མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་ཚ་དགོས་པའི་སྲིད་བློན་སིན་གྱི་གཙང་ཆུའི་ཆིངས་ཡིག

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ལྦར་མ་ཅལ་ལ་ནི་ཡིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

རྒྱ་དཀར་ནག་གི་གཙང་ཆུའི་ཆིངས་ཡིག་གསར་པ་འདིའི་མཉམ་ལས་ཐད་རྒྱ་ནག་གིས་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་དང་ཞི་འཇགས་ཡོང་རྒྱུར་འགན་འཁུར་རྐང་ལེན་བྱེད་དགོས་པ་ཆགས་ཀྱི་མེད།

རྒྱ་ནག་ངོས་ནས་ལོ་ངོ་བཅུ་ཕྲག་དྲུག་ཙམ་རིང་བོད་ཀྱི་གཙང་ཆུ་ཁག་ལ་ཆུ་རགས་གཅིག་མཇུག་གཉིས་མཐུད་དུ་རྒྱག་མགོ་ཚུགས་པར་བརྟེན། ཕྱོགས་གཉིས་ཀྱི་མཛའ་བཤེས་དང་མཐུན་ལམ་ལ་བརྗོད་པར་དཀའ་བའི་དཀའ་ངལ་དང་དོ་ཕོག་ཕྱིན་ཡོད། ཡིན་ཡང་། བདུན་ཕྲག་གཅིག་སྔོན་གྱི་དྲིལ་བསྒྲགས་རང་བཞིན་ལྡན་པའི་སྲིད་བློན་སིན་གྱི་རྒྱ་ནག་འཚམས་གཟིགས་དེས་གཙང་ཆུའི་གནད་དོན་སེལ་རྒྱུར་འབོད་ཚིག་དང་སིལ་སྒྲ་ཙམ་ལས་བསམ་ཚོད་ནང་བཞིན་དོན་ཕན་བྱུང་མེད་པ་གསལ་པོ་ཡིན།

ཉེ་སྔོན་སྲིད་བློན་སིན་གྱི་རྒྱ་ནག་འཚམས་གཟིགས་སྐབས་མིང་རྟགས་བཀོད་པའི་ཆིངས་ཡིག་དོན་ཚན་ཁག་ལ་གཞིགས་ན  “ཕྱོགས་གཉིས་ཀས་རྒྱལ་མཚམས་མེད་པའི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་གི་རིན་ཐང་ཁག་ངོས་འཛིན་དང་སྦྲགས་གཙང་ཆུའི་གནད་དོན་ཁག་ཞི་འཇགས་མོས་མཐུན་བྱུང་བར་ཕྱིས་འབྱུང་རྒྱལ་ཁབ་དབར་གྱི་འབྲེལ་མོལ་དང་ཐབས་བྱུས་ལ་ཡིད་ཆེས་གསར་པ་ཞིག་འོང་རྒྱུ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད།’’ དེ་དང་ཕྱོགས་མཚུངས་རྒྱ་གར་ངོས་ནས་རྒྱ་ནག་གིས་ནམ་དུས་སྐབས་ཆུ་ལོག་ག་པར་ཡོང་མིན་སྐོར་གྱི་ཡིག་ཆ་ཁག་གསལ་སྟོན་བྱས་པར་བསྟོད་བསྔགས་བཏང་ཡོད་འདུག’’  

ཛུ་མ་པར་སྐྲུན་ཁང་ནས་འདོན་སྤེལ་བྱས་པའི་རྟ་མཆོག་ཁ་འབབ་ཐོག་གསར་འཛུགས་བྱས་པའི་སྤོ་བོ་སྤྲ་རྨོག་གློག་ཁང་གི་ས་དབྱིབས་ཆགས་ཚུལ།  

སྲིད་བློན་སིན་གྱི་གསར་འགོད་པ་དང་ཆེས་མཐོའི་མི་སྣ་ལྷན་དུ་རྒྱ་ནག་གི་འཚམས་གཟིགས་དེ་ནི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཐབས་བྱུས་ཐོག་གྲུབ་འབྲས་ལྡན་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དོན་དངོས་བསམ་བློ་བཏང་བ་ཡིན་ན་དེ་ནི་དོན་འབྲས་མེད་པའི་འཚམས་གཟིགས་ཕྱོགས་སྐྱོད་ཅིག་ཡིན། གང་ཡིན་ཞེ་ན། རྒྱ་ནག་ངོས་ནས་སོ་སོའི་ཁེ་ཕན་དང་ཁྱབ་བསྒྲགས་ཆེད་གྲོས་མཐུན་འདི་བཞག་པ་ཙམ་ལས་རྒྱ་གར་ཆེད་དམིགས་ནས་བསམ་ཤེས་བྱས་པ་ཞིག་མིན།

གླིང་ཆེན་ཨེ་ཤ་ཡའི་ནང་ཆུའི་བདག་དབང་ཆེད་གནོན་ཤུགས་དང་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་གཙང་པོའི་ཐོག་ཆུ་རགས་དང་ལས་གྲྭ་འདྲ་མིན་གསར་འཛུགས་ཀྱིས་གཙང་པོའི་འབྱུང་ཁུངས་ཁག་དོ་དམ་དང་བཀག་སྡོམ། དེ་བཞིན་བདག་བཟུང་སོགས་བྱས་ནས་འཛམ་གླིང་ནང་སོ་སོའི་བླ་མེད་དབང་ཤུགས་ངོམ་བཞིན་ཡོད། དེར་བརྟེན། བོད་ཀྱི་རྒྱལ་མཚམས་མེད་པའི་གཙང་ཚུ་མང་པོ་ཞིག་རྒྱལ་ཁབ་གཞན་དང་བསྡུར་ན་རྒྱ་ནག་ནང་མང་བ་ཁ་བསྒྱུར་བ་དང་སྦྲགས་བཀོལ་སྤྱོད་བྱེད་བཞིན་ཡོད།

 

རྒྱ་ནག་གིས་འཛམ་གླིང་སྤྱི་ཡོངས་ཀྱི་ཆུ་རགས་ལས་མང་བ་གསར་སྐྲུན་བྱས་ཡོད་ཀྱང་ཉེ་བའི་བཅུ་ཕྲག་གི་དུས་ཡུན་ནང་རྒྱལ་ནང་གི་གཙང་པོ་ཙམ་མ་ཡིན་པར་རྒྱལ་སྤྱིའི་གཙང་ཆུ་ཁག་ལའང་ཆུ་རགས་བསྐྲུན་མགོ་ཚུགས་ཡོད། ལོ་འདིར་ཆ་བཞག་ན་རྒྱ་ནག་ངོས་ནས་བོད་ཀྱི་ལྷོ་ཤར་དང་དེ་འབྲེལ་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ནང་རྒྱུག་བཞིན་པའི་གཙང་ཆུ་ཁོ་ནར་ཆུ་མཛོད་གསར་རྒྱག་གི་ལས་གྲྭ་ ༥༤ ཙམ་མགོ་ཚུགས་བྱས་ཡོད། 

གནད་དོན་དེའི་རྐྱེན་པས་རྒྱ་གར་ལ་གནོད་འཚེ་ཧ་ཅང་ཆེན་པོ་ཕོག་གི་ཡོད་པ་ནི་གོར་མ་ཆག གང་ཡིན་ཞེ་ན། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་ས་ཆ་ནས་རྒྱ་གར་ནང་ལོ་རེར་ཆུ་རྨིས་ཊིར་(Cubic Meter)ཁྲག་ཁྲིག་ ༧༡༨ དང་བརྒྱ་ཆར་སྐོར་ན་བརྒྱ་ཆ་ ༤༨ ཙམ་འབྱོར་གྱི་ཡོད། དེ་དང་ཕྱོགས་མཚུངས་བལ་ཡུལ་ནང་རྒྱུག་བཞིན་པའི་བོད་ཀྱི་ཆུ་བོ་རྒྱ་གར་གྱི་ཆུ་མོ་གཱང་གྷ་སླེབ་དུས་བཀོལ་སྤྱོད་བྱེད་རྒྱུ་མེད་པ་ཆགས་འགྲོ་ཡི་ཡོད། རྒྱ་གར་ལ་རྒྱ་ནག་ལས་མང་བ་ས་ཞིང་འདེབས་ལས་བྱེད་རྒྱུའི་ས་ཆ་ཡོད་ཀྱང་རྒྱ་གར་གྱི་ཆུའི་ཐོན་ཁུངས་གཙོ་གྲས་ཁག་ནི་རྒྱ་ནག་གི་ལག་པར་ཡོད་དུས་བཀོལ་སྤྱོད་དེ་ཙམ་བྱེད་ཐུབ་ཀྱི་མེད་པ་ནི་དོན་དངོས་ཤིག་ཡིན། 

གལ་ཏེ་པེ་ཅིན་གྱིས་ད་ལྟ་འཛིན་བཞིན་པའི་ཕྱོགས་གཅིག་པུའི་ཐབས་ལམ་དང་ཆུ་རགས་གསར་རྒྱག་གི་ལས་གྲྭ་འདི་འདྲ་མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན་ན་རྒྱ་གར་གྱིས་བྷང་གྷ་ལ་དང་པ་ཀི་སི་ཐན་ཐོག་འཛིན་པའི་ཆུ་གཞུང་ཐུན་མོང་སྤྱོད་དབང་གི་གནད་དོན་ཐད་ལ་དཀའ་རྙོག་འཕྲད་རྒྱུ་ཡིན་པ་བརྗོད་མི་དགོས་པ་ཞིག་ཡིན། ཕྱི་ལོ་ ༡༩༩༦ ལོའི་བྷང་གྷ་ལ་དང་རྒྱ་གར་དབར་བཞག་པའི་ ‘གྷང་གྷའི་ཆིངས་ཡིག་’ གཞིར་བཟུང་བྱས་པ་ཡིན་ན། རྒྱ་གར་ངོས་ནས་བྷང་གྷ་ལར་དཀའ་ཚེགས་སྐབས་ཀྱི་སྐམ་ཤས་ཆེ་བའི་ནམ་དུས་སུ་ཆུ་གཞུང་ཁག་གཅིག་མཚུངས་བགོ་འགྲེམ་བྱས་ཏེ་ཐུན་མོང་དུ་སྤྱོད་རྒྱུ་ཡིན་པའི་གྲོས་མོལ་བྱས་ཡོད། ཡིན་ཡང་། ད་ལྟ་རྒྱ་ནག་གཞུང་གིས་གྷང་གྷའི་ཆུ་ཕྲན་ཁག་ལ་ཆུ་རགས་རྒྱག་མགོ་ཚུགས་པར་བརྟེན། ཆུ་གཞུང་ཁག་འཁོར་སྐྱོད་བྱེད་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད།

ཕྱི་ལོ་ ༡༩༦༠ ལོར་བཞག་པའི་སེང་གེ་ཁ་འབབ་ཀྱི་ཆིངས་ཡིག་ཅེས་པ་འཛམ་གླིང་ནང་གི་ཆུ་བོ་བགོ་འགྲེམ་བྱེད་ཕྱོགས་ཀྱི་དོན་ཕན་ཐབས་བྱུས་གཞིར་བཟུང་བྱས་པ་ཡིན་ན། རྒྱ་གར་ངོས་ནས་པ་ཀི་སི་ཐན་ལ་ཡུལ་གཉིས་ཀྱི་དཀའ་རྙོག་ཁག་ཞི་འཇམ་དང་ལྷིང་འཇགས་ཡོང་ཆེད་སེང་གེ་ཁ་འབབ་ཀྱི་ཆུ་གཞུང་ལས་མཆེད་པའི་གཙང་ཆུ་ཁག་དྲུག་གི་ཆུའི་ཐོན་ཁུངས་བརྒྱ་ཆ་ ༨༠།༥༢ མཁོ་སྤྲོད་བྱ་རྒྱུ་ཡིན་པའི་མོས་མཐུན་བྱས་ཡོད། ཆུ་བོ་དྲུག་པོ་དེ་དག་ནས་གཉིས་ད་ལྟ་རྒྱ་ནག་གཞུང་གི་ཆུ་རགས་འཛུགས་སྐྲུན་བྱེད་རྒྱུའི་ལས་གྲྭའི་ནང་ལྷུང་ཡོད།

རྒྱ་གར་ངོས་ནས་རྒྱ་ནག་གི་ཆུ་རགས་གསར་འཛུགས་ཀྱི་ལས་དོན་ཁག་ཕྱི་གསལ་ནང་གསལ་དང་སྦྲགས། རང་བྱུང་རྒྱལ་མཚམས་མེད་པར་རྒྱུག་བཞིན་པའི་གཙང་པོ་དག་ཁ་བསྒྱུར་བའམ་ཡང་ན་ཇེ་ཉུང་དུ་གཏོང་རྒྱུ་མིན་པའི་ཆོད་སེམས་བརྟན་པོ་དགོས་པའི་རྟིང་སྐུལ་བྱས་ཡོད། ཕྱི་ལོ་ ༢༠༠༧ ལོར་ཆུ་རགས་གསར་འཛུགས་ཐད་ཀྱི་གནད་དོན་དེར་ཕྱོགས་གཉིས་ཀས་ཞི་འགྲིག་ལམ་ལྷོང་ཡོང་ཆེད་མཁས་པ་གདན་ཞུས་ཀྱིས་ “གླེང་སློང་དང་མཉམ་རུབ་’’ ཡོང་ཆེད་ཚོགས་ཆུང་བཀོད་སྒྲིག་བྱས་ཀྱང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་མེད། རྒྱ་ནག་ངོས་ནས་རྒྱ་གར་ལ་ཆུ་རགས་ཐད་ཀྱི་ཡིག་ཆ་ཁག་ཚོང་འགྲེམ་གྱིས་མཉམ་ལས་བྱས་ཏེ་མོས་མཐུན་བྱས་པ་ཙམ་ལས་གནད་དོན་གཞན་ལ་རྒྱུས་ལོན་བྱས་མེད། རྒྱ་གར་ངོས་ནས་ཡིོག་ཆ་དེ་འདྲ་པ་ཀི་སི་ཐན་ལ་ལོ་འདི་རང་ལ་རིན་མེད་མཁོ་སྤྲོད་བྱས་ཡོད།

རྙོག་འཛིང་ཆེ་བའི་གཙང་ཆུའི་འཁྲུག་རྩོད་ཀྱི་མ་ལག་དེ་ཞི་འཇགས་ཡོང་ཐབས་ལ་སྒྲིག་ཁྲིམས་ལྡན་པའི་མཉམ་ལས་ཤིག་དགོས་ཀྱི་ཡོད་ཀྱང་རྒྱ་ནག་ངོས་ནས་གཙང་ཆུ་བགོ་འགྲེམ་བྱེད་ཕྱོགས་ཀྱི་གནད་དོན་ཁག་ངོས་ལེན་བྱེད་ཀྱི་མེད་ལ། ད་ལྟའི་དབར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ཡོད་ཀྱི་གནད་དོན་ཐད་ཆིངས་ཡིག་གཅིག་ཀྱང་འཇོག་མྱོང་ མེད། རྒྱ་གར་ལ་ཆ་བཞག་ན་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་བྷང་གྷ་ལ་དབར་གཙང་ཆུའི་གནད་དོན་ཞི་འགྲིག་ཡོང་ཐབས་ལ་གཉིས་ཕན་ཆིངས་ཡིག་བཞག་ཡོད་པ་ལོ་རྒྱུས་ནང་བྱུང་མྱོང་ཡོད།

ལོ་འདིའི་ནང་སྲིད་བློན་སིན་གྱིས་རྒྱ་དཀར་ནག་གཉིས་ཀྱི་གཙང་ཆུའི་གནད་དོན་ཁག་སེལ་ཆེད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁཱེ་ཆང་གཉིས་ཐུག་ཕྲད་བྱས་ཏེ་རྟ་མཆོག་ཁ་འབབ་དང་། བོད་ལྷོའི་རྒྱུག་ཆུའི་ཐོག་གསར་སྐྲུན་བྱེད་བཞིན་པའི་ཆུ་རགས་ཁག་ལ་སེམས་འཚབ་ཡོད་པའི་བསྒྲགས་གཏམ་སྤེལ་བ་མ་ཟད། ཕྱོགས་གཉིས་ཀས་ཕྱི་གསལ་ནང་གསལ་ངང་གནད་དོན་ཐག་གཅོད་བྱེད་རྒྱུར་ཐུན་མོང་ཚོགས་ཆུང་ཚུགས་ཏེ་ཆིངས་ཡིག་འཇོག་དགོས་པའི་རྟིང་སྐུལ་བྱས་ཡོད། འོན་ཀྱང་། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁཱེ་ཆང་གིས་སྲིད་བློན་སིན་གྱི་དགོས་འདུན་དེར་ཁ་ཡ་བྱས་མེད།

ད་ལྟ་རྒྱ་གར་ནང་ལས་ཀའི་དཀའ་རྙོག་དང་ལྐོག་ཟ་རུལ་སུངས་ཀྱི་དཀྲོག་གཏམ་ཚད་དམའ་ཤོས་དེར་སླེབས་དུས་སྲིད་བློན་སིན་པེ་ཅིན་ནས་ལག་པ་སྟོང་པར་ལོག་འདོད་བྱེད་ཀྱི་མེད། དེར་བརྟེན། ཁོང་གིས་རྒྱ་ནག་ངོས་ནས་ཆིངས་ཡིག་ཐོག་མིང་རྟགས་ག་རེ་བཀོད་པ་དེར་ངོས་ལེན་བྱེད་དགོས་བྱུང་བ་རེད། གནད་དོན་དེར་བསམ་གཞིགས་ལེགས་པོ་ཞིག་བྱེད་དུས་པེ་ཅིན་ངོས་ནས་རྒྱལ་སྤྱིའི་སྐྱོན་བརྗོད་ཁག་དག་སེལ་བྱེད་ཆེད་གཙང་ཆུའི་གནད་དོན་ཁག་ལ་ཐེ་བྱུས་བྱས་པ་ཙམ་ལས་རྒྱ་གར་དང་མཉམ་དུ་ཆུ་བོའི་ཐོན་ཁུངས་ཁག་མཉམ་སྤྱོད་མཉམ་ལས་བྱེད་རྒྱུའི་མོས་མཐུན་བྱེད་ཀྱི་མེད།

གཙང་ཆུའི་གནད་དོན་གྱི་ཆིངས་ཡིག་འདིས་པེ་ཅིན་གྱི་དགོས་དོན་གཙོ་བོར་འཛིན་པའི་མཉམ་འབྲེལ་གཙང་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་ཐད་འགོག་རྐྱེན་དེ་ཙམ་འཕྲད་མི་སྲིད་པ་ཞིག་ཡིན། ཅི་སྟེ་རྒྱ་གར་ངོས་ནས་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་དང་མཉམ་དུ་གཙང་ཚུ་ཐུན་མོང་བཀོལ་སྤྱོད་ཀྱི་གནད་དོིན་དེ་ལམ་ལྷོང་དོན་འཁྱོལ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་བར་ཁྱིམ་མཚེས་རྒྱལ་ཁབ་ལ་བརྗོད་པར་དཀའ་བའི་དོ་ཕོག་འགྲོ་རྒྱུ་ཡིན་པ་སྨྲོས་མེད་ཡིན་པ་མ་ཟད། རྒྱ་ནག་དེ་བཞིན་གླིང་ཆེན་ཨེ་ཤ་ཡའི་གཙང་ཆུའི་རྐང་འཛིན་པ་ཞིག་ཆགས་རྒྱུ་ཡིན་པ་དོན་དངོས་ཤིག་ཡིན།

རྒྱ་ནག་གི་ས་དབྱིབས་དང་དྲག་པོའི་དམག་ཤུགས་དེ་བཞིན་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་གར་ལས་ཆེ་བ་ཡོད་པར་བརྟེན། རྒྱ་གར་ངོས་ནས་རྒྱ་ནག་ལ་དེ་ཙམ་གནོན་ཤུགས་སམ་ཚོད་འཛིན་བྱེད་ཐུབ་ཀྱི་མེད། གལ་ཏེ་རྒྱ་གར་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བསམ་ན་ཡུལ་ལུང་དེ་གའི་དཔལ་འབྱོར་གྱི་རྟེན་ས་ཚོང་འབྲེལ་ཁག་བཀག་རྒྱ་དང་འདེགས་འཇལ་བྱེད་རྒྱུ་ནི་དུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན། ཡིན་ཡང་། རྒྱ་གར་གྱིས་རྒྱ་ནག་དང་ཚོང་འབྲེལ་བྱེད་ཚད་ནི་དེ་སྔོན་དང་བསྡུར་ན་ལྡབ་བཞིས་ཞན་པ་ཡོད་སྟབས། རྒྱ་ནག་ལ་གནོན་ཤུགས་དང་ཚོད་འཛིན་བྱ་རྒྱུ་ནི་ཉིན་མོའི་སྐར་མ་ཙམ་ཞིག་ཡིན། རྒྱ་གར་ངོས་ནས་དཔལ་འབྱོར་གྱི་ཡང་ལྕི་ཤོར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ གཙོས་སྔར་ཡོད་གཙང་ཆུའི་གནད་དོན་ལ་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་སྟོབས་ཤུགས་མེད།  

རྒྱ་ནག་གི་གཙང་ཆུའི་ཆུ་རགས་གསར་འཛུགས་ཀྱི་རྩེད་འཇོའི་ལས་གྲྭ་འདིས་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད། རྒྱལ་ཁབ་ཕྱོགས་གཉིས་ལ་གལ་ཆེའི་རང་བཞིན་ལྡན་པའི་བཙན་པོ་དབང་ཡོད་བྱེད་སའི་བར་གནས་རྒྱལ་ཁབ་འདི་ལོ་ངོ་བཅུ་ཕྲག་དྲུག་སྔོན་ལ་རྒྱ་ནག་གིས་བཙན་སྲུང་བྱས་པར་བརྟེན་ཆབ་སྲིད་ཀྱི་ནུས་སྟོབས་དེ་མེད་པ་ཆགས་པ་རེད། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་འབྲེལ་ལམ་གྱི་ཟམ་པ་ལྟ་བུ་ཞིག་ཆགས་དགོས་ན། ཕྱོགས་གཉིས་ཀས་གཙང་ཆུའི་གནད་དོན་དེ་མཉམ་ལས་ཤིག་ལས་རྩོད་རྙོག་ཅིག་མིན་པ་ངོས་འཛིན་བྱས་ཏེ་མདུན་སྐྱོད་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད།

ཅལ་ལ་ནི་ཉེ་འཆར་འདོན་སྤེལ་བྱས་པའི་ “ཆུ་དང་ཞི་བདེ། དམག་འཁྲུག་གིས་གོ་ལའི་ཆུའི་ཉེན་ཁར་གདོང་ལེན་བྱེད་པ”་ཞེས་པའི་རྩོམ་ཡིག་འབྲི་མཁན་གྱི་རྩོམ་པ་པོ་ཞིག་ཡིན།

མ་རྩོམ་གྱི་འབྲེལ་ཐག http://www.phayul.com/news/article.aspx?c=4&t=1&id=34161&article=Singh%27s+Sham+Water+Accord+-+by+Brahma+Chellaney

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 1

  1. ཉི་མ་རྡོ་རྗེ། says:
    ལོ་ 12 སྔོན།

    རྩོམ་ཡིག་ཡག་པོ་འདུག ཐུགས་རྗེ་ཆེ། དུས་བབ་ཚང་གི་རྩོམ་ཡིག་གཅིག་ཀྱང་མ་ལྷག་པར་རེ་རེ་བཞིན་ཀློག་གི་ཡོད། ལྷག་པར་དུ་སྒྱུར་རྩོམ་ཁག་སྒྱུར་མཁན་གྱིས་ཡག་པོ་སྒྱུར་ཡོད་ན་བྲོ་བ་ཆེན་པོ་འདུག མུ་མཐུད་དུ་ཆབ་སྲིད་ཀྱི་གཏིང་ཟབ་པོ་རིགས་སྔོག་འདོན་བྱས་ཡོད་པའི་རྩོམ་ཡིག་ཁག་སྒྱུར་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese