མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དད་མེད་མཁན་ཚོར་ཡང་བློ་སྐྱེད་སྟེར་ཐུབ་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་བཞུགས་སྒར་དུ་མཱ་ལེ་ཤི་ཡའི་ཆོས་ཞུ་བ་གཙོས་པའི་དད་ལྡན་སུམ་སྟོང་བརྒལ་བར་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་པ་དང་སྦྲགས་སྐྱ་སེར་གཉིས་ཀྱིས་ནང་ཆོས་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་སྐོར་ནན་གྱིས་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༣༠ སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མཱ་ལེ་ཤི་ཡའི་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པ་དང་ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར།  ༸གོང་ས་མཆོག་གིས་ཐུབ་བསྟན་བཤད་སྒྲུབ་གླིང་གི་དགོན་བདག་དགེ་སློང་དཀོན་མཆོག་བསམ་འགྲུབ་མཆོག་གཙོས་པའི་མཱ་ལེ་ཤི་ཡའི་ཆོས་ཞུ་བ་ ༤༠ ཙམ་དང་། བཞུཊ་སྒར་ཁུལ་གྱི་གྲྭ་བཙུན་དང་ཕྱི་རྒྱལ་བ། མི་མང་བཅས་ཁྱོན་མི་ ༣༠༠༠ ཡས་མས་ལ་རྗེ་ཙོང་ཁ་བའི་མཛད་པས་༼ལམ་གཙོ་རྣམ་གསུམ༽ དང་སྒྲོལ་དཀར་གྱི་ཚེ་དབང་བཅས་གནང་སོང་།   

༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་སྐབས། པཱ་ལི་དང་ལེགས་སྦྱར་གང་ཡིན་ཡང་སྡེ་སྣོད་གསུམ་གྱི་ཁོངས་སུ་མ་འདུས་པ་གཅིག་ཀྱང་མེད་པ་དང་། པཱ་ལིའི་གཞུང་ནང་སྡེ་སྣོད་གསུམ་དེ་བདེན་བཞིའི་ཆོས་འཁོར་དང་འབྲེལ་ཡོད་པ་ཞིག་ཡིན་ཞིང་། འདུལ་བའི་ཉམས་ལེན་རིགས་ཐེག་པ་ཆེ་ཆུང་ཧ་ལམ་གཅིག་པ་ཡིན་པ་དང་། མདོ་སྡེའི་སྡེ་སྣོད་ལས་ཏིང་ངེ་འཛིན་གྱི་རྣམ་གྲངས་ལ་ཁྱད་པར་ཏོག་ཙམ་ཡོད་པ་ལས་གཅིག་པ། འོན་ཀྱང་ཤེས་རབ་ཀྱི་བསླབ་པ་མངོན་པའི་སྡེ་སྣོད་ཀྱི་ཐོག་ནས་ཁྱད་པར་ཏོག་ཙམ་ཡོད་ཅིང་། པཱ་ལིའི་གཞུང་ནང་གང་ཟག་གི་བདག་མེད་ཙམ་ཞིག་གསུངས་པ་ལས་མང་པོ་མེད་པ་དང་། ལེགས་སྦྱར་ཆོས་རྒྱུད་ནང་གྲུབ་མཐའ་བཞི་བཤད་ཡོད་ཡོད་པ་དང་། ཐེག་པ་ཆེན་པོའི་ལམ་བསླབ་པའི་སྤྱོད་པ་དང་འབྲེལ་བའི་ཐོག་ནས་ལྟ་བ་གསུང་བ་དེར་དབུ་སེམས་གཉིས་མི་འདྲ་བ་བྱུང་ཡོད་པ། དེ་གཉིས་ཀྱིས་ཆོས་ཀྱི་བདག་མེད་གསུང་གི་ཡོད་སྟབས་གང་ཟག་གི་བདག་མེད་ཐོག་ལ་ཆོས་ཀྱི་བདག་མེད་གསུངས་བ་དེ་གནད་འགག་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།  

བོད་དུ་ནང་ཆོས་དར་ཚུལ་སྐོར་ལ། “ ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་ཆོས་དེ་གཙོ་བོ་མཁན་སློབ་ཆོས་གསུམ་ཞེས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་དེ་རྒྱ་མོ་རེད། ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་གཉེན་འབྲེལ་མཛད་དེ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་རེད། དཔེར་ན། ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་དང་ར་མོ་ཆེར་ཡོད་པའི་ཇོ་བོ་དེ་དག་རྒྱ་ནག་དང་བལ་ཡུལ་ནས་གདན་ཞུ་གནང་བ་དང་། བོད་ནང་སངས་རྒྱས་ཀྱི་ཆོས་ཞིབ་ཚགས་པོས་ཐོག་ནས་དར་སྤེལ་གནང་བ་དེ། རྒྱ་ནག་ནང་སངས་རྒྱས་ཆོས་དེ་པཱ་ལི་དང་ལེགས་སྦྱར་གྱི་ཆོས་རྒྱུད་གཉིས་དར་ཞིང་རྒྱས་ཏེ་གང་འཚམ་ཡོད་ཀྱང་། རྒྱ་ནག་བརྒྱུད་ནས་མ་ཡིན་པར་རྒྱ་གར་ནས་ཐད་ཀར་ཤེས་རྒྱུའི་དགོངས་པ་བཞེས་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་རེད། ཞི་བ་འཚོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་འགལ་རྐྱེན་སེལ་ཆེད་སློབ་དཔོན་ཐུགས་རྗེ་ཅན་གདན་ཞུ་གནང་སྟེ། མཁན་སློབ་ཆོས་གསུམ་ཞེས་ཡོངས་སུ་གྲགས་ཡོད་པ་དེ་ཡིན་པ་དང་། དེ་འདྲ་ཞིག་གི་ཐོག་ནས་བོད་ལ་སངས་རྒྱས་ཆོས་དེ་དཔལ་ནཱ་ལེནྜའི་ཆོས་རྒྱུད་དྲི་མ་མེད་པའི་སྲོལ་བྱུང་བ་རེད།” ཅེས་གསུངས།

སྐྱ་སེར་གཉིས་ཀས་ནང་ཆོས་ལ་སློབ་གཉེར་གནང་དགོས་པའི་ཐད། “ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་དཔལ་ནཱ་ལེནྜའི་མཁས་པ་ཚོས་བརྩམས་པའི་གཞུང་མང་པོ་ཞིག་རྩ་བ་བློར་བཟུང་། འགྲེལ་བ་ཡང་ཁ་ཤས་ཀྱིས་བློར་འཛིན་གྱི་ཡོད་པ་རེད། གང་ལྟར། དེ་དག་ཐོག་སློབ་སྦྱོང་བྱས་ཏེ་ལོ་ ༢༠ དང་ ༣༠ རིང་སྡོད་ཀྱི་ཡོད་པ་དེ་ཕལ་ཆེར་ང་ཚོ་བོད་གཅིག་པུ་མ་གཏོགས་མེད་པ་གསལ་བོ་རེད། ང་ཚོས་སྦྱངས་ཟིན་པའི་གཞུང་དེ་ཁོ་ན་མ་ཡིན་པར་གཡས་གཡོན་ལ་ལྟ་ཐུབ་ན་དཔལ་ནཱ་ལེནྜའི་མཁས་པ་ཚོས་བརྩམས་པའི་གཞུང་དེ་དག་གིས་ང་ཚོའི་རྣམ་དཔྱོད་དང་བློ་མིག་ཕྱེས་ཏེ་བལྟས་པ་ཡིན་ན། ད་ལྟའི་འཛམ་གླིང་གི་ཤེས་ཡོན་སྤྱི་དང་ལྷག་པར་དུ་ཚན་རིག་གི་ཤེས་ཡོན་ཐོག་ནས་འཛམ་གླིང་ནང་ཡིད་སྨོན་སྐྱེས་ས་དང་། ཆ་འཇོག་བྱེད་ཡུལ་ཞིག་ཆགས་ཡོད་པ་རེད། དཔལ་ནཱ་ལེནྜའི་མཁས་པ་ཚོས་ལམ་སྟོན་གནང་ཡོད་པའི་གཞུང་དེ་དག་དང་སྦྲེལ་ཡོང་པ་ཡིན་ན་དམིགས་བསལ་གྱིས་བྲོ་བ་ཁ་ཁ་ཡོད་པ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན། བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་ཆོས་དེ་དུས་རབས་རྙིང་པའི་ལྟ་གྲུབ་ཡིན་པ་ཙམ་དུ་མ་ཟད། ད་ལྟའི་དུས་རབས་ ༢༡ དང་འབྲེལ་བ་ཡོད་པའི་ལྟ་གྲུབ་ཡོད་པ་གསལ་བོ་རེད། དེ་ང་ཚོས་ཤེས་དགོས་པ་རེད། རྩ་ཆེན་པོ་རེད་ཅེས་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། དེ་ཤེས་པར་བྱ་རྒྱུ་དང་སྦྱོང་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། དེ་ཡང་རབ་བྱུང་བ་རྐྱང་དང་། གཞུང་ཆེན་ལྟ་མཁན་བཤད་གྲྭ་བ་རྐྱང་རྐྱང་གིས་སྦྱོང་དགོས་པ་དེ་འདྲ་མ་རེད། ཆོས་ལ་དད་པ་ཡོད་མཁན་སྐྱ་སེར་དབྱེ་མེད་ཀྱིས་ལྟ་དགོས་པ་ཞིག་དང་། ཆོས་ལ་དད་པ་མེད་མཁན་ཚོར་ཡང་གཞུང་དེ་དག་ནང་ནས་ལེགས་ཆ་བླངས་ན་བློ་སྐྱེད་ཆེན་པོ་ཡོང་བ་ཞིག་ཏན་ཏན་རེད། བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྜ་ནས་རྒྱུད་པ་ཞིག་རེད། གང་ལྟར། ཕུལ་དུ་བྱུང་བའི་མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་སྨད་དུ་བྱུང་བ་ཞིག་རེད། བོད་གངས་ཅན་ལྗོངས་རང་ལའང་མཁས་པ་མང་པོ་བྱུང་ཡོད་པ་རེད། དེ་དག་གིས་ཁུངས་བཅོལ་ས་རྒྱ་གར་མཁས་པའི་གཞུང་དེ་ཆགས་ཡོད་པ་རེད།  ད་ལྟ་ང་རང་ཚོས་རྩ་བ་དེར་ཐོས་བསམ་སློབ་གཉེར་བྱ་རྒྱུ་གལ་ཆེན་རེད”ཅེས་གསུངས་བྱུང་།

༧གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་སུ་འཇམ་དབྱངས་རྣམ་གསུམ་གསུང་སྲོལ་ཡོད་པ་ལས། ས་པཎ་དང་ཀུན་མཁྱེན་ཀློང་ཆེན་པ། འཇམ་མགོན་བླ་མ་ཙོང་ཁ་པ་གསུམ་ཡིན་པ་དང་། སྐབས་སུ་བབས་པ་འཇམ་མགོན་བླ་མ་ཙོང་ཁ་པར་གསུང་པོ་ཏི་བཅོ་བརྒྱད་ཡོད་པ་དག་ལ་ཡག་པོ་མཇལ་བ་ཡིན་ན། གྲོང་ཆོག་ལ་རྒྱུག་རྒྱུ་དང་འདོན་པ་འདོན་རྒྱུའི་རིགས་ཉུང་ཉུང་ཡིན་པར་མང་ཆེ་བ་གཞུང་ཆེན་ཁག་ལ་འགྲེལ་བ་བསྐྱོན་ཡོད་པའི་སྨད་དུ་བྱུང་བའི་ལེགས་བཤད་རྐྱང་ཡིན་སྐོར་སོགས་གསུངས་སོང་། ཁོང་གིས་དེ་རིང་༼ལམ་གཙོ་རྣམ་གསུམ༽ གྱི་གསུམ་གྱི་ཆོས་འབྲེལ་གནང་བ་ལྟར། ཉམས་ལེན་དང་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། ཉམས་ལེན་གྱི་ཕྱོགས་ནས་གཙོ་བོ་དཔྱད་སྒོམ་བྱས་ནས་བསམ་བློ་བཏང་བ་ཡིན་ན་སེམས་ལ་ངེས་པ་ཐོབ་པ་ལས། དཔྱད་པ་མ་བྱས་པར་ཡིད་གཙོ་འཇོག་བྱས་ཏེ་བསྡད་པ་ཡིན་ན་ངེས་པ་ཐོབ་རྒྱུ་མེད་ཚུལ་དང་། སྐྱེས་རིམ་དང་རྫོགས་རིམ། ཞི་གནས་སོགས་སྒྲུབ་སྐབས་དང་གནས་ཚུལ་ཁ་ཁ་ཡིན་སྟབས། དཔྱད་པ་བྱས་ནས་འགྲོ་རྒྱུ་གཙོ་བོ་ཡིན་པ་དང་། ཁོང་རང་ཉིད་ལ་མཚོན་ནའང་བློ་སྐྱེད་བྱུང་བ་དེ་གཙོ་བོ་དཔྱད་པ་ལ་བརྟེན་ནས་བྱུང་བ་ལས་བློ་རྩེ་གཅིག་ཏུ་སྒོམ་ནས་ཡོང་བ་ཞིག་མིན་སྟབས། ཚང་མས་ཐོས་བསམ་སྒོམ་གསུམ་དང་དཔེ་ཆ་ལྟ་རྒྱུ། ལམ་གཙོ་རྣམ་གསུམ་ནང་གསུང་བ་ལྟར་ཤེས་པར་བྱས་ཏེ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་གྱིས་ལྡི་ལི་བོད་ཁང་གིས་གོ་སྒྲིག་གནང་བཞིན་པའི་ནཱ་ལེནྜའི་ཆོས་རྒྱུད་ཀྱི་སྐོར་ལ་བཀའ་སློབ་དང་། ཉིན་རྒྱབ་གྷན་ངྷིའི་སྒྱུ་རྩལ་ལྟེ་གནས་ཁང་དུ་གནད་ཡོད་མི་སྣར་བཀའ་སློབ་གནང་རྒྱུ། ཚེས་ ༡༧ ནས་ ༢༥ བར་ཉི་ཧོང་དུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese