མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་གོང་མའི་ཚོཊ་གཙོར་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་སྟེ། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཙོས་པའི་གནད་ཡོད་མི་སྣ་དང་མཁས་དབང་། གསར་འགོད་པ་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་གླེང་མོལ་དང་བསམ་ཚུལ་བརྗེ་ལེན་བཅས་བྱས་ཡོད་འདུག

ཉེ་བའི་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པ་ལྟར། ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཨ་རིའི་(The Wall Street Journal) གསར་འགྱུར་ལས་ཁུངས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་བགྲེས་པ་གཉིས་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཇོ་ལེ་བྷར་མན་ (Senator Joe Lieberman) ལགས། ནེའུ་ཡོག་དུས་བབ་ (The New York Times) ཀྱི་གསར་འགོད་པ་སྐུ་ཞབས་ནོ་ཁོ་ལ་སི་ཁི་རེ་སི་ཊོབ་(Nicholas Kristoff) བཅས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད།  དེ་སྔོན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པར་ཕྱག་ལས་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གནང་མྱོང་མཁན་དང་། ད་ལྟ་ཝ་ཤིན་ཌོན་དུ་ཡོད་པའི་གསར་འགྱུར་བརྒྱུད་ལམ་ (The Huffington Post) གྱི་གཙོ་སྐྱོང་གནང་མཁན་ལྕམ་མཱ་རེ་ཡ་ཨོ་ཊེ་རོ་ (Maria Otero) ལགས་དང་། ལྕམ་པོ་ལཱ་ཌོ་བྷེ་རེན་སི་ཀེ་ (Paula Dobriansky) བཅས་དང་མཇལ་འཕྲད་གནང་སྟེ་བོད་དོན་གླེང་མོལ་དང་བསམ་ཚུལ་བརྗེ་ལེན། གྲོས་ཚོགས་འཐུས་མི་ལྕམ་ཛོ་ལོབ་གྷི་རིན་ (Zoe Lofgren) ལགས་དང་ཐུག་འཕྲད་ཀྱིས་ཕྱི་མི་གནས་སྤོར་གྱི་གནད་དོན་དང་འབྲེལ་བའི་བཀའ་མོལ་བཅས་གནང་ཡོད་འདུག

ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་ཝ་ཤིན་ཊོན་དུ་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཧེ་རེ་རེ་ཌིར་ (Harry Reid) དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། འབྱུང་འགྱུར་༸གོང་ས་མཆོག་ཝ་ཤིན་ཊོན་དུ་ཆིབས་སྒྱུར་གྱི་མཛད་འཆར་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག་ལ།  སྐབས་དེར་སྐུ་ཞབས་ཧེ་རེ་རེ་ཌིར་ལགས་ཀྱིས་ཁོང་༸གོང་ས་མཆོག་ལ་ཐེངས་འགའ་ཤས་མཇལ་མྱོང་ཡོད་པ་དང་།༸གོང་ས་མཆོག་ནི་ཕུལ་བྱུང་གི་སྐྱེ་བུ་ཞིག་ཡིན་ཚུལ་སོགས་བརྗོད་ཡོད་པ་མ་ཟད།བོད་ནང་བྱུང་བཞིན་པའི་གནས་ཚུལ་དག་བློ་ཕམ་བྱེད་ཡུལ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཁོང་གིས་བོད་མིའི་ཆབ་སྲིད་མགོ་ཁྲིད་ཀྱི་ལས་འགན་བཞེས་རྗེས། བོད་མིའིོ་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་དཀའ་ངལ་ཐོག་རྒྱལ་སྤྱིའི་དོ་སྣང་བསླེབས་པར་བྱས་ཏེ། བོད་ཀྱི་གནད་དོན་སེལ་ཐབས་ལ་འབད་བརྩོན་གང་ཡོད་གནང་བཞིན་ཡོད་སྐོར་སོགས་གསུངས་ཡོད་འདུག

ཐེངས་འདིའི་ཕྱོགས་སྐྱོད་སྐབས་སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་དང་སྲིད་བློན་ལས་ཁུངས། ཕྱི་སྲིད་ལས་ཁུངས་བཅས་ཀྱི་གནད་ཡོད་མི་སྣ་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་བཅས་ལ་མཇལ་འཕྲད་ཀྱིས་དཔལ་འབྱོར་གཙོས་པའི་རོགས་རམ་ཐབས་འཚོལ་དང་། དམིགས་བསལ་བོད་མི་༥༠༠༠ ཨ་རིའི་ནང་ལེན་འཆར་གྱི་ལས་གཞིའི་ཐོག་འབོད་སྐུལ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་བཞག་བཅས་ལས་དོན་ཁག་གི་ཐོག་འབྲེལ་ཡོད་མི་སྣར་ཐུག་འཕྲད་ཀྱིས་ཕྱག་ལས་གནང་བཞིན་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་དང་མཁས་དབང་། གསར་འགྱུར་བརྒྱུད་ལམ་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་དང་བཅས་དང་ཐུག་འཕྲད་ཀྱིས་བོད་གླེང་མོལ་དང་བསམ་ཚུལ་བརྗེ་རེས་གནང་ཡོད་འདུག་ལ།  ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་ནེའུ་ཡོག་ཏུ་ཕེབས་ཏེ་དེར་ཡོད་བོད་མི་ཚོར་བོད་དོན་གཏམ་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
Front Slider

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨

མཆན། 1

  1. ཇོ་སྲས། says:
    ལོ་ 13 སྔོན།

    སྲིད་སྐྱོང་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་རེད། རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese