༡
དྲ་གྲོགས་གསར་བ་ཚེ་རིང་གི་བུ་ལགས་ལ་ཁ་དྲོ་བཀྲ་ཤིས་ཞུ། དྲ་ཚིགས་འདི་ནས་ཚེ་རིང་བ་ནས་དོན་འགྲུབ། དོན་འགྲུབ་པ་ནས་ཅི་ཞིག་འཚོལ་བཞིན་པ་དེ་དག་རྙེད་པར་ཤོག དཔའ་རྟུལ་རེ་རེ་བཞིན་ད་དུང་བོད་དུ་འཚོ་ཡོད། དེ་དག་གི་ཆེད་དུ་རྩོམ་ཡིག་གང་མང་མང་རེ་འབྲི་རོགས་ཞུ། ག་ལེར་གླེང་མོལ་བྱེད་ཆོག ཁྱིན་གཞིས་གསར་བ་དང་གནས་ཚང་གསར་བ་ཡིན་སྟབས། འཁང་ཆུང་བྱེད་སྲིད་པ་རེད། འཁང་ཆུང་བྱེད་མི་དགོས། ཡིན་ཡང་། བོད་ལ་འགན་ཡོད་པས་སྐད་ཆ་བཤད་རྒྱུ་དངོས་ནས་གལ་ཆེན་ཡིན། དེ་མིན་རྙོག་གཏམ་བཤད་མཁན་ཀླུ་སྨྱོན་ཟེར་བ་ལྟ་བུ་ཆགས་ན་དངོས་ནས་དུས་ཚོད་འཕྲོ་བརླག་རེད་འདུག ཨོ་དགོངས་དག་ཁྱེད་རང་གསར་དུ་ཕེབས་ན་ཐག སྐད་ཆ་རྣ་ལ་གཟན་པ་ཞིག་བཤད་དགོས་བྱུང་སོང་།
ང་ནི་བདག་འཚོལ་མཁན་ཞིག་ཡིན་ཟེར་གྱི་འདུག བདག་དང་ང་གཉིས་ལ་ཁྱད་པར་གང་འདྲ་ཞིག་འཇོག་གི་ཡོད་དམ།
༢
སྐད་ཆ་འདི་ལ་རྒྱབ་སྐྱོར་ཡོད། རེད་དེ་ངེད་ཅག་གི་འདིའི་ཐད་དུ་བྱེད་ཕྱོགས་ཤིག་ང་རང་གི་བསམ་ཚུལ་ཞིག་བྲིས་ཡོད་པ་མི་རིང་བར་ང་རང་གི་ཟིན་བྲིས་ནང་དུ་བཀོད་ངེས་ཡིན། དེ་དུས་གླེང་མོལ་བྱེད་ཆོག
༣
དྲ་གྲོགས་ལགས་ཚེ་རིང་གི་བུ། ཚེ་རིང་བ་ལ་ལམ་འགྲོ་དང་རྒྱུ་རྐྱེན་མང་བོ་ཞིག་འཛོམ་དགོས་པ་རེད། ཡིན་ཡང་ཁྱེད་རང་གི་འདི་ལྟར་བཤད་དེ་འོང་ན་ནི། ཚེ་རིང་རྒྱུ་ཕར་ཞོག་ཅི་ཞིག་འཚོལ་བཞིན་པ་དེ་དག་ཡང་རྙེད་རྒྱུ་ཁག་པོ་རེད།
ལམ་དབུ་མ་ནི་ཀླད་ཀོར་ཞིག་རེད་ཟེར་བ་ལས་ངས་ལམ་དབུ་མ་མི་ཤེས་ཞེས་ཁས་ལངས་ཡོད་ན་དངོས་ནས་ཡག་པོ་རེད། སྐྱོན་ཡོན་གང་ཡང་ཚད་ཐིགས་བྱེད་མི་ཐུབ་པས་སྐད་ཆ་འདི་འདྲ་ནི་བྱིས་བ་བསམ་མེད་དག་གི་ཀ་ཁ་ཀློག་པ་དང་གཅིག་མཚུངས་ཤིག་རེད་འདུག་གོ
༤
ང་རང་གང་ཟག་སྒེར་ངོས་ལ་མཚོན་ན། བོད་དོན་ཆེད་སྐད་འབོད་ཅིག་བྱེད་ན་དཀོན་མཆོག་གསུམ། དཔྱ་ཁྲལ་དངས་བླངས་ཕུལ་ན་དཀོན་གསུམ་གསུམ། མནའ་གཉིས་བསྐྱལ་བ་དེ་ཡིན། མགོ་ནས་སྐད་ཆ་བཤད་དེ་འོང་དུས་དངོས་ནས་ལྟ་ན་འདོད་པ་ནས་ཀློག་ན་འདོད་པ་ཞིག་རེད། ཡིན་ཡང་མནའ་འདི་གཉིས་བསྐྱལ་བ་མཐོང་མ་ཐག ང་རང་ཁྱེད་རང་ལ་སྐྱུག་མེར་ལངས་སོང་། གང་ཡིན་ཟེར་ན་ཁྱེད་རང་ཡང་ཁེ་བཟང་མེད་ན་བོད་དོན་མི་བྱེད་ཟེར་བས་གྲངས་ཤིག་རེད་འདུག བོད་མིས་བོད་དོན་བྱེད་པ་ལ་ཁེ་བཟང་དགོས་ན་རྒྱ་རི་ཚང་ལ་ཡང་ནོར་འཁྲུལ་ཞིག་ག་ནས་ཡོང་། རྗེས་མ་ནས་རང་ཉིད་བོད་པ་ཡིན་པ་ཤེས་ཀྱི་ཡོད་ན། སྐད་ཆ་དེ་འདྲའི་འཛོར་བོ་མ་བཤད་རོགས། རང་ཉིད་བོད་པ་ཡིན་པ་ཤེས་བར་གྱིས། བོད་པས་བོད་དོན་མི་བྱེད་ན་སུས་བྱེད་དགོས་པ་རེད།
དྲ་གྲོགས་ཨ་རིག་གླེན་པ་ལགས། ལོ་ངོ་བཅུ་ཡི་བགྲང་བྱ་རིམ་གྱིས་འདས་གསུང་དོན་ག་རེ་ཡིན་ན། ཁྱེད་རང་ང་རང་ལ་དུར་ས་རེ་གྲ་སྒྲིག་བྱས་ཡོད་ནི་མིན་ན། དེ་མིན་ན་ང་རང་ལ་བར་ཆད་རེ་ཡོང་རབས་ཡོད་ནི་མིན་ན། དེ་མིན་ན་ང་རང་ལ་ལོ་ངོ་བཅུ་རིམ་གྱིས་འདས་སོང་ཟེར་དོན་གང་ཡིན་ནམ། ཨོ་རེད། ལོ་ངོ་བཅུ་ཡི་སྔོན་དུ་ང་རང་ལ་ལོ་རྒྱུས་གསར་བ་རེད་ཡོད་པ་ཁྱེད་རང་ལ་བཤད་རྒྱུ་ཡོད་ནི་མིན་ན། དོན་དངོས་སུ་ཨ་རིག་དགེ་མཐོང་ལགས། ཁྱེད་རང་གི་མི་སུ་ཡིན་དང་སྐད་ཆ་ཅི་བཤད་ལ་རྩད་གཅོད་གནང་དེ་བསྡད་ཡོད་ནི་མིན་ན། དེས་ན་ཁྱེད་རང་གི་མི་བུ་ང་རང་ཤེས་སམ། ཡང་ན་ངས་ཁྱེད་རང་ཤེས་ཀྱི་ཡོད་པ་རེད་དམ། དྲ་ཐོག་འདི་ནས་མ་ཡིན་པས་ས་ཆ་གཞན་ནས་ངོ་ཤེས་པ་ཡིན་ནམ། གང་རེད།
ལོ་ངོ་བཅུ་ཡི་བགྲེང་བྱ་རིམ་གྱིས་འདས།།