མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཆིག་སྟོང་ཨ་རིར་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ།

བོད་མིའི་སྲོལ་རྒྱུན་ནང་ནམ་མ་ལང་གོང་ནས་བྱ་སྐད་རྒྱག་མཁན་གྱི་བྱ་ཕོ་དེ་གཏད་ངན་དུ་བརྩིས་ཏེ་སྐེ་བྲེག་རྒྱུ་རེད། གཅིག་བྱས་ན་ནམ་མ་ལང་གོང་གི་བྱ་སྐད་དེ་ཇག་རྐུན་སོགས་ལ་དགྲ་ཟོན་དགོས་པའི་བརྡ་ཡིན་སྲིད་ཀྱང་། བྱ་སྐད་དེས་རང་གི་སྐེ་ཤོར་རྒྱུ་ཡིན་པ་རྟོགས་མི་སྲིད། དེས་ན་དེ་རིང་ངའི་སྐད་ཆ་འདི་ཡང་ནམ་མ་ལང་གོང་གི་སྐད་ཆ་ཞིག་ཡིན་པ་ཙམ་དུ་མ་ཟད། སྐད་ཆ་འདིས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་འཁྲུག་ཆ་དོད་པའི་སྤྱི་ཚོགས་འདིའི་འགྱུར་རིམ་ནང་ཕྱོགས་གཉིས་ཀྱི་མཚོན་བྱེད་འབུར་དུ་ཐོན་པའི་གལ་ཆེའི་མི་སྣ་གཉིས་ལ་ཕོག་ཐུག་འགྲོ་རྒྱུར་ཐེ་ཚོམ་མེད་པས་སོ།། དེས་ན་སྐད་ཆ་འདི་དེ་འབྲེལ་གྱི་མི་མང་པོ་ཞིག་གིས་གཏད་ངན་དུ་བརྩིས་ཏེ་ས་མཆོང་གནམ་མཆོང་བྱེད་སྲིད་ཀྱང་དེ་དག་ལ་ཇི་མི་སྙམ་པར་ལོ་རྒྱུས་ལ་འགན་འཁུར་ནས་མི་ཤོད་ཀ་མེད་རེད།

རྒྱ་ཆེའི་ཀློག་པ་པོ་རྣམ་ལ་ཞུ་རྒྱུར། ཁྱེད་རྣམ་པར་དུས་ཁོམ་འདྲ་ཡོད་ན་རྒད་གསོ་ཁང་ཞིག་ཏུ་ཕེབས་ནས་དགུང་ལོ་བདུན་ཅུ་བརྒྱད་ཅུར་ཕེབས་པའི་བགྲེས་སོང་ཁག་གཅིག་ལ་ས་དང་གནམ་མ་གཏོགས་ངོ་ཤེས་མེད་པའི་དུས་སྐབས་ཀྱི་བཙན་བྱོལ་བོད་མིའི་འབྱུང་རབས་ཁག་བཀའ་འདྲི་ཞུས་དང་། དེ་ནས་ཁྱེད་ཚོས་ལོ་ངོ་སུམ་ཅུའི་སྔོན་གྱི་བཙན་བྱོལ་བོད་མིའི་སེམས་ནང་གི་རང་ཡུལ་སླར་གསོ་དང་རང་ཡུལ་ལ་ཕྱིར་ལོག་བྱ་འདུན་གྱི་གསོན་ཉམས་ལྡན་པའི་སེམས་ཤུགས་དེ་མཐོང་གི་རེད། དེང་སྐབས་ང་ཚོས་བཙན་བྱོལ་བོད་མི་རྒན་རབས་ཚོས་བཙན་བྱོལ་ནང་ཕུགས་རྒྱང་རིང་བའི་འཆར་གཞི་བསྐྲུན་མི་འདུག་ཅེས་ཁང་པ་རྒྱག་སྟངས་སོགས་ཀྱི་འཆར་གཞི་དེ་དག་ནི་ཁོང་ཚོའི་ཀླད་པར་ཤེས་ཡོན་གྱིས་མ་ལྡང་བ་ཡིན་པའི་འཕྱ་སྨོད་དང་ཟུར་ཟའི་སྐད་ཆ་འདྲ་མིན་བཤད་མྱོང་ཡོད། ཞིབ་ཏུ་བསམ་ན་ཁོའི་བཙན་བྱོལ་སྤྱི་ཚོགས་འཛུགས་སྐྲུན་གྱི་འཆར་གཞི་ཡོངས་རྫོགས་གང་མགྱོགས་རང་ཡུལ་ལ་ཕྱིར་ལོག་དང་རང་ཡུལ་སླར་གསོར་དམིགས་པ་ཤ་སྟག་ཡིན། ཇི་ལྟར་བཀའ་གདམས་པའི་དགེ་བཤེས་ཚོས་ཉིན་མཚན་ཀུན་ཏུ་འཆི་བ་དྲན་ནས་ལྟོ་གོས་གཏམ་གསུམ་ལ་གྱོང་གུན་བཏང་བ་བཞིན་ཁོ་ཚོས་ཉིན་མཚན་ཀུན་ཏུ་རང་ཡུལ་སེམས་སུ་བཅངས་ནས་བཙན་བྱོལ་གྱི་འཚོ་གནས་ལ་སྟབས་བདེའི་བསམ་བློ་བཏང་ཡོད། ད་ལྟ་བསམ་ན་འདི་ནི་ཁོ་ཚོས་ལོ་རྒྱུས་ལ་འགན་འཁུར་བའི་སྤོབས་པ་ཞིག་རེད།

མི་ཆིག་སྟོང་ཨ་རིར་མ་བཏང་གོང་ནས་བཙན་བྱོལ་བོད་མིའི་ཁྲོད་ཀྱི་མི་དྲག་ཚོའི་ཁྱིམ་གཞིས་ནུབ་ཕྱོགས་རྒྱལ་ཁོངས་སུ་གནས་སྤོས་གནང་མཁན་ཡོད་པ་མ་ཟད། སུད་སི་སོགས་སུ་གཞི་རིམ་བོད་མི་སྐྱབས་བཅོལ་དུའང་བླངས་ཡོད། འོན་ཀྱང་དུས་ཡུན་དེའི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནུབ་བསྐྱོད་ཀྱི་ཡོ་འཁྱོམས་མེད་པར་སྔར་བཞིན་རང་ཡུལ་ལ་ཕྱིར་ལོག་དང་རང་ཡུལ་སླར་གསོའི་སེམས་ཤུགས་གསོན་ཉམས་ལྡན་པའི་ཐོག་ད་དུང་གནས་ཡོད། སྐབས་བཅུ་པའི་བཀའ་ཤག་ནས་བོད་མི་ཆིག་སྟོང་ཨ་རིར་སྐྱབས་བཅོལ་གཉིས་པར་བཏང་བ་དང་། དེའི་རྗེས་འབྲེལ་དུ་ནང་མི་ཟླ་སྒྲིལ་གྱི་བྲེལ་འཚུབ་ནས་མགོ་ཚུགས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་སྤྱི་ཚོགས་ཀྱི་བསམ་བློ་ནུབ་ཕྱོགས་ཡུལ་ཁག་ཏུ་སྣེ་ཁྲིད་བྱས་ཡོད། བཙན་བྱོལ་བོད་མིའི་ནུབ་བསྐྱོད་བསམ་བློ་དེ་ནག་ལ་མེ་ཤོར་བ་བཞིན་ཚ་ཚ་འུར་འུར་གྱིས་འབར་བར་བརྟེན་མེ་ཆེན་དེས་བཙན་བྱོལ་བོད་མིའི་རང་ཡུལ་ལ་མགྱོགས་མྱུར་ཕྱིར་ལོགས་ཀྱི་བསམ་བློ་དེ་འཚིགས་ཟིན་པས་ད་གཟོད་བཙན་བྱོལ་བོད་མིའི་རང་དབང་སླར་གསོའི་ལས་འགུལ་དེ་ཡང་གསོན་ཉམས་མེད་པ་ཞིག་ཏུ་གྱུར་བ་རེད། ཆབ་སྲིད་དཔྱད་ཞིབ་པ་ཚོས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་གསོན་ཤུགས་ཉམས་བཞིན་པ་འདིར་ཕྱོགས་མང་པོ་ནས་རྒྱུ་རྐྱེན་སྣ་ཚོགས་ཀྱི་འགྲེལ་བཤད་བྱ་རྒྱུ་ཡོད་པ་དེའི་ཁྲོད་དུ་བོད་མིའི་ནུབ་སྐྱོད་ཀྱི་ཡོ་འཁྱོམས་འདི་ཡང་རྒྱུ་རྐྱེན་གཅིག་ཡིན་པར་ཐེ་ཚོམ་སུ་ལ་ཡོད།

གལ་ཏེ་བོད་མི་རྣམས་ས་ཕྱོགས་གང་དུ་ཕྱིན་ཡང་རང་དབང་འཐབ་རྩོད་ཀྱི་བསམ་བློར་འགྱུར་བ་འགྲོ་མི་སྲིད་ཅེས་པའི་སྐད་ཆ་འདི་སེམས་གསོའི་ཚུལ་དུ་བརྒྱ་བཤད་སྟོང་བཤད་ག་ཚོད་བྱས་ཀྱང་དོན་དངོས་ཀྱི་དཔེ་མཚོན་འོས་པ་འདི་ཡིན་གཅིག་ཀྱང་སྟོན་རྒྱུ་མེད། བཙན་བྱོལ་བོད་མི་ནུབ་སྐྱོད་ཀྱི་ཡོ་འཁྱོམས་ཁྲོད་ད་བར་རྒྱལ་ཁབ་འདྲ་མིན་ནང་སྐྱབས་བཅོལ་དུ་སླེབས་ཡོད་ཀྱང་བོད་མི་རིགས་ཀྱི་མ་འོངས་པའི་ངོ་བོ་མཚོན་ཆེད་ཀྱི་འདུས་སྡོད་སྤྱི་ཚོགས་འབུར་དུ་ཐོན་པ་གཅིག་ཀྱང་བསྐྲུན་ཐུབ་མེད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་དོན་དུ་ལུས་སྲོག་ཀྱང་བཏང་ཕོད་པར་ངོས་འཛིན་ཆོག་པའི་ཆབ་བཙོན་དང་འབྲེལ་ཡོད་མང་དག་ཅིག་ཨོ་སི་ཊོ་ལི་ཡར་སྐྱབས་བཅོལ་དུ་བཏང་བ་དེ་དག་ཀྱང་ཐོག་མའི་ཆར་ས་གནས་ཤིག་ཏུ་གཞིས་ཆགས་མཉམ་སྟོད་ཀྱིས་བཙན་བྱོལ་བོད་མིའི་མཉམ་སྡོད་སྤྱི་ཚོགས་བསྐྲུན་རྒྱུར་རེ་བ་བྱས་ཡོད་ཀྱང་ད་བར་སྒེར་ཕན་དོན་གཉེར་གྱིས་སྤྱིའི་ངོ་བོ་སྲུང་སྐྱོབ་ཀྱི་དོན་སྙིང་ལ་རྡོག་རོལ་བཏང་བ་ཀུན་གསལ་རེད། ད་དུང་དེང་སྐབས་ཨོ་སི་ཊོ་ལི་ཡའི་ནང་གི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་འདི་བཞིན་རྙོག་འཛིང་ཆེས་ཆེར་གྱུར་ནས་འགྲེལ་བརྗོད་དཀའ་བའི་གནས་སུ་མཆིས། བོད་མི་ཆིག་སྟོང་ཨ་རིར་བཏང་བ་ནས་ད་བར་ཨ་རི་ནི་བོད་མི་འདུས་སྡོད་ཆེ་བའི་སྤྱི་ཚོགས་ཤིག་ཡིན་ན་ཡང་། ཇི་ལྟར་རྒྱ་མིས་ཨ་རིའི་ནང་གི་ངོ་བོ་སྲུང་སྐྱོབ་ཀྱི་ཆེད་དུ་འདུས་སྡོད་སྤྱི་ཚོགས་མཉམ་བསྐྲུན་བྱས་པ་བཞིན་བོད་མི་ཚོས་ད་བར་འབད་བརྩོན་བྱས་མེད། ད་དུང་ང་ཚོས་ཨེ་རླུང་ཚང་གི་དོན་རྐྱེན་ཁྲོད་ནས་ཨ་རིའི་མི་སེར་དུ་གྱུར་ཟིན་པའི་བོད་མི་ཁག་གཅིག་གི་རྣམ་འགྱུར་མཐོང་ཐུབ་པ་བྱུང་ཡོད། གཅིག་བྱས་ན་གནད་དོན་འདི་མི་མང་པོས་ཚོར་ཡོད་ཀྱི་མ་རེད། ཨེ་རླུང་ཚང་གི་ལས་བྱེད་འགའ་ཤས་དང་འབྲེལ་ཡོད་ཨ་རིར་གནས་སྡོད་བོད་མི་འགའ་ཤས་ཀྱིས་རང་ཉིད་ཨ་རིའི་མི་སེར་དུ་གྱུར་ཟིན་པའི་བློ་ཤེད་ཀྱིས་ཨ་རིའི་གཞུང་ལ་སྙན་ཞུ་འདྲ་མིན་ཕུལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་སྡིགས་ར་སྐུལ་ཡོད་པ་འདི་དཔེ་མཚོན་ཐབས་སྡུག་ཅིག་རེད། འདི་ཚོར་དབྱེ་ཞིབ་ཞིབ་ཚགས་ཀྱིས་བྱས་ན་དེའི་རྒྱབ་ལྗོངས་མང་དག་ཅིག་མཐོང་ངེས་ཡིན།

ད་ལྟ་ཁེ་ན་ཌར་མི་ཆིག་སྟོང་སྐྱབས་བཅོལ་དུ་གཏོང་བའི་ལས་རིམ་འགྲོ་བཞིན་པ་ཡིན་ཞིང་འབྱུང་འགྱུར་ཨ་རིར་མི་ལྔ་སྟོང་སྐྱབས་བཅོལ་ལ་གཏང་རྒྱུའི་སྐད་ཅོར་བརྒྱབ་དང་རྒྱག་བཞིན་པ་ཡིན། དེ་དག་གི་ཁྲོད་ནང་མི་ཟླ་སྒྲིལ་དང་སྤུན་ཉེ་བསྐྱར་ཐེན་སོགས་ཀྱི་ཡོ་འཁྱོམས་མང་དག་ཅིག་ཡོང་རྒྱུར་ངེས་པས་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གཏོར་ཤིག་ཆེན་པོ་ཞིག་ཡོང་རྒྱུ་རེད། ལྷིང་འཇགས་མེད་པའི་ཡོ་འཁྱོམས་འདི་དག་གི་ཁྲོད་དུ་བཙན་བྱོལ་བོད་མིའི་རང་ཡུལ་ཕྱིར་ལོག་གི་བསམ་བློ་རང་ཡལ་དུ་འགྲོ་རྒྱུ་ཡིན་པ་ཕྱོགས་མང་པོ་ནས་ཚོད་དཔག་བྱེད་ཐུབ། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་ནང་སྐུ་ངོའི་གདན་ཐོབ་ཡོད་པའི་ལས་བྱེད་ཕལ་ཆེ་བའི་རྐང་པ་ཡ་གཅིག་ནུབ་ཕྱོགས་སུ་བརྐྱངས་ཡོད་པ་དེ་ཡང་ཁོང་ཚོའི་འབྱུང་འགྱུར་གྱི་ཁ་ཕྱོགས་ཤིག་ཀྱང་རེད། དེ་སྔ་ལྷ་སའི་མི་དྲག་དང་མདོ་སྨད་ཕྱོགས་ཀྱི་ལྷ་སྡོད་ཚོང་པ་མང་པོ་ཞིག་གིས་སྔོན་ཚུད་ནས་ཀ་སྦུག་ཏུ་རྐང་པ་ཡ་གཅིག་བརྐྱངས་པ་དང་སྒོ་ཀུན་ནས་མཚུངས། བསམ་བློའི་ཁ་ཕྱོགས་འདི་འདྲའི་ཁྲོད་ནས་གངས་སེང་གི་དར་ཆས་རྙོབ་སར་སྐྱབས་བཅོལ་བོད་མིའི་བསམ་བློས་མ་རྙོབ་པར་བརྟེན། རིམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ནད་ཆེན་ག་གེ་མོ་ཞིག་གིས་ཟིན་ཏེ་སྨན་པ་མཁས་ཆེན་ཞིག་གིས་འཆི་རྒྱུར་ཐག་བཅད་ཟིན་པའི་ནད་པ་ཞིག་གི་མི་ཚེ་དང་འདྲ་བར་འགྱུར་མི་སྲིད་པ་ཨེ་ཡིན་སྙམ།

འདི་ལྟར་བསམ་གཞིགས་བྱེད་སྐབས་གལ་ཏེ་འདི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཡིན་ན། དེ་སྔ་བོད་མི་ཆིག་སྟོང་ཨ་རིར་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་དེ་བཀའ་ཤག་སྐབས་བཅུ་པས་འཁྱེར་དགོས་པ་དང་། འབྱུང་འགྱུར་བོད་མི་སྔ་སྟོང་ཨ་རིར་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་དེ་བཀའ་ཤག་འདི་པས་འཁྱེར་དགོས་པ་གདོན་མི་ཟ་བ་ཡིན་ན་ཡང་། ངུས་པའི་ནང་ནས་མཆི་མ་དཀར་བ་གཅིག་བྱུང་ཟེར་བ་ལྟར་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་མི་མང་གི་ཐད་ཀའི་འོས་འདེམས་ཀྱི་འགྲན་སྡུར་ཁྲོད་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་དེ་སྔ་མི་ཆིག་སྟོང་ཨ་རིར་བཏང་པ་དེ་ཁོང་རང་གི་བྱས་རྗེས་སུ་དར་འཕྱར་བྱས་ཤིང་། ཆིག་སྟོང་གྲས་ཀྱི་མི་ཚོས་ཀྱང་ཁོང་གི་བཀའ་དྲིན་དྲན་ཏེ་ཁོང་ལ་འོས་འདེམས་རྒྱབ་སྐྱོར་བྱས་པ་སོགས་ལ་བལྟས་ན་ང་ཚོས་མི་ཆིག་སྟོང་ཨ་རིར་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་དེ་ཁོང་སྐུ་སྒེར་གྱི་དབུ་ཐོག་ཏུ་བསྐྱལ་ཡང་མི་ཆོག་པ་མེད་པ་ལྟ་བུར་འདུག  དེ་བཞིན་དུ་འབྱུང་འགྱུར་མི་ལྔ་སྟོང་ཨ་རིར་གཏོང་རྒྱུ་དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁོང་གི་ལས་དོན་གྲུབ་འབྲས་སུ་གཡག་རྔ་གནམ་འཕྱར་གནང་དང་གནང་མུས་ལ་སོང་། ལོ་རྒྱུས་ཀྱི་ནག་ཉེས་དི་ཡང་སྔོན་མཚུངས་ལྟར་ཁོང་སྐུ་སྒེར་གྱི་ཐོག་ཏུ་འབབ་རྒྱུ་ཡིན་པ་ཞར་བས་བལྟས་ཀྱང་ཁམས་གསུམ་མ་ཡིན་ནམ། མདོར་བསྡུས་ནས་བཤད་ན་འདི་ནི་མི་རིགས་ཤིག་གི་ཕྱོགས་ཡོངས་ཀྱི་ངོ་བོ་སྲུང་སྐྱོབ་ལ་གཏོར་བཤིག་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་རེད། །

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 4

  1. མདའ། says:
    ལོ་ 12 སྔོན།

    རང་གི་བསམ་ཚུལ་ནི་བསམ་ཚུལ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱེད་ནི་བོད་དོན་ཐོག་ལ་ཅུང་གོ་རྟོགས་དང་སེམས་འཁུར་གང་འཚམ་ཡོད་པའི་གཞིར་བྱས། ཡིན་ཡང་ང་ཚོས་གནས་ལུགས་ལ་ནམ་ཡང་རྩིས་སྲུང་དང་དང་ལེན་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། དེ་བས་ན་ངས་འདིར་བརྗོད་འདོད་པ་ནི། ང་ཚོའི་རང་དབང་མ་ཤོར་པའི་ཡར་སྔོན་ན་ང་ཚོ་ནི་གཞི་གཅིག་ལ་གནས་ཏེ་གོམས་གཤིས་གཅིག་གི་འོག་ཏུ་གནས་ཡོད་ཀྱང་མཐར་ང་ཚོ་ཁ་འཐོར་དུ་སོང་བ་རེད། དེ་ཡི་རྒྱུ་རྐྱེན་དེ་ཡང་སྙིང་གང་ལ་ཐུག་ཡོད་དམ། རྒྱུ་མཚན་དེ་ཡི་སྟབས་ཅིག་ངས་ཁྱེད་ལ་འདྲི་འདོད་པ་དེ་ནི་གལ་སྲིད་ང་ཚོ་གཅིག་ཀྱང་མ་འཐོར་པར་སྔར་བཞིན་དུ་གནས་ཡོད་ན་ང་ཚོའི་འཐབ་རྩོད་དེ་ཇི་ལྟར་བགྲོད་དགོས་སམ། ལོ་ངོ་ལྔ་བཅུ་ལྷག་ལ་ཕྱི་འདང་ཞིག་བྱོས་དང་། གནས་ལུགས་དང་རྒྱུ་མཚན་དེ་ལས་བརྒལ་བ་ཞིག་དགོས།

    Reply
  2. བསྟན་འཛིན་ཕུན་ཚོགས། says:
    ལོ་ 12 སྔོན།

    སྒོ་ཁར་ས་ཞིང་དང་མགོ་ཐོག་ཏུ་ཁང་པ་མེད་མཁན་བོད་ནས་གསར་དུ་འབྱོར་བ་ཚོ་ཕྱི་རྒྱལ་ཁག་ཏུ་གཏོང་རྒྱུ་གལ་ཆེན་རེད། གཞིས་ཆགས་ཁག་གི་མི་ཕྱི་རྒྱལ་དུ་བཏང་བ་ཡིན་ན་གྱོངས་ཆེན་པོ་རེད། ཕྱི་རྒྱལ་ལ་གཏོང་སྟངས་དེ་ཕར་བཏང་བ་ཙམ་གྱིས་འགྲིག་གི་མེད་པར་ཕར་ནས་འགྲོ་སྟངས་འདུག་སྟངས་དང་བོད་པའི་སྤྱི་ཚོགས་སྲ་ཐག་ཐག་ཅིག་བཟོ་རྒྱུ་གལ་ཆེན་པོ་རེད། མགོ་ནས་མཇུག་བར་བདག་པོ་ཡག་པོ་ཞིག་མ་བརྒྱབ་ན་བཙན་བྱོལ་བོད་གཞུང་གིས་ཕྱི་རྒྱལ་དུ་གཏོང་བའི་སྲིད་བྱུས་འདི་ནག་ཉེས་ཆེན་པོ་ཡིན་སྲིད་པ་རེད།

    Reply
  3. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 12 སྔོན།

    སྤྱིར་རྩོམ་ཡིག་འདི་ཧ་ཅང་གི་དོན་དང་ལྡན་པ་མཐོང་སོང་ལ། མི་སྒེར་ལ་ཅུང་ཟད་ཁ་ཟེར་བའི་ཚོར་སྣང་ཐན་ཐུན་ཡང་བྱུང་། བོད་མི་ཕྱི་རྒྱལ་ཁག་ཏུ་འགྲོ་འགོ་ཚུགས་པ་འདིས། རྒྱག་གར་ནང་གི་གཞིས་ཆགས་སྲ་བརྟན་ལ་འགོག་རྐྱེན་ཤུགས་ཆེན་འཕྲད་པ་ནི་ཀུན་གྱིས་ཤེས་གསལ་རེད་ལ། དཔལ་འབྱོར་ཆ་རྐྱེན་ཐོག་ནས་ཚང་མའི་སེམས་ནང་འུར་འདྲོགས་ཆེན་པོ་བྱུང་བ་ཡང་ཁག་མེད་པ་ཞིག་རེད།
    རྒྱ་གར་ནང་གི་ཟླ་རེའི་ཆ་སྙོམ་ཡོང་འབབ་སྒོར་ཁྲི་གཅིག་ཡིན་པའི་དབང་དུ་བཏང་ན། ཕྱི་རྒྱལ་ཁག་ཏུ་ཟླ་རེར་ལས་ཀ་བྱས་ན་རྒྱ་གར་སྒོར་མོ་འབུམ་གཅིག་ལྷག་གི་གཡས་གཡོན་ཡིན་པས། སུ་ཡིན་ནའང་ལོངས་སྤྱོད་ལྡན་པའི་འཚོ་བ་ཞིག་སྐྱེལ་འདོད་ལོས་ཡོད། འདི་ནི་འདོད་ཆུང་ཆོག་ཤེས་དང་སེམས་ཁམས་ཀྱི་བདེ་སྐྱིད་གཤིབ་སྡུར་བྱས་པ་ཞིག་མ་ཡིན་པར་དཔལ་འབྱོར་ཁོ་ནའི་ཆ་རྐྱེན་ཐོག་ནས་བཤད་ན་འདི་ལྟར་རེད།
    ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་ནག་དམར་པོའི་འོག་གི་གཞིས་སྡོད་པ་ཚོ་ལས་བཙན་བྱོལ་བ་ཚོ་དཔལ་འབྱོར་ཆ་རྐྱེན་ཁ་ཐབས་སྐྱོ་བ་དང་། ཡ་ང་བ་བྱུང་ནའང་མ་འགྲིག་པ་ཞིག་རེད།
    ངའི་ངོས་འཛིན་ལ། ༡༩༨༧ནས་བཟུང་བའི་ལོ་གསུམ་ནང་གི་ཚ་ཚ་འུར་འུར་གྱི་རྒྱ་རྒོལ་ཆེན་པོ་དེས་བོད་མི་༡༠༠༠ཨ་རིར་འགྲོ་བའི་གོ་སྐབས་ཐོབ་པ་དང་། ༢༠༠༨ལོ་ནས་བཟུང་བའི་ད་བར་རྒྱ་རྒོལ་གྱི་མཐོ་རླབས་འདིས་བོད་མི་༥༠༠༠ཨ་རིར་འགོ་བའི་སྦིར་གྲགས་འདི་བྱུང་བ་རེད། ད་དུང་ཚེ་སྲོག་སྟོང་ཕྲག་མང་པོའི་འགྲོ་སོང་དང་། དཀའ་ངལ་ཁྲི་འབུམ་སྤྱད་པའི་འབྲས་བུར། བཙན་བྱོལ་བ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་རྒྱུ་ཙམ་ལས་མ་བྱུང་བ་ནི་དངོས་འབྲེལ་ཡ་ང་བ་ཞྀག་ཡིན་པས། ང་ཚོས་བོད་ནང་གི་བོད་མི་ཚོའི་ཉིན་མཚན་ཀུན་གྱི་འདོད་འདུན་སྟེ། གཞིས་བྱེས་མཉམ་འཛོམས་ཡོང་ཐབས་བྱ་དགོས་པ་ནི་དོན་གྱི་དམ་པའི་དགོས་དམིགས་དེ་ཡིན་པ་རེད།

    Reply
  4. མི་རྒོད། says:
    ལོ་ 12 སྔོན།

    < ཇི་ལྟར་བཀའ་གདམས་པའི་དགེ་བཤེས་ཚོས་ཉིན་མཚན་ཀུན་ཏུ་འཆི་བ་དྲན་ནས་ལྟོ་གོས་གཏམ་གསུམ་ལ་གྱོང་གུན་བཏང་བ> ཞེས་་་་་་་་་་་་ཚིག་འདིས་ཁོ་རང་ནང་ཆོས་ལ་མྱོང་བ་ཙམ་ལས་གཞུང་ལུགས་ཁོང་དུ་ཆུད་པའི་མི་ཞིག་མིན་པ་གསལ།
    < བཙན་བྱོལ་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་ནང་སྐུ་ངོའི་གདན་ཐོབ་ཡོད་པའི་ལས་བྱེད་ཕལ་ཆེ་བའི་རྐང་པ་ཡ་གཅིག་ནུབ་ཕྱོགས་སུ་བརྐྱངས་ཡོད་པ་དེ་ཡང་ཁོང་ཚོའི་འབྱུང་འགྱུར་གྱི་ཁ་ཕྱོགས་ཤིག་ཀྱང་རེད> ཞེས་དམད་པ་འདིས་ཁ་རྐྱག་ལང་ལ་ཤོར་དྲགས་པ་དང་། དགྲ་ལ་ངས་མདོག་འདི་འདྲ་རེད་ཟེར།།
    < སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁོང་གི་ལས་དོན་གྲུབ་འབྲས་སུ་གཡག་རྔ་གནམ་འཕྱར་གནང་དང་གནང་མུས་ལ་སོང་། ལོ་རྒྱུས་ཀྱི་ནག་ཉེས་འདི་ཡང་སྔོན་མཚུངས་ལྟར་གོང་སྐུ་སྒེར་གྱི་ཐོག་ཏུ་འབབ་རྒྱུ་ཡིན་པ་ཞར་བས་བལྟས་ཀྱང་ཁམས་གསུམ་མ་ཡིན་ནམ། > ཞེས་པ་འདིས་རང་ཉིད་བོད་རིགས་གཅིག་ཡིན་པའི་འགན་མཁུར་ཡེ་ནས་མེད་ཅིང་ སྲིད་སྐྱོང་མཆོག་དང་ སྐུ་སྒེར་དབར་དཀྲུག་ཤིང་ཡོང་འཐབ་ཀྱི་ཁོས་བ་སྤུ་དྲི་ངད་ཅན་ཞིག་འདམ་དུ་བྱིང་སོང་ནས་ཁོ་རང་ཡལ་ལོ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese