མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིར་ཉིན་ ༣ རིང་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་ལམ་ལས་འགུལ་ཁང་གིས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་ལྡི་ལིར་ཉིན་ ༣ རིང་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་ཡོལ་ཙམ་ལ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་ལས་ཁུངས་སུ སྤྱི་ཁྱབ་ཚོགས་གཙོ་ལི་ཐང་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་དང་ཚོགས་གཞོན་བུ་ཡོན་ཏན་ལགས་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༥ ལ་ཕེབས་པའི་ཉིན་མོ་དང་བསྟུན་ཏེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་ས་གནས་ཁག་ ༣༠ ཙམ་གྱི་བོད་མི་རྣམས་འདུ་འཛོམས་ཀྱིས་ཉིན་གྲངས་གསུམ་རིང་བོད་དོན་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་ཀྱིས། རྒྱ་གར་ནང་ལོགས་ཀྱི་ས་གནས་ཁག་ ༣༠ ཙམ་ནང་ཡོད་པའི་ས་གནས་འབྲེལ་མཐུད་པ་བརྒྱུད་ས་གནས་རེ་ནས་མི་ ༡༠ རེ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱ་ཐུབ་པ་གནང་རྒྱུ་དང་། ཐེངས་འདིའི་ལས་འགུལ་ཉིན་དང་པོར་ལས་འགུལ་བ་ཚོས་དབུ་མའི་ལམ་གྱི་དགོངས་འཆར་དང་མཐུན་པའི་འབོད་ཚིག་སྣ་ཚོགས་ཀྱི་འཕྲེད་དར་བཟུང་སྟེ། ཆོག་མཆན་ཐོབ་ཚེ་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་གནང་སྟེ། དགོས་འདུན་དོན་ཚན་གསུམ་དང་འགྲེལ་བཤད་བཅས་རྒྱ་ནག་གཞུང་ཚབ་ལ་འབུལ་རྒྱུ་དང་། ཉིན་གཉིས་པར་རྒྱ་གཞུང་གིས་དགོས་འདུན་དེ་དག་ངེས་པར་དུ་ལག་བསྟར་དགོས་པའི་འབོད་སྐུལ་གྱི་ཟས་བཅད་ངོ་རྒོལ། ཉིན་གསུམ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་ཏེ་ལས་འགུལ་བ་རྣམས་ལ་གསུང་བཤད་དང་། དབུ་མའི་ལམ་གྱི་ཐོག་ནས་མ་འོངས་པར་ལས་འགུལ་ག་འདྲ་སྤེལ་དགོས་མིན་ཐོག་གྲོས་བསྡུར་གནང་རྒྱུ་བཅས་ཡིན་འདུག

སང་ཉིན་ནས་བཟུང་རྒྱ་གར་ནང་ལོགས་ཀྱི་ས་གནས་ཁག་ ༣༠ ཙམ་ལ་སྦྱར་ཡིག་སོགས་ཀྱི་ཐོག་ནས་གསལ་བསྒྲགས་སྤེལ་ཏེ། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༥ ཉིན་ནང་ཚུད་དུ་མཉམ་ཞུགས་གནང་མཁན་གྱི་མིང་ཐོ་འབྱོར་ཐུབ་དགོས་པ་དང་། ལས་འགུལ་ནང་མི་ག་ཚོད་འདུ་འཛོམས་གནང་ཡང་ལས་འགུལ་ཁང་གི་ངོས་ནས་ལྡི་ལིར་ སྡོད་གནས་དང་ཟ་མ་སོགས་གོ་སྒྲིག་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།  

ཐེངས་འདིའི་ལས་འགུལ་ཐད་གསལ་བསྒྲགས་ཤིག་བཀྲམས་ཡོད་པའི་ནང་། “འཛམ་གླིང་རང་དབང་དང་བརྡ་འཕྲིན་ཅན་དུ་ཁ་ཕྱོགས་བཞིན་པའི་དུས་འདིར། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཀྱང་ཨུ་ཚུགས་མཁྲེགས་འཛིན་དང་། སྒེར་གཅོད་གཉའ་གནོན། སྡིག་པ་མིག་བཙུམ་ཁོ་ན་མིན་པར་རྒྱ་ནག་མི་མང་དུང་ཕྱུར་མང་པོའི་ལ་རྒྱ་དང་མཚན་མཐོང་ལ་སྲུང་སྐྱོབ་དང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བོད་མི་རིགས་ཀྱི་མངོན་འདོད་ཡིག་ཆར་རྩ་འཛིན་གྱིས་སྐད་ཡིག་དང་ལེགས་བྱང་། ཁོར་ཡུག གཤིས་ལུགས་སོགས་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས་པ། གང་མགྱོགས་འབྲེལ་མོལ་མགོ་འཛུགས་ཀྱིས་བོད་རྒྱ་མི་རིགས་གཉིས་འདྲ་མཉམ་ཞི་མཐུན་གནང་རྒྱུར་རྒྱ་ནག་གཞུང་འཛིན་པ་ཚོའི་བློ་སྒོ་ཕྱེ་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཀྱང་སྣོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ནན་བརྗོད་བྱེད་ཀྱི་ཡིན། ”ཞེས་བཀོད་འདུག

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་ ༣ ནི། དང་པོ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞིར་བཟུང་འཕྲལ་དུ་བོད་རྒྱ་གྲོས་མོལ་མགོ་འཛུགས་ཀྱིས་བོད་མི་ཚོར་འཛིན་སྐྱོང་གཅིག་གི་རང་སྐྱོང་ལག་བསྟར་བྱེད་དགོས་པ། གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་༸གོང་ས་མཆོག་དང་བོད་མི་མང་གི་དགོས་འདུན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མིང་དོན་མཚུངས་བའི་རྒྱབ་སྐྱོར་བྱེད་དགོས་པ། གསུམ་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་གཏོང་དགོས་པ་བཅས་བཀོད་འདུག  

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་སྒྲོམ་གཞི་སྟེ་རྒྱ་ནག་གཞུང་ལ་ཕུལ་བའི་ རང་སྐྱོང་བསམ་འཆར་ ནང་དུ་བོད་ཀྱི་རང་སྐྱོང་ལམ་ལུགས་དེ་བོད་མི་མང་གིས་མང་མོས་འོས་བསྡུའི་ལམ་ནས་འཛིན་སྐྱོང་བྱ་རྒྱུ་ཡིན་པ་གསལ་བར་བཀོད་ཡོད། མ་རིག་མ་གོ་བ་ཚོས་སློབ་སྦྱོང་བྱོས།
    གཉིས་ནས་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་རྒྱ་གཉིས་སྨན་གྱི་ཁེ་ཕན་གཞི་རྩར་བཟུང་བ་ཞིག་ཡིན་པས་ང་ཚོས་རང་གི་མི་རིགས་གཅིག་པུའི་ཆེད་མིན་པར་ཞོར་དུ་སྐྱིད་སྡུག་གཅིག་པའི་སྤུན་ཟླ་མི་རིགས་ཚོར་ཡང་གདུང་སེམས་མཉམ་སྐྱེད་དང་རང་དབང་བདེ་སྐྱིད་མཉམ་རུབ་ཀྱིས་རྩོད་འོས་པ་ཞིག་ཡིན།

    Reply
  2. བདེན་སྐྱོང་། says:
    ལོ་ 13 སྔོན།

    ད་དབུ་མའི་ལམ་གྱིས་ཁ་གྲགས་དགོས་པའི་གནས་ལུགས་དེ་གཞི་ནས་བརྙེད་ཡོད་ས་རེད། ཡག་པོ་འདུག དེ་སྔ་དབུ་མའི་ལམ་ཞེས་པ་དེ་ལས་འགུལ་དང་ཁ་བྲལ་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཇེ་མང་རེད། ད་འགྲིགས་འདུག
    ཆབ་བྲག་ལགས། དབུ་མའི་ལམ་ལ་མང་གཙོ་དགོས་ཀྱི་མེད་པ་དེ་དེ་སྔ་སྲིད་སྐྱོང་མཆོག་གིས་གསལ་པོ་བཟོས་ཟིན་པ་རེད། ཁྱེད་ཀྱང་སྤྱི་ཟུར་ཞིག་ཡིན་པས་ཤེས་དགོས་ངེས་རེད། དབུ་མའི་ལམ་གྱི་ཟིན་བྲིིས་ནང་མང་གཙོའི་དགོས་འདུན་བཏོན་མེད་པ་གསལ་པོ་རེད། མ་ཟད་རྒྱ་ནག་དམར་ཤོག་གི་རྩ་ཁྲིམ་འོག་ནས་ངམ་གཙོ་ཞིག་ཐོབ་རྒྱུ་ཉིན་མོའི་གཉིད་ལམ་རེད་དོ།

    Reply
  3. ཟླ་ཚེ། says:
    ལོ་ 13 སྔོན།

    དང་པོ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞིར་བཟུང་འཕྲལ་དུ་བོད་རྒྱ་གྲོས་མོལ་མགོ་འཛུགས་ཀྱིས་བོད་མི་ཚོར་འཛིན་སྐྱོང་གཅིག་གི་རང་སྐྱོང་ལག་བསྟར་བྱེད་དགོས་པ།

    དབུ་མའི་ལམ་གྱི་མི་ཡིན་ཟེར་བ་དེ་ཚོས་བོད་མི་ཚོར་འཛིན་སྐྱོང་གཅིག་གི་རང་སྐྱོང་ལག་བསྟར་དགོས་སྐོར་བཤད་པ་ལས་འཛིན་སྐྱོང་གཅིག་ཅེས་པའི་དོན་གང་ཡིན་ནམ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་འགུལ་འདིར་ལས་འགུལ་བ་བདག་གིས་ཀྱང་རྒྱང་རིང་ནས་ཡི་རང་དང་རྒྱབ་སྐྱོར་ཞི་གིན་ཡོད།
    དབུ་མའི་ལམ་གྱི་དགོངས་དོན་འདི་གཉིས་སྨན་སྲིད་བྱུས་གུ་ཡངས་ཤིག་ཡིན་པས་དོན་ཚན་གཅིག་ཁ་སྣོན་ཡོང་བའི་རེ་སྐུལ་ཞུ་རྒྱུར།
    ༤༽ བོད་དང་ལས་སྐལ་གཅིག་པའི་སྤུན་ཟླ་མི་རིགས་ཡུ་གུར་བ་དང་ནང་སོག་གིས་གཙོས་རྒྱ་ནག་མི་དམངས་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཡང་དག་ཅིག་ལག་བསྟར་ཡོང་རྒྱུའི་རེ་སྐུལ་ཞུ་གིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese