མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླུན་པོ་ཆུ་སྣ་གར་ཁྲིད་བྱེད་རྒྱུ་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་༧གོང་ས་མཆོག་གིས་མོན་པ་དང་འབྲུག་པ་བཅས་ལ་བཀའ་སློབ་གནང་སྟེ་ཆོས་ལ་དད་པ་ཡོད་ཀྱང་ཆོས་ཀྱི་གནས་ཚུལ་གང་ཡང་མ་ཤེས་པར་བླུན་པོ་ཆུ་སྣ་གར་ཁྲིད་མི་བྱེད་པར་བརྟག་དཔྱད་དང་ཞིབ་འཇུག་ཚོད་ལྟ་བྱས་ནས་ཕན་ཐོཊ་ཡོད་མེད་ལྟ་དགོས་སྐོར་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཁ་སང་ཚེས་ ༤ ཉིན་ཤིས་ལོང་ས་གནས་ཀྱི་ཕོ་ལོ་ཐང་ཆེན་དུ་ (Polo Ground) དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བར་རྒྱལ་སྲས་ཐོཊ་མེད་བཟང་པོའི་མཛད་པས་༼ལག་ལེན་སོ་བདུན་མ༽ ཆོས་འབྲེལ་དང་སྟབས་བསྟུན་མི་མང་ལ་བཀའ་སློབ་གནང་སྟེ། ནང་པ་སངས་རྒྱས་པའི་གཞུང་དུ་སྡུག་བསྔལ་གྱི་རྩ་བ་སོ་སོའི་སེམས་རྒྱུད་མ་རིག་པ་དང་མི་ཤེས་པའི་དབང་གིས་བྱུང་བ་ཡིན་སྐོར་གསུང་ཡོད་པ་དང་། མི་ཤེས་པ་སེལ་རྒྱུར་རང་ཉིད་ཀྱིས་བསམ་བློ་གཏོང་དགོས་པ་ལས་དད་པ་ཁོ་ནས་སེལ་ཐབས་མེད་པ་དང་། འཛམ་གླིང་ནང་སྲོག་ཆཊ་འདྲ་མིན་སྣ་ཚོཊ་ཡོད་པའི་ཁོངས་ནས་འགྲོ་བ་མི་ལྟར་བསམ་བློ་གཏོང་ཐུབ་པའི་ཀླད་པ་ཞིག་གཞན་ལ་མེད་སྟབས། དེ་ལྟ་བུའི་ཆོས་ཤིག་སྒྲུབ་པར་མི་ལུས་ཧ་ཅང་གལ་ཆེན་པོ་ཆཊ་ཡོད་ཅིང་། ཚེ་འདིར་མི་ཚེ་དོན་ལྡན་ཞིག་ཡོང་བར་གྲོཊ་བཟང་ངན་གྱི་ཁྱད་པར་ཡོང་གི་ཡོད་སྟབས། ཁ་མིག་ཡར་ལྟ་བྱེད་ཡུལ་གྱི་དགེ་བའི་བཤེས་གཉེན་དང་གྲོཊ་བཟང་བསྟེན་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ་གསུངས་ཡོད་པ་མ་ཟད། ས་གནས་བོད་མི་ཚོར་ས་གནས་སུ་ཡོད་པའི་ལྷ་ཁང་ཆུང་ཆུང་དེ་སྨོན་ལམ་རྒྱག་ཡུལ་དང་དགེ་འདུན་པ་ཚོར་སྐུ་འགྱེད་དང་མང་ཇ་འབུལ་རྒྱུ་ཁོ་ནར་མི་འཇོག་པར། ནང་ཆོས་ལ་སློབ་སྦྱོང་དང་ས་གནས་ཀྱི་མི་མང་ནང་ནས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོས་ལྷ་ཁང་དེ་སློབ་གཉེར་ཁང་ཆུང་ཆུང་ཞིག་ཏུ་བསྒྱུར་ཐུབ་པར་བྱ་དགོས་ཞེས་སོགས་བཀའ་སློབ་གནང་འདུག

ཚེས་ ༣ ཉིན་༸གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིའི་སྒྱུ་རྩལ་བསྟི་གནས་ཁང་དུ། མོན་པ་དང་འབྲུག་པ། བོད་མི། ས་གནས་ཡུལ་མི་བཅས་ཁྱོན་དད་ལྡན་ཆོས་ཞུ་བ་ ༣༠༠༠ བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་ཡོད་པ་མ་ཟད། དམིགས་བསལ་ཆོས་ལུཊ་ཕན་ཚུན་གྱི་མཐུན་ལམ་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཚང་མ་སྔཊ་རྒྱུད་མ་གཏོགས། འདུལ་བ་དང་ཐེག་ཆེན་མདོ་སྡེའི་གཞུང་ལག་ལེན་བསྟར་མཁན་གཅིག་གྱུར་ཆཊ་ཀྱི་ཡོད སྟབས། ཆོས་ལུཊ་ཕན་ཚུན་དབར་ཐུཊ་མཐུན་ཁྲིམས་གཙང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆཊ་ཡོད། སྤྱིར་བཏང་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རྣམས་ཕྲན་བུ་མི་འདྲ་བ་དེ་རྒྱུད་སྡེ་མི་འདྲ་བའི་ཐོག་ནས་ཡོང་གི་ཡོད་ཀྱང་། དེ་དག་ཚང་མ་མཁན་སློབ་ཆོས་གསུམ་གྱི་རྗེས་འཇུག་གཅིག་གྱུར་ཆཊ་ཡོད། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རྩ་བའི་དགེ་རྒན་གཅིག་དང་། ཡང་སྒོས་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་གཅིག་མཚུངས་ཡིན་མ་ཟད། ལྷག་པར་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་གཅིག་གྱུར་ཆཊ་ཀྱི་ཡོད། དེ་མིན་ཡག་པོ་མ་ཤེས་པའི་དབང་གིས་ང་རྙིང་མ་དང་། ང་དགེ་ལུགས། ང་ས་སྐྱ། ང་བཀའ་བརྒྱུད་ཅེས་དང་། ནང་གསེས་ང་འབྲི་གུང་བཀའ་བརྒྱུད་སོཊ་བརྗོད་ན། གུ་དོག་གི་བསམ་བློ་དང་མཐོང་རྒྱ་ཐོས་རྒྱ་ཆུང་དྲགས་པ་རེད། ང་ཚོ་ཚང་མ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱའི་རྗེས་སུ་འབྲང་མཁན་དང་དཔལ་ན་ལེཎྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཆཊ་ཡོད། ནང་གསེས་གདམས་ངག་དམིཊ་བསལ་ཅན་དེ་འདྲ་ཡོང་གི་ཡོད་པ་རེད་མ་གཏོགས་རྩ་བ་ཚང་མ་གཅིག་གྱུར་རེད། དེ་ལྟར་ཡོང་རྒྱུའི་རྩ་བ་གཞུང་ཆེན་དེ་དག་ལ་གཞི་བཅོལ་དགོས། སོ་སོས་དད་པ་བྱེད་ཡུལ་གྱི་ཆོས་དེ་གང་འདྲ་ཞིག་ཡིན་པ་ཤེས་པའི་ཐོག་དད་པ་བྱས་ན་ཧ་ཅང་བརྟན་པོ་ཡོད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། ང་ཚོའི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ་བླུན་པོ་ཆུ་སྣ་གར་ཁྲིད། ཅེས་པ་ཞིག་ཡོད། ནང་ཆོས་ལ་དད་པ་ཡོད་ཀྱང་ཆོས་ཀྱི་གནས་ཚུལ་གང་ཡང་མ་ཤེས་པར། མི་རྫུན་ཤོད་མཁན་ཞིག་གིས་ངར་མངོན་ཤེས་དང་སྒྲུབ་རྟགས་ཡོད། ངས་ཁྱེད་རང་ལ་བྱིན་རླབས་སྤྲོད་ཀྱི་ཡིན་ཞེས་བརྗོད་ན། སྐྱབས་སུ་མཆིའོ། ཞེས་བརྗོད་རྒྱུ་དེ་བླུན་པོ་ཆུ་སྣ་གར་ཁྲིད་ཆགས་ཀྱི་ཡོད་སྟབས། དེ་ལྟར་བྱེད་རྒྱུ་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བ་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད། དོན་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་རྗེས་འབྲང་དགེ་སློང་དང་མཁས་པ་སུ་ཞིག་ཡིན་རུང། ངས་བསྟན་པའི་ཆོས་ལ་ཡིད་ཆེས་དང་དད་པ་བྱས་ནས་ཁས་ལེན་བྱེད་དགོས་དོན་མེད། ངས་བཤད་པའི་ཆོས་ལ་ཁྱེད་རང་ཚོས་བརྟག་དཔྱད་དང་ཞིབ་འཇུག ཚོད་ལྟ་བྱས་པའི་ཐོག་ནས་ཕན་ཐོཊ་ཡོང་གི་འདུག་ན་ཁས་ལེན་བྱོས། ཞེས་གསུངས་ཡོད། ཅེས་བཀའ་སློབ་གནང་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༡༡ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese