ཤེས་འདོད་མེད་མོད།
དོ་ནུབ ངས་ཅི་ཡང་ཤེས་མི་འདོད་གྱང་
ཚོར་བའི་ང་རང་ལ་མང་བོ་མང་བོ་ཞིག་འཁུར་ནས་འོང་
རྒྱལ་ཁབ་ཕྱི་ནང་ཁ་ཤས་ཀྱི་འགྲོ་ལུགས་གསར་བ་རེ
མིའི་རིགས་ཀྱི་བསམ་བློ་གཏོང་ལུགས་ཁ་ཤས
རང་ཉིད་ཁོ་ན་རྩོད་ལེན་བྱེད་ལུགས་སྣ་ཚོགས
མི་དབང་བའི་འཁྲུལ་སྣང་ལ་དུངས་ཞེན་ཟབ་ལུགས་འདྲ་མིན
རྣམ་གཡེང་གི་མི་ཚོ་འཚོ་ལུགས་ཆོད་མེད་མང་བོ
གང་ལྟར ཚད་འཛིན་མེད་ལུགས་ཀྱི་སྤྱོད་ངན་གྲངས་མེད
བོར་ཟིན་པའི་མི་གཟུགས་མཐའ་ཡས་པ་ཞིག་གི་གཏམ་རྒྱུད་རེ
ཁ་དོག་མེད་པའི་འཇིག་རྟེན་གྱི་སྣང་བ་ཚད་མེད
སེམས་པ་འཁྱག་ལ་སྟར་བའི་རྨི་ལམ་འཇིགས་པོ་རེ
དྲང་བདེན་གད་སྙིགས་དུ་བསྒྱུར་བའི་འཁྲབ་ཚན་ནག་པོ
ཀུན་རྫོབ་མཆོད་གཤམ་དུ་བརྩིགས་པའི་ཟིན་ཐོ་གསར་བ
མདོར་ན་ཅི་ཡང་སྟོང་བའི་གནམ་འོག་འདིར
དྲ་གྲོགས་ལགས། ཁྱེད་ཀྱིས་ང་རང་ལ་ས་ཕག་མང་བོ་ཞིག་བརྩིགས་འདུག་གསུང་བ་ཐུགས་རྗེ་ཆེ། ཡིན་ཡང་ང་རང་གིས་འདི་ནས་སྤྱོད་བཞིན་པ་དེ་ནི་ཧི་གཟུགས་ཡིན་ལ། ང་རང་གིས་དྲ་གྲོགས་ཚང་མའི་ཟིན་བྲིས་ཀློག་ཐུབ་ཀྱི་འདུག་ལ། དྲ་གྲོགས་ཁ་ཤས་ཀྱི་ང་རང་གི་ཟིན་བྲིས་ཀློག་ཐུབ་ཀྱི་མེད་པའི་མེད་པས་གནད་དོན་དེ་ད་དུང་ངས་རྙེད་མ་སོང་། རོགས་པ་རེ་བྱེད་རོགས་་་
གྲོགས་པོ་ལགས། འདི་ན་ས་ཕག་མང་བོ་ཞིག་བརྩིགས་འདུག ཨ་ལ་ཀུ་རེ་ཡིན། ཡིག་གཟུགས་འགྲིག་མི་འདུག