སྤྱན་རས་གཟིགས ངའི་བླ་མ
ཁམས་གསུམ་གྱི་བདག་པོ
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ
མི་ཕྱེད་དད་པའི་ས་བོན
སྐུ་ཉིད་གཅིག་བུ་ལ་བཏབ་དང་འདེབས་ཀྱིན་པ
ཉམ་ཐག་པའི་སློབ་བུ་ང་ཚོ་སྟེ
གངས་ཅན་ཁ་བ་རི་བོའི་བུ་རྒྱུད་དང་བཅས་པར
ཁྱེད་ཉིད་ལས་ལྷག་པའི་མགོན་ཞིག་སུ
དེས་ན སྤྱན་རས་གཟིགས ངའི་བླ་མ
ང་ཚོ་རང་ཡུལ་དུ་ལོག་རན་རེད
༧སྐུ་ཉིད་ཀྱིས་དབུ་ཁྲིད་གནོང་དང་
ང་ཚོ་རང་ཡུལ་དུ་ལོག་འགྲོ
བྱམས་བརྩེ་དང་འཚེ་མེད་ཀྱི་ལྟ་བ་འཁུར་ནས
འགྲོ་དྲུག་གི་གཟུང་སྔགས་བཟློ་ཞོར
གངས་ལྗོངས་ཀྱི་སྐྱ་སེར་ཡོངས་རྫོགས་དང་
དབུགས་ཐོག་དུད་འགྲོ་ཡོད་ཚད
ཐ་ན གངས་ཅན་ལྗོངས་ཀྱི་ནགས་ཚལ
རྩ་དང་རྩི་ཤིང་བཅས་ཡོད་ཚད་ཀྱི་ཡོད་ཚད་ཀྱིས
ཁྱེད་ཉིད་གཅིག་བུ་ལས་གཞན་སུ་ཞིག་ལ་སྒུག
སྤྱན་རས་གཟིགས ངའི་བླ་མ
བྱམས་དང་སྙིང་རྗེའི་དེད་དཔོན
ང་ཚོ་གཞན་ཡུལ་ནས་རྒས་ཤིང་ གཞན་ཡུལ་དུ་འཆི་མི་རུང་
གངས་ཅན་ལྷག་པའི་ལྷ
ད་ནི་དུས་ལ་བབ་ཟིན
ང་ཚོ་རང་ཡུལ་དུ་ལོག་འགྲོ
སྤྱན་རས་གཟིགས ངའི་བླ་མ
༧སྐུ་ཉིད་གཅིག་བུ་ལ འོ་བརྒྱལ་བཟོས་པ་མང་དྲགས་སོང་
ད་ནི་རང་ཡུལ་དུ་ཕེབས་རན་རེད
༡༥།༤།༠༧རྩོམ་ཡིག་འདི་མ་བྲིས་སྔོན་དུ། བདག་གིས་༧གོང་ས་མཆོག་གི་བཀའ་དྲིན་མང་བོ་ཞིག་ལ་ཞིབ་འདང་རྒྱབ་རྗེས་སུ། སེམས་ནང་དུ་སྐྱོ་སྣང་ཡ་མཚར་བ་ཞིག་སླེབས་སྟབས། ཤར་མང་ང་ཚོ་རང་ཡུལ་དུ་ལོག་འགྲོ་ཞེས་པ་འདི་རྒྱ་གར་ལྷོ་ཕྱོགས་ནས་བྲིས།

![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)




དྲ་གྲོགས་མེ་ལགས། བདག་གིས་གཡུ་མཚོ་ཡིག་གཟུགས་ད་དུང་ལག་བསྟར་བྱེད་ཐུབ་ཀྱི་མེད་ལ། ངས་འདི་ནས་ཁྱེད་རང་གི་གསུང་བ་ལྟར་གཞིས་བྱེས་ལྷན་འཛོམས་ནང་དུ་སོང་དེ་ཚོད་ལྟ་བྱས་ཆོག དྲ་གྲོགས་ལགས། ཐུགས་རྗེ་ཆེ། དཀའ་ངལ་རེ་འཕྲད་དུས་སུ་འདིར་ཕེབས་ནས་ལམ་སྟོན་གནང་བ་དེ་ནི་ཁ་ཡོད་ནང་གི་ལག་ཡོད་རེད། སླར་ཡང་མགྱོགས་པོ་འཇལ་ཡོང་།
དྲ་གྲོགས་ལགས། ཁྱོད་ཀྱི་ཟིན་བྲིས་༼ཁ་མཁས་པ་ལས་ལག་མཁས་ན་ཡག༽ཞེས་པ་ནས་ཟིན་བྲིས་ཚང་མ་གསལ་བོར་ཀློག་ཐུབ་ཀྱིན་འདུག དེའི་སྔོན་གྱི་ཟིན་བྲིས་གཅིག་ཀྱང་ཀློག་ཐུབ་ཀྱིན་མི་འདུག ངས་ཁྱོད་ལ་བཤད་པའི་ལམ་སྟོན་དེ་ལག་བསྟར་བྱས་ཨེ་ཡོད། ཁྱོད་ལ་གཡུ་མཚོ་ཡིག་གཟུགས་མེད་ན་༼གཞིས་བྱེས་ལྷན་འཛོམས།༽དྲ་བ་ནས་ཕབ་ལེན་བྱེད་ཐུབ།