མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གལ་ཏེ་ཁྱེད་ཀྱིས་རྒྱ་ནག་གི་རླུང་ཁམས་འབགས་བཙོག་ཡིན་པ་ཤེས་ན།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

གྲ་མན་མ་ཡིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

རྒྱ་ནག་ནང་ལྟ་སྐོར་དུ་སྐྱོད་མཁན་ཞིག་ཡིན་ན། རྒྱ་ནག་གི་མགྲོན་ཁང་ནང་འཛུལ་མ་ཐག་ཆུའི་དཀའ་ངལ་གང་འདྲ་ཡོད་མེད་ཤེས་ཐུབ་ཅིང་། འབགས་བཙོག་ཏུ་གྱུར་བའི་གཙང་ཆུའི་དྲི་ངན་དེ་དག་གིས་ཁྱེད་ཀྱི་རྣ་བའི་བུ་ག་འགོག་ངེས་ཡིན། ཁྱེད་ཀྱི་སྐོམ་པ་སེལ་འདོད་དམ། ཆུ་ཁའི་ཆུ་འཐུང་རུང་བ་ཞིག་ཡིན་ནམ། ཁྱོད་རང་གཏེར་ཆུར་ཡིད་ཆེས་ཡོད་དམ། དེར་རྒྱ་ནག་མང་ཚོགས་ཚོས་ཡིད་ཆེས་བྱེད་ཀྱི་མེད། སོ་བཀྲུ་བྱེད་ཀྱི་ཆུའི་སྤུས་ཚད་གང་འདྲ་འདུག་གམ།

ཕྱི་ལོ་ ༢༠༡༡ ལོར་རྒྱ་གཞུང་གིས་ཆུའི་སྤུས་ཚད་ཐད་རྟོག་ཞིབ་བྱེད་སྐབས་རྒྱ་ནག་ནང་ཡོད་པའི་ཆུའི་ཐོན་ཁུངས་ཏེ། མཚོ་དང་ཆུ་མཛོད་ཆེ་ཁག་གི་ཆུ་མིས་བཏུང་བ་ཡིན་ན་ལུས་ཟུང་ལ་ཉེན་ཁ་ཡོད་པ་ཤེས་རྟོག་བྱུང་ཡོད། དེ་དང་ཆབས་གཅིག་ཡུལ་མི་ཚོར་བཀོལ་སྤྱོད་དུ་གཏོང་བཞིན་པའི་ས་གནས་ཁག་མི་འདྲ་བ་ ༤༧༠༠ ཙམ་གྱི་ཆུ་ལ་བརྟག་དཔྱད་གཏོང་སྐབས་། བརྒྱ་ཆ་ ༥།༣ ཙམ་ལ་ཉེན་ཁ་ཡོད་པ་འམ། ཡང་ན་འབྱུང་གྱུར་ཉེན་ཁ་ཆགས་སྲིད་པའི་མཇུག་འབྲས་ཐོན་ཡོད། རྒྱལ་སྤྱིའི་སྒྲིག་སྲོལ་གཞིར་བཟུང་བྱས་ན། ད་དུང་རྒྱ་ནག་གི་གྲོང་གསེབ་མང་པོའི་ནང་འཐུང་ཆུར་དཀའ་ངལ་འཕྲད་བཞིན་ཡོད་པ་མིག་མཐོང་ལག་ཟིན་ཡིན།  

དུས་རབས་ཉེར་གཅིག་པའི་ནང་འཕུར་མཆོངས་ལྟར་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་ནི། ཕྱོགས་གང་ཐད་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་འོང་བྱེད་མཁན་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། འཐུང་ཆུའི་གནད་དོན་ཐད་ཡར་ཐོན་རྒྱལ་ཁབ་ཁག་དང་བསྡུར་ན་ད་དུང་རྗེས་ལུས་ཐེབས་ཡོད། དེ་ནི་རྒྱ་ནག་མི་མང་དང་ཆབ་སྲིད་པ་ཚོས་ཁོར་ཡུག་དོ་དམ་སྲིད་བྱུས་གུ་ཡངས་ཡིན་སྟབས། མཇུག་འབྲས་དེ་ལྟར་བྱུང་བ་རེད་ཅེས་ཉེས་འཛུགས་བྱེད་བཞིན་ཡོད། ཡིན་ཡང་། དེ་ནི་དོན་དངོས་ཤིག་མིན། གང་ཡིན་ཞེ་ན། ད་ལྟ་འཕྲད་བཞིན་པའི་ཆུའི་དཀའ་ངལ་དེ་ནི། རྒྱ་ནག་ནང་ཆུ་མེད་པ་ལས་བྱུང་བ་ཞིག་ལས་ལམ་ལུགས་ཀྱིས་བཟོས་པའི་དཀའ་ངལ་ཞིག་མིན། རྒྱ་ནག་ནང་བཟོ་གྲྭ་ཆེ་ཆུང་མང་པོ་ཞིག་ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་ཇེ་མང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པའི་སྐབས་འདིར། མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་སེལ་རྒྱུ་ནི་དཀའ་ཚེགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

རྒྱ་ནག་ནང་འཛམ་གླིང་གི་འཐུང་ཆུ་དྭངས་གཙང་ལྷད་མེད་བརྒྱ་ཆ་ ༧ ལས་མེད་ཀྱང་། དེ་མང་ཚོགས་བརྒྱ་ཆ་ ༢༠ ཙམ་ལ་མཁོ་གཏོང་གིས་འཚོ་བ་སྐྱེལ་གྱི་ཡོད། ད་ལྟ་རྒྱ་ནག་ནང་གི་རང་བྱུང་ཐོན་ཁུངས་ཚད་སྙོམ་པོ་མེད་ཀྱང་། མི་མང་ཕོན་ཆེན་པོ་གཅིག་རྗེས་གཉིས་མཐུད་དུ་གྲོང་ཁྱེར་ཁག་ནང་གནས་སྤོས་ཀྱིས་མི་འབོར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད། ད་དུང་། ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་མཁའ་སྙེག་ཁང་རྩེག་དག་ལ་ཆུ་དང་གློག དེ་མིན་མཐུན་རྐྱེན་འདྲ་མིན་སྦྱོར་དགོས་ཀྱི་ཡོད་ཅིང་། དེ་དག་ལས་ཐོན་པའི་འབགས་བཙོག་གིས་རང་བྱུང་ཁོར་ཡུག་ཁག་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད། གསར་སྐྲུན་བྱས་པའི་བཀོད་ལེགས་ཁང་རྩེག་དང་གློག་ཁང་ཁག་ལས་ཐོན་པའི་འབགས་བཙོག་ཡོངས་རྫོགས་གཙང་པོར་འདྲེས་ཏེ་ཆུའི་ཐོན་ཁུངས་ཁག་བཙོག་པ་བཟོ་བཞིན་ཡོད། 

རྒྱ་ནག་གི་ཆུའི་འབྱུང་ཁུངས་ལྟེ་བ་གཉིས་ཏེ་རྨ་ཆུ་དང་འབྲི་ཆུ་གཉིས་ཡིན་ཡང་། ད་ལྟ་དེ་དག་ལའང་དཀའ་ངལ་འཕྲད་བཞིན་ཡོད། ཆུ་བོ་འདི་གཉིས་ནུབ་ནས་ཤར་དུ་བརྒྱུགས་ཏེ་རྒྱལ་ནང་གི་བཟོ་གྲྭ་ཆེ་ཁག་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད་སྟབས། མི་འབོར་མང་བའི་མཚོ་འགྲམ་གྱི་གྲོང་ཁྱེར་ཁག་ནང་སླེབས་སྐབས་འཐུང་ཆུར་འོས་མིན་རྟག་དཔྱད་ལེགས་པོ་བྱེད་དགོས་པ་ཆགས་ཡོད།

འཐུང་ཆུའི་དཀའ་ངལ་དེ་ནི་རྒྱ་ནག་ཙམ་མ་ཟད། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་འཕྲད་ཀྱི་ཡོད་སྟབས། འཛམ་གླིང་ཐོག་གཙང་པོ་རིང་ཤོས་གྲས་ཡིན་པ་རྫ་ཆུ་དེ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཕྱོགས་ཐོག་དེ་ཁུལ་རྒྱལ་ཁབ་ཁག་གིས་བློ་འཚབ་བྱེད་བཞིན་ཡོད། རྫ་ཆུ་ནི་རྒྱ་ནག་ལྷོ་ནུབ་ཞིང་ཆེན་ཡུན་ནན་བརྒྱུད་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་བཞུར་བཞིན་ཡོད། གཙང་པོ་གཞན་དག་ལྟར་རྫ་ཆུ་ནི་རྒྱལ་དམངས་གཉིས་ཀ་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་མཁན་ཚོང་འབྲེལ་ཟམ་པ་ལྟ་བུ་ཞིག་ཆགས་ཡོད།

ཉེ་ཆར་རྒྱ་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དལ་བའི་ལྷོ་ནུབ་མངའ་སྡེ་ཁག་ཡར་རྒྱས་གཏོང་ཆེད་རྫ་ཆུའི་ཐོག་གློག་ཁང་མང་པོ་གསར་སྐྲུན་བྱས་ཡོད། དེར་བརྟེན། ཆུ་དེ་བཀོལ་སྤྱོད་བྱེད་བཞིན་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཆུ་རྒྱུན་རིམ་གྱིས་ཇེ་ཉུང་དུ་ཕྱིན་པ་མ་ཟད། དེ་ཁུལ་གྱི་ཉ་ལས་འཚོ་བར་རྟེན་མཁན་དག་གི་འཕྲོད་བསྟེན་དང་ཆུའི་བདག་དབང་ཐད་ལའང་དཀའ་ངལ་འཕྲད་ཡོད། ཕྱི་ལོ་ ༢༠༡༠ ལོར་རྨ་ཆུའི་བོངས་ཚད་དེ་ལོ་ངོ་ ༥༠ རྗེས་ཀྱི་གནས་སྟངས་སྐྱོ་ཤོས་དེ་ཆགས་ཡོད་པར་བརྟེན། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་ཆུའི་སྐོར་གྱི་དམག་འཁྲུག་མེ་ལྕེ་དེ་སླར་ཡང་འབར་མགོ་ཚུགས་པ་རེད། ཛ་དྲག་རང་བཞིན་ལྡན་པའི་རྩོད་རྙོག་དེ་སེལ་ཆེད་པེ་ཅིན་ངོས་ནས་དགོས་མཁོ་རྒྱ་སྐྱེད་དང་ཐོན་སྐྱེད་མཁོ་གཏོང་བྱེད་ཕྱོགས་ཚད་འཛིན་བྱ་རྒྱུའི་ཆབ་སྲིད་ལངས་ཕྱོགས་ཤིག་ཁྱབ་བསྒྲགས་བྱས་པ་རེད།

རྒྱ་གཞུང་གིས་ “ལྷོ་ནས་ནུབ་ཏུ་ཁ་བསྒྱུར་བ་” ཅེས་པའི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས་བཟོ་གྲྭ་ཆེན་པོ་ཞིག་མགོ་འཛུགས་བྱས་ཤིང་། དེས་ཆུའི་ཐོན་ཁུངས་བཟང་བའི་ལྷོ་ཕྱོགས་ནས་ནུབ་ཕྱོགས་ས་ཁུལ་ཁག་ནང་ཁ་ཕྱོགས་བསྒྱུར་རྒྱུས་མཚོན་རྙོག་འཛིང་ཆེ་བའི་ལས་གྲྭ་གལ་ཆེན་ཞིག་གཉེར་གྱི་ཡོད། རྒྱ་གཞུང་གིས་བསྒྲུབ་དཀའ་བའི་ལས་གྲྭ་དེ་འདྲ་ཞིག་རྩོམ་གྱི་ཡོད་ཀྱང་། ཁ་ཕྱོགས་བསྒྱུར་བའི་ཆུ་བོ་དེ་དག་རྒྱ་ནག་ནུབ་ཕྱོགས་གྲོང་ཁྱེར་ཁག་ནང་སླེབས་སྐབས་འབགས་བཙོག་ཐེབས་ཏེ་བཀོལ་སྤྱོད་གཏོང་དཀའ་བར་འགྱུར་གྱི་ཡོད་ལ། རྒྱ་ནག་ནང་འཕྲད་བཞིན་པའི་ཆུའི་དཀའ་ངལ་ཁག་སེལ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། དེར་བརྟེན། རྒྱ་གཞུང་གི་ངོས་ནས་དཀའ་ངལ་དེ་རིགས་སེལ་ཆེད་འཕྲུལ་རིག་ཚན་རྩལ་འཛུགས་སྐྲུན་ཐད་འགྲོ་གྲོན་འབོར་ཆེན་གཏོང་རྒྱུ་ནི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ཡང་། ཐན་ཅིན་གྲོང་ཁྱེར་དུ་ཆུའི་དཀའ་ངལ་སེལ་ཆེད་རམ་འདེགས་བྱེད་མཁན་གཞི་རྒྱ་ཆེ་བའི་ལས་གྲྭ་ཞིག་གསར་འཇུགས་བྱེད་དགོས། པེ་ཅིན་གྱིས་ཆུའི་ཐོན་ཁུངས་ཁག་རྒྱུན་གནས་བཀོལ་སྤྱོད་ཐུབ་པར་ད་ལྟ་ཡོད་བཞིན་པའི་ཆུ་དེ་དག་བསྐྱར་དུ་བཀོལ་སྤྱོད་གཏོང་ཐུབ་རྒྱུའི་བྱ་ཐབས་སྤྱད་དགོས། དེ་དང་ཆབས་གཅིག་རྒྱ་གཞུང་གི་གནོན་ཤུགས་འོག་ཡོད་པའི་བཟོ་གྲྭ་ཁག་གིས་ཆུ་དོན་འཕེར་བཀོལ་སྤྱོད་ཐུབ་པར་ཐབས་ལམ་འཚོལ་གྱིན་འདུག ཆབ་སྲིད་ཀྱི་ཉེན་ཁ་ཡོད་པའི་ཆུའི་རིན་གོང་དེ་དག་མང་ཚོགས་ནང་མཁོ་གཏོང་བྱས་པ་ཡིན་ན། མ་འོངས་དོ་དམ་བྱེད་ཕྱོགས་ལ་དགེ་མཚན་ཆེན་པོ་ལྡན་ཡོད། ཡིན་ཡང་། ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་དག་འཕྲལ་མར་སེལ་རྒྱུ་དཀའ་ལས་ཁག་པོ་ཞིག་ཡིན། གང་ཡིན་ཞེ་ན། ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་རྒྱ་ནག་ནང་གི་ཆུའི་དཀའ་ངལ་སེལ་རྒྱུ་དེ་འགྲོ་གྲོན་ཆེན་པོ་དང་ཕྱོགས་གང་ཐད་ནས་དཀའ་ངལ་ཞིག་ཆགས་ཡོད།

གལ་ཏེ་རྒྱ་གཞུང་གིས་ལོ་ངོ་ ༣༠ རིང་དཔལ་འབྱོར་འཕེལ་རྒྱས་ཕྱོགས་སུ་ཤུགས་སྣོན་གྱིས་འཛམ་གླིང་ནང་ཆེ་མཐོང་དང་མཚན་སྙན་བརྩད་དེ་རྒྱལ་ཁབ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡོད་ཀྱང་། རྒྱལ་ནང་མི་མང་གི་དགོས་མཁོ་ཁག་བསྒྲུབ་ཐུབ་མེད། དེར་བརྟེན། ད་ལྟ་རྒྱ་ནག་གི་མགོ་ཁྲིད་ཚོའི་དཔལ་འབྱོར་གོམ་སྟབས་རྒྱག་སྟངས་དེ་རྒྱལ་སྤྱིའི་མགོ་ཁྲིད་ཚོས་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད། རྒྱ་ནག་མགོ་ཁྲིད་ཚོས་རྒྱ་ནག་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་དགོས་ན། རྒྱ་ནག་གི་ཐོན་ཁུངས་ཁག་བཀོལ་སྤྱོད་བྱེད་ཕྱོགས་ལ་འགྱུར་བ་ཤུགས་ཆེན་ཞིག་གཏོང་དགོས་པ་ཆགས་ཡོད། ཅི་སྟེ། འགྱུར་བ་དེ་དག་གཏོང་མ་ཐུབ་ན་རྒྱ་ནག་གི་འཐུང་ཆུའི་དཀའ་ངལ་སེལ་རྒྱུ་ཁག་པོ་ཆགས་རྒྱུ་ཡིིན་པ་ལོང་བས་བལྟས་ཀྱང་ཤེས་ངེས་ཡིན།

མ་རྩོམ་གྱི་འབྲེལ་ཐག http://www.nytimes.com/2013/11/08/opinion/if-you-think-chinas-air-is-bad.html?hp&rref=opinion&_r=0

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese