མི་ཚོགས་སྲོག་བསྡོས་ཀྱིས་མདུང་རྩེ་ཁ་སྤྲོད་བྱས་ནས་དར་ཆ་གཡུགས་པ་དང་སྐད་འབོད་སོགས་བྱས་པའི་རྣམས་འགྱུར་དེ་ནི་ཧ་ཅང་འཁྲུག་ཆ་དོད་པོ་རེད། 

ཙུང་ལི་ཀྲུའུ་སྒུག་རིང་གི་ཆུ་ཚོད་འགའ་ཤས་ནང་ང་ཚོའི་སྐད་ཧ་ལམ་འགག་ལ་ཁད་དུ་གྱུར་ལ། ལག་གཉིས་ཀྱིས་སྐར་ལྔའི་དར་དམར་ཕྱར་དྲགས་པས་དཔུང་པ་གཉིས་པོའང་ན་ཟུག་ལངས། ཡིན་ནའང་དུས་ཚོད་དེའི་རིང་དགའ་སྤྲོའི་སྣང་བས་ཁེངས་བྱུང༌། དེ་ཅི་རེད་ཟེར་ན། ང་ཚོའི་བྱ་བྱེད་འདིས་བོད་རང་བཙན་ཤོག་ཁག་དང་ནུབ་ཕྱོགས་ཀྲུང་རྒོལ་བ་ཚོའི་སེམས་ནང་ཧང་སངས་བཅུག་པ་རེད། ང་ཚོས་ཁོ་པ་ཚོར་བསྟན་པའི་བརྡ་ནི་ཧ་ཅང་གསལ་པོ་ཡིན་པ་སྟེ། ཀྲུང་གོའི་མིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་ལ་རྒྱ་བཅས་ཀྱི་གནད་དོན་ཆེ་རིགས་ཐད་ལ་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་རེད་ལ་ཅིས་ཀྱང་ཕྱིར་བཤོལ་བྱེད་པ་མ་རེད། གནད་དོན་འདི་ཁའོ་ཀར་རེའི་གྲོང་ཁྱེར་དང་ཐ་ན་ཁེ་ན་ཌ་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ལ་ཡང་བསྟན་མྱོང་ཡོད་པ་རེད། གསར་འགྱུར་བརྒྱུད་ལམ་འདི་ཚོས་དོན་རྐྱེན་འདི་རིགས་འགོད་སྤེལ་བྱེད་པའི་སྐབས་སུ། རྩ་བའི་ཆ་ནས་བརྙན་འཕྲིན་ལས་ཁུངས་ཀྱི་ལེན་ཤེལ་(镜头)བོད་རང་བཙན་ངོ་རྒོལ་ཤོག་ཁག་ཚོར་གཏོད་པ་མ་ཟད། ངོ་རྒོལ་བའི་ཁ་གྲངས་འཕར་བརྒྱབ་ནས་ཆེན་པོ་བཟོ་བ་དང་སྦྲགས་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་གྲངས་ཀ་ཉུང་དུ་གཏོང་གི་རེད། ལྷག་པར་དུ་དགོད་སློང་བྱེད་ཅིག་ལ། གསར་འགྱུར་ནང་ཀྲུང་གོའི་སློབ་ཕྲུག་ཚོས་ཅིའི་ཕྱིར་ཀྲུང་གོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པར་བརྗོད་སྐབས། སློབ་ཕྲུག་འདི་ཚོ་ཚང་མ་རྒྱ་ནག་ནང་ཁུལ་དུ་མཐོ་རིམ་དཔོན་རིགས་དང་ཁེ་བཟང་རག་མཁན་རྐྱང་རྐྱང་གི་ཕྲུ་གུ་ཡིན་པར་ཤོད་ཀྱི་ཡོད།

ང་དང་བོད་རང་བཙན་ཤོག་ཁག་དབར་ཐེངས་གཉིས་པ་རྩོད་འགྲན་བྱེད་ས་དེ་ང་ལས་ཀ་བྱེད་སའི་སྨན་ཁང་དུ་རེད། ལས་ཀ་གྲོལ་བའི་སྐབས་སུ་ང་ཉིན་ལྟར་ས་འོག་བགྲོད་ལམ་ཧ་ཅང་རིང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད། བགྲོད་ལམ་འདི་ནི་ནད་སྡོད་ཐོག་རྩེག་ཁང་ཆེན་དང་ཞིབ་བཤེར་ཐོག་ཁང་སྦྲེལ་ཡོད། བགྲོད་ལམ་འདིའི་ནང་དུ་རྟག་པར་གློག་སྣོད་རླངས་འཁོར(电瓶车)ནས་སྨན་ཁང་སྡེ་ཚན་ཁག་ལ་དགོས་མཁོའི་ཡོ་ཆས་སྐྱེལ་བསུ་བྱེད་འོང༌། བོད་རང་བཙན་ཤོག་ཁག་པ་མི་ཉུང་བ་ཞིག་ལ་རིག་གནས་ཆུ་ཚད་མཐོི་པོ་མེད་སྟབས། ཤེས་ཡོན་མི་དགོས་ལ་གླ་ཆ་ཉུང་བའི་ལས་ཀ་འདི་རིགས་མི་བྱེད་ཀ་མེད་རེད། ཉིན་ཞིག གློག་སྣོད་རླངས་འཁོར་ཞིག་གི་རྒྱབ་ལ་བོད་རང་བཙན “Free-Tibet” ཞེས་པའི་སྦྱར་ཡིག་ཅིག་གླན་ཡོད་པ་མཐོང་སོང༌། ཨ་ཅང་ཅང་རླངས་འཁོར་གཏོང་མཁན་བོད་མི་ལོས་ཡིན་ལ་གཟུགས་པོ་རིང་པོ་མེད་པར་རིད་ཅིང་ནག་པ་ཞིག་རེད། ཁོ་ནི་བོད་རང་བཙན་ཤོག་ཁག་པ་ཞིག་ཡིན་པ་གཏན་འཁེལ་རེད། སྐབས་དེར་ང་ཡར་སོང་ནས་སྦྱར་ཡིག་དེ་དབྲལ་དགོས་བསམ་མོད། ཡིན་ནའང་དེ་ལྟར་བྱས་ན་རྩོད་གླེང་འཆོར་རྒྱུ་ངེས་པ་རེད་ལ། སྨན་ཁང་ངོས་ནས་དེ་འདྲ་གཏན་ནས་ཆོག་གི་ཡང་མ་རེད། དེ་ནས་ངའི་བསམ་པར་རྗེས་སུ་མཚན་ལས་ཡོང་དུས་མི་མེད་པའི་སྐབས་དང་བསྟུན་ནས་དབྲལ་དགོས་བསམ་མོད། ཡང་གཅིག་བསམ་བློ་གཏོང་དུས་མི་བགྲོད་ལམ་བུ་འདིའི་ནང་དུ་བརྙན་མིག་མང་པོ་བསྒར་ནས་ཆུ་ཚོད་ ༢༤ རིང་བསྲུངས་ཡོད་པས་དེ་ལྟར་བྱས་ནའང་འགྲིག་གི་མེད་པ་ཤེས། མ་གཞི་ནས་ངས་དེ་ལྟར་དབྲལ་བའི་དབང་དུ་བཏང་ནའང༌། བོད་རང་བཙན་ཤོག་ཁག་པ་འདིས་ཡང་བསྐྱར་སྦྱར་རྒྱུ་ཡིན་སྟབས། མཚན་ལས་ནམ་ཡོང་ལ་སྦྱར་ཡིག་རྐྱང་རྐྱང་དབྲལ་རྒྱུའང་ཐབས་ཤེས་ཤིག་མིན་དུས། འདི་ལྟར་བསམ་བློ་ཡང་སྐོར་བསྐྱར་སྐོར་གཏོང་སྐབས་བྱ་ཐབས་ལེགས་ཤོས་ནི་སྨན་ཁང་ཚང་ལ་ཡར་ཞུ་བྱས་ཏེ་སྨན་ཁང་ངོས་ནས་ཐག་གཅོད་བྱ་རྒྱུ་དེ་ལོས་ཡིན། གང་ཞེ་ན། ནུབ་ཕྱོགས་སུ་ལས་བྱེད་ཚོས་ལས་ཁུངས་ནང་དུ་ཆོས་ལུགས་དང་ཆབ་སྲིད་ལབ་གླེང་མི་བྱེད་པ་ངས་ཤེས་ཀྱི་ཡོད་ལ། དེ་ནས་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་འཛིན་སྐྱོང་སྒྲིག་གཞིའི་ལམ་ལུགས་བཙལ་བས་སྨན་ཁང་ལས་མི་ཚོས་སྨན་ཁང་སྒྲིག་ཆས་དང་འཁོར་ཡུག་སྤྱད་ནས་སྒེར་དོན་བསྒྲུབ་ཆེད་ནད་པ་དང་འབྲེལ་མེད་བྱེད་སྒོ་སྤེལ་ཆོག་གི་མེད་པ་ཤེས་ལ། དེའི་ནང་དུ་ཆབ་སྲིད་ལས་འགུལ་ཡང་ཚུད་འདུག དེ་ནས་ངས་སྦྱར་ཡིག་པར་བླངས་ནས་གློག་ཡིག་བརྒྱུད་མི་དོན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་ལ་བསྐུར་ནས་གསལ་བཤད་བྱས་དོན། མི་ལ་ལས་སྨན་ཁང་ནང་དུ་རང་སོ་སོའི་ཆབ་སྲིད་ལྟ་བ་ཆེར་སྐྱེད་བྱེད་ཀྱི་འདུག དེ་ནི་སྨན་ཁང་གི་སྒྲིག་གཞིའི་ལམ་ལུགས་དོན་ཚན་ག་གེ་མོ་འགལ་བ་བརྗོད་ཡོད། ངའི་བསམ་ཚོད་ལོས་བདེན་ཏེ་གཟའ་འཁོར་གཅིག་སོང་རྗེས་སྦྱར་ཡིག་དབྲལ་ཚར་འདུག དེ་ནས་བཟུང་ལོ་འགའི་རིང་བོད་རང་བཙན་ཤོག་ཁག་རྒྱབ་སྐྱོར་བྱེད་པའི་སྦྱར་ཡིག་གཅིག་ཀྱང་མཐོང་མ་སོང༌། 

ཕྱི་རྒྱལ་དུ་ལོ་མང་བསྡད་པའི་ནང༌། འདི་ལྟ་བུའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་བའི་བྱེད་སྒོ་གང་མང་ལ་ཞུགས་པ་ཡིན་ལ། ཀྲུང་གོའི་ལུས་རྩལ་པར་རྒྱབ་སྐྱོར་སྐད་འབོད་བྱེད་པའི་རུ་ཁག་ལའང་ཞུགས་མྱོང༌། ཕྱི་སྡོད་རྒྱ་རིགས་ལས་འགུལ་ཅུང་ཆེ་གྲས་ཤིག་ནི་ ༢༠༠༨ ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་སྔོན་ཚུད་དེ་རེད། འདིའི་སྐོར་ཞིབ་ཕྲའི་གནད་དོན་ཚང་མས་ཤེས་གསལ་ལྟར་རེད། ད་ཆ་ཕྱི་སྡོད་རྒྱ་རིགས་ཚོས་རྒྱལ་ཁབ་དབུ་ཁྲིད་གཟིགས་སྐོར་ལ་དགའ་བསུའི་ལས་འགུལ་དང་ཀྲུང་རྒོལ་ཕྱོགས་གཏོགས་ཁ་གཏད་གཅོག་པ་སོགས་བྱེད་ཀྱི་མེད། དེ་དང་མཉམ་དུ་བོད་རང་བཙན་ཤོག་ཁག་པའང་དཔེ་མེད་ཁུ་སིམ་དུ་སོང་ཡོད་ལ། ཐའེ་ཝན་རང་བཙན་ཤོག་ཁག་དང་ཕྱི་སྡོད་དམངས་གཙོ་ཤོག་ཁག་གི་སྐད་སྒྲ་དེ་བས་བརླགས་ཚར་བ་ལྟར་སྣང༌། (ཆོས་འཁོར་སྒོམ་སྒྲུབ་པ་གཅིག་པུས་ལོ་ཟླ་སྦྲེལ་ཏེ་ཨུ་ཚུགས་བརྒྱབས་ནས་གཞི་རྒྱ་ཆུང་བའི་ལས་འགུལ་སྤེལ་གྱིན་ཡོད) འདིའི་རྒྱུ་རྐྱེན་གཙོ་བོ་ནི་མེས་རྒྱལ་སྟོབས་ཤུགས་སྔོན་མ་ལས་ཧ་ཅང་ཆེ་རུ་ཕྱིན་ཡོད་དུས། ད་ཆ་ང་ཚོ་ཕྱི་སྡོད་རྒྱ་རིགས་མདུན་དུ་ཐོན་ནས་ང་ཚོའི་རྒྱལ་ཁབ་ཁེ་ཕན་སྲུང་དགོས་ཐུག་གི་མི་འདུག འདི་ནི་སྤོབས་པ་སྐྱེ་འོས་ཞིག་རེད།

དོན་ངོ་མས། ཅི་ཙམ་སྟོབས་ཤུགས་ལྡན་པའི་མི་རིགས་ཤིག་ཡིན་པ་དེའི་ཚོད་ཀྱིས་རང་སེམས་སྙོམ་པོས་སྐྱོན་བརྗོད་གདོང་ལེན་བྱ་དགོས་ལ་རང་གཞན་ཆུད་པ་བྱ་དགོས། བོད་རང་བཙན་ལས་འགུལ་ཤོག་ཁག་ལྟ་བུར་ཆ་བཞག་ན། དེ་ནི་ལོ་རྒྱུས་ཀྱི་རྐྱེན་ལས་བྱུང་ལ། དེའི་སྟེང་དུ་ནུབ་ཕྱོགས་སྟོབས་ཤུགས་བེད་སྤྱད་པ་རེད། མདོར་བསྡུས་ནས་བཤད་ན། བོད་མི་རིགས་ནི་ནང་ཆོས་ལ་དད་པ་ཡོད་པའི་ཞི་འཇམ་མི་རིགས་ཤིག་རེད། རྒྱ་མི་རིགས་དང་བསྡུར་ན་ཁོ་ནི་ཉམ་ཆུང་བའི་མི་རིགས་ཤིག་རེད། དོན་དམ་པས་བོད་རང་བཙན་ཤོག་ཁག་ནི་ཁྱིམ་གཞིས་བརླགས་པའི་འཁྱམ་པོ་ཁྱུ་ཅིག་རེད། ཁོང་ཚོའི་ངོ་རྒོལ་དང༌། ཡང་ན་ཡི་ཐང་ཆད་ནས་རྒྱུན་ཆད་མེད་པར་རང་སྲེག་བྱས་པའི་ཐད་ལ། ང་ཚོ་སྟོབས་ཤུགས་ཡོད་པའི་རྒྱ་མི་རིགས་འདིའི་ངོས་ནས་དོན་དམ་པས་ང་ཚོས་ཅི་ཞིག་ནོར་འཁྲུལ་བྱས་ཡོད་མེད་རང་ཉིད་ལ་དྲི་རྟགས་འགོད་དགོས། གལ་ཏེ། ང་ཚོས་འོས་འཚམ་སྒོ་ནས་རྒྱལ་ནང་གི་ཉམ་ཆུང་མི་རིགས་ཤིག་གི་འགལ་འདུའི་གནད་དོན་ཐག་གཅོད་ཐུབ་ཀྱི་མེད་ཚེ། ང་ཚོས་ཕྱི་ལོགས་ནས་ཇི་ལྟར་བོད་མི་རིགས་ལས་སྟོབས་ཤུགས་ཆེ་བའི་མི་རིགས་ཤིག་ལ་གདོང་ལེན་བྱ་དགོས། དེས་མ་ཚད་དུས་རབས་ཁ་ཤས་རིང་འཛམ་གླིང་ཡོངས་དབང་བསྒྱུར་བྱས་པའི་ནུབ་ཕྱོགས་རིག་གནས་ལ་འགྲན་རྒོལ་བྱེད་རྒྱུ་ཡིན་པ་མ་གླེང་རོགས། དར་རྒྱས་དང་དོན་ཆེན་ཟེར་བའང་ཉུག་རུམ་པ་རྣམ་པས་ཁོང་ཚོའི་རྒྱལ་སྲས་ཡིད་འགུག་པའི་སླད་དུ་མངགས་ཉོ་བྱས་པའི་གྱོན་གོས་ཙམ་དུ་ཟད་པ་མིན་ནམ། 

སྒྱུར་བ་པོའི་མཆན། རྩོམ་ཡིག་འདིའི་ནང་དུ་ཐ་སྙད་ཉུང་ཤས་ད་ཕན་བོད་ཀྱི་སྤྱི་ཚོགས་སུ་རྒྱུགས་ཆེན་པོ་མེད་པས་ཆེད་དུ་བོད་རྒྱ་ཤན་སྦྱར་བྱས་ཡོད།

མ་རྩོམ།     http://blog.sina.com.cn/s/blog_60f361d00101fg19.html 

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 8

  1. འོ་ཐིགས། says:
    ལོ་ 12 སྔོན།

    དྲ་གྲོགས་རྣམ་པ། འདི་ལྟ་བུའི་རྩོམ་རིགས་ཅི་ཙམ་ཡོད་ན་དེ་ཙམ་གྱིས་དགའ་བསུ་ཞུ། དགྲ་ངོ་མ་ཤེས་ན་དགྲ་ཁོག་ཇི་ལྟར་ལེན་དགོས་སམ། དགྲ་བོས་ང་ཚོ་སུ་ཡིན་དང་གང་འདྲ་ཡོད་མེད་ང་ཚོ་རང་ཉིད་ལས་ལྷག་ངོ་ཤེས་འདུག་ཡོད་པ་གསལ་བོ་བསྟན་མི་འདུག་གམ། དགྲ་བོའི་མིག་ནང་དུ་ད་དུང་ང་ཚོ་ནི་ཉམ་ཆུང་ནུས་མེད་དང་ཤེས་ཡོན་གྱིས་དབུལ་བའི་མི་རིགས་ཤིག་ཏུ་ངོས་འཛིན་བྱས་ཡོད་པ་འདི་་་ང་ཚོས་ཅིའི་ཀྱང་ལྡོག་ཕྱོགས་ནས་ངོ་སྤྲོད་གསལ་བོ་ཞིག་བྱེད་མི་དགོས་སམ།

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    རེད་ལགས། དེའི་རྩོམ་པ་པོ་རྒྱ་སྐྱག་དེ་ལ་བརྒོལ་དགོས་པ་ལས་དེའི་རྩོམ་ཡིག་སྒྱུར་བཀོད་བྱེད་སར་བརྒོལ་ནས་ཅི་ཕན།

    Reply
  3. ནགས་ཤོད་སད་མི says:
    ལོ་ 12 སྔོན།

    སྐུ་ཞབས་ཕུར་བུ་རྡོ་རྗེ་ལགས། གལ་ཏེ་འགྱུར་རྩོམ་འདིར་ཚིག་ལྷག་དེ་འདྲའི་འབེལ་འབེལ་ལྷུག་ལྷུག་ཅིག་འདུག་ན། དཔེར་ན། འགྱུར་དུམ་བུ་དང་པོའི་ནང་གི་ཚིག་ལྷག་དེ་དག་ཕྱིར་དབྱུང་རོགས་གནང་། ཁྱོད་ཀྱིས་བརྗོད་དོན་ལ་འགྱུར་བ་མ་སོང་བར་ཅི་ཞིག་འབུད་རྒྱུ་འདུག་ངས་བལྟ་བར་འདོད་དོ།

    Reply
  4. ཕུར་བུ་རྡོ་རྗེ། says:
    ལོ་ 12 སྔོན།

    ང་ཚོས་སོ་སོས་ལས་ཀ་བྱས་རབས་དང་འཇོན་རབས། ཡག་པོ་བྱུང་གི་ཡོད་རབས་རྐྱང་རྐྱང་ཤོད་སྡོད་རྒྱུ་མ་ཡིན་པར། ཕར་ཕྱོགས་ནས་ག་རེ་བྱེད་ཀྱི་ཡོད་མེད་དང་། བསམ་ཚུལ་དང་འཆར་གཞི་ག་རེ་སྒྲིག་གི་ཡོད་མེད། དེ་བཞིན་ཁོང་ཚོས་ལས་ཀ་ཡག་པོ་ག་རེ་བྱེད་ཀྱི་ཡོད་པ་དང་འཇོན་གྱི་ཡོད་པ། ཡག་པོ་བྱུང་གི་ཡོད་པ་སོགས་ང་ཚོས་ཤོད་དགོས་པ་དང་ཤེས་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད། དེ་ལ་ང་འདོད་པ་བརྒྱ་ཆའི་བརྒྱ་ཡོད། ཡིན་ནའང་སྒྱུར་རྩོམ་དེ་བོད་ཡིག་ནང་སྒྱུར་སྟངས་ཀྱི་ཆ་ནས་གོ་ཁག་པོ་དང་ལུང་སྐད་འདྲ་བོ་མང་ཐག་ཆོད་འདུག་ལ་ཚིག་ལྷག་ཀྱང་འབད་འབད་ལྷུག་ལྷུག་ཅིག་སྤུངས་འདུག་དེ་སོའི་གྲས་དེ་སྐྱོན་ཆ་ཆེན་པོ་རེད་བསམ་གྱི་འདུག་

    Reply
  5. ནགས་ཤོད་སད་མི says:
    ལོ་ 12 སྔོན།

    མི་རྒོད་རིག་པ་འདི་ཡ་ང་པོ་འདུག

    Reply
  6. ཕུན་ཚོགས། says:
    ལོ་ 12 སྔོན།

    མི་རྒོད་ལགས། མིག་ཡ་གཅིག་མ་གཏོགས་ལོང་པ་ཡིན་པ་ཅི་ཞིག་བྱུང་པ་རེད། ད་བར་ང་ཚོས་སོ་སོའི་ཕྱོགས་གཅིག་པོར་ལྟ་བསྡད་པའི་དབང་གིས་ང་ཚོར་དཀའ་རྙོག་འདི་བྱུང་བ་རེད། ད་དུང་རང་མགོ་རང་གིས་བསྐོར་ནས་གཞན་དོན་ལ་མིག་ལོང་པ་བྱས་ཏེ་སྡོད་རྒྱུ་ཡིན་ནམ། རྒྱ་ནག་གི་གཏམ་དཔེ་ཞིག་ལ། (རང་གཞན་གཉིས་ཀྱི་ཚུལ་རྟོགས་ན། ལ་བརྒྱར་ཕམ་ཡང་ལན་བརྒྱར་རྒྱལ་ཟེར་བ་གོ་མྱོང་ཡོད་དམ།)

    Reply
  7. བསྟན་ཆོས། says:
    ལོ་ 12 སྔོན།

    མི་རྒོད་དེ་ལས་གོམ་གང་བཏང་ན། བོད་མི་ཚོས་འདི་འདྲ་བསྒྱུར་མི་ཆོག་ཟེར་ཚོད་རེད།

    Reply
  8. མི་རྒོད། says:
    ལོ་ 12 སྔོན།

    དུས་བབས་ནི་བོད་པ་ཞིག་རེད་ལ། དེས་བས་འོས་འགན་ཡོད་པའི་གསར་ཤོག་ཡིན། ད་རེ་རྒྱ་ཡི་གནས་ཚུལ་འདིར་སྟོན་པ་དེ་ངས་ངོ་རྒོལ་ཐ་གཅིག་ཏུ་བྱེད།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese