འཛམ་ གླིང་འདིར་འཚོ་གནས་བྱེད་བཞིན་པའི་མཐོ་རིམ་སྲོག་ཆགས་སུ་འབོད་པའི་མི་ཞིག་གི་ དངོས་ནས་བཤད་ན། སེམས་ན་འདོད་ཆགས་མེད་མཁན་དང་སྐྱེ་དུས་ནས་འདོད་ཆགས་བྲལ་ཟིན་སྐྱེ་ཕོ་མོ་སུ་ ཡང་མེད་ཅེས་བཤད་ན་གཏན་ནས་འགལ་བ་ཞིག་མེད་པ་ཡིན།
དེའི་ཕྱིར་ད་ལྟ་འདི་ནས་ ངས་གླེང་གཞི་གཙོ་བོ་ད་ལྟའི་འཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་གྲ་བ་དག་གི་གསང་ བ་ཞིག་སྤས་སྐོང་བྱས་དེ་མི་ལོ་བརྒྱ་ཕྲག་ཁ་ཤས་རིང་དུ་མི་མང་གི་གཏན་ནས་ཤེས་ མེད་རབས་བཤད་བཞིན་དེ་རིང་ཁ་སང་ཤེས་པ་དེ་ནི་དངོས་ནས་ཧ་ལས་ཤིང་ཧོན་འཐོར་དགོས་ པའི་གནད་འགག་ཞིག་ཏུ་བརྩི་མཁན་མི་ཉུང་བ་ཞིག་ཀྱང་ཡོང་གི་ཡོད་པ་དེ་དག་ནི་ཤེས་ ཡོན་པར་རློམ་མཁན་གྱི་བོད་ཕྱི་ནང་གི་སྨྱུན་ཐོག་པ་དེ་ཚོ་རེད།
གལ་ཏེ། མི་དེ་ནི་ལྐུགས་པ་ཞིག་མིན་ཚེ། སྐྱེ་བོ་ཕོ་མོ་མང་བོ་ཞིག་དར་ལ་བབ་དེ་འོང་དུས་ཅིས་ཀྱང་གཡོལ་ཏུ་མེད་པ་ཞིག་ ཡོད་པ་དེ་ནི་འདོད་ཆགས་ཀྱི་ཚོར་བ་དེ་ཡིན་པ་ཤེས་ངེས་རེད། དེ་ཡིན་དུས་གཞོན་དར་ལང་ཚོ་རྒྱས་པའི་སྐྱེ་བ་ཕོ་མོ་སུ་ཞིག་ལ་མཚོན་ནས་བཤད་ན་ ཡང་། དེ་ཉིད་ལ་འགོག་ཐབས་སམ་ནད་ཚ་ཞིག་ཏུ་དཔེར་བཞག་ན་དེ་ཉིད་དྲག་བྱེད་ཀྱི་སྨན་ཞིག་ ཡོད་པ་དེ་ནི་བཤད་མ་དགོས་པ་ཞིག་རེད། གལ་ཏེ། སྨན་མེད་པའི་ནད་པ་དེ་ནི་ཤི་རྒྱུ་ལས་མཚོན་ཐབས་བྲལ་ཡོད་པ་ནི་བཤད་མ་དགོས་པ་ རེད།
རྒྱུ་མཚན་དེའི་སྟབས་ཀྱིས་ང་ཚོ་སྐྱེ་བ་ཕོ་མོ་ཡོངས་ལ་དཔེར་བཞག་གིས་ བཤད་ན། ང་ཚོ་ནི་འདོད་ཆགས་ཀྱི་ནད་པ་ཡིན་ལ་འདི་ཉིད་དྲག་བསྐྱེད་བྱེད་སྤྱད་ཀྱི་སྨན་ཡང་ མི་རིགས་རེ་ལ་ཐུན་མོང་མ་ཡིན་པའི་ཐབས་ལམ་རེ་དང་ཆོས་ལུགས་རེ་ལ་དེ་མཚུངས་ཀྱི་ འགྲེལ་བཤད་གྲངས་ཀྱི་མི་ལོངས་པ་ཞིག་ཡོད་ངེས་ཅན་རེད། དེ་ནི་དྲ་ཐོག་གི་སྤུན་གྲོགས་ཡོངས་ཀྱི་མཁྱེན་གསལ་ཡིན་ངེས། དེས་ན་སྐབས་བབ་ཀྱི་ངེད་ཅག་གི་གླེང་གཞི་ནི་གྲ་རྟ་ཟེར་བའི་བོད་ཀྱི་གྲ་བ་དག་ གི་གནས་སྐབས་གནས་སྐབས་རིང་གི་རང་ཉིད་ཀྱི་འདོད་ཆགས་ཀྱི་ནད་ཚ་འདི་ཉིད་དྲག་ བསྐྱེད་བྱེད་ཐབས་ཀྱི་སྨན་རྗས་རིགས་ཤིག་ཏུ་ངོས་འཛིན་བྱས་ཀྱང་མ་འགྲིག་པ་གཏན་ ནས་མིན་ལ། ཁོང་ཚོས་མི་ཚེ་གང་བོར་གྲ་རྟའི་སྨན་ཐུན་དེ་ལ་བརྟེན་ནས་འཚོ་བ་མཇུག་བསྡུ་བཞིན་ མེད་པ་ནི་ང་ཚོ་བོད་པ་ཞིག་ལ་མཚོན་ནས་གླེང་ན་དངོས་མཐོང་ལག་ཟིན་མང་བོ་ཞིག་ཡོད་ ངེས་རེད།
ད་སྐབས་འཛམ་གླིང་འདི་ནི་གློག་འཕྲིན་གྱི་འཇིག་རྟེན་ཞིག་ཏུ་ གྱུར་མ་ཐག ངེད་ཅག་གིས་ཀྱས་སྐད་ཆ་བཟང་ངན་གང་མང་ཞིག་སྐར་ཆ་གཅིག་གི་རིང་དུ་འཛམ་གླིང་ འདིས་ཡུལ་གྲུ་ཀུནལ་སྤེལ་ཐུབ་བཞིན་ཡོད་པ་རེད། ཡིན་ཡང་། ང་ཚོས་མང་ཤོས་ཀྱི་བོད་ཀྱི་གྲ་བ་དེ་དག་གི་གྲ་རྟ་སོགས་མི་དགོས་པའི་སྐྱོན་ཆ་ མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་གླེང་དེ་འོང་བ་ལས། གྲ་བའི་སྤྱི་ཚོགས་འདིས་མིའི་རིགས་ཀྱི་འཚོ་གནས་ལ་ཞབས་འདེགས་གང་ཞིན་སྒྲུབ་ བཞིན་ཡོད་མེད་བསྐོར་གྱི་རྩོམ་ཡིག་ལེགས་པོ་ཞིག་འབྲི་མཁན་ནི་ད་ལྟའི་བར་དུ་ བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དག་གི་སྨྱུག་ཁ་ནས་མཐོང་རྒྱུ་མེད་པ་འདི་ནི་ ངེད་ཅག་གིས་གྲ་བའི་སྤྱི་ཚོགས་ལ་འགན་མ་འཁུར་བའི་སྐད་ཆ་ཞིག་བཤད་བཞིན་ཡོད་པ་ ཡང་ཤེས་ཐུབ་ངེས་རེད།
ལྷག་པར་ཏུ་གྲ་རྟའི་བསྐོར་གྱི་གསང་བ་ཟེར་ན་འདྲ། གྲ་བའི་སྤྱི་ཚོགས་ཀྱི་འདོད་སྲེད་གཏམ་རྒྱུད་དེ་དག་ནི་བོད་ཀྱི་མི་མང་གྲ་བའི་ སྤྱི་ཚོགས་དང་ཐག་ཉེ་མཁན་གྱི་མི་མང་དག་གིས་དེ་དག་སྔ་ས་ནས་གསལ་བོ་ཤེས་ཡོད་ པའི་གཏམ་དཔེ་ཡང་མི་ཉུང་བ་ཞིག་ཡོད་པ་ནི། སངས་རྒྱས་ཆོས་འཛེགས་ཟེར་བ་དང་། བླ་མ་རྟ་ཞོན་སོགས་མིང་ཚིག་འདྲ་མིན་མང་བོ་ཞིག་ཡོད་པ་རེད། ང་ཚོས་ཅི་ནས་ཀྱང་གསལ་བོ་ཞིག་ཤེས་དགོས་ཀྱི་ཡོད་པ་དེ་ནི་གྲ་བ་བྱས་པའི་ཕྱིར་ ཉིན་ནས་གྲ་བ་ཟེར་བ་དེ་ནི་འདོད་ཆགས་ཀྱི་ནད་ཚ་དང་བྲལ་བའི་མི་ཞིག་ལ་ངོས་འཛིན་ བྱེད་པ་ནི་ནོར་སོང་བ་ཡིན་ལ། འདོད་ཆགས་ཀྱི་བསྐྱེད་པའི་ལུས་པོ་ཞིག་གི་སྟེང་ན་འདོད་ཆགས་ཀྱི་ནད་ཚ་གང་ཡང་ མེད་པར་ངོས་བཟུང་བ་དེ་ནི་དེ་ལྟར་ངོས་འཛིན་བྱེད་མཁན་གྱི་མི་རང་རང་གི་ནོར་ འཁྲུལ་ཡིན་པ་ལས། གྲ་བའི་སྤྱི་ཚོགས་ཁྲོད་ཀྱི་གྲ་རྟའི་དབྱིངས་སུ་རོལ་བཞིན་པའི་དགེ་འདུན་པ་དེ་ དག་གི་ནོར་འཁྲུལ་ཞིག་གཏན་ནས་མིན། འོན་ཀྱང་། ད་ལྟའི་བར་ཏུ་ཁོང་ཚོ་ལ་ནོར་འཁྲུལ་ཞིག་ཡོད་པ་ནི། རང་གིས་གང་བྱས་པ་དེ་དག་བདེན་པར་སྨྲ་རྒྱུ་ཁས་བླངས་པ་དེ་ནས་བཟུང་། དྲི་བ་དེ་འདྲ་འདྲི་མཁན་ལ་ངོ་ཚ་བྱས་དེ་དྲི་ལན་དྲང་མོ་མ་བཏབ་པར་རྫུ་འབག་འཐིག་ པོ་ཞིག་གདོང་ལ་སྐོན་ནས་བསྡད་པ་དེ་ནི་གྲ་རྟའི་དབྱིངས་སུ་ཞུགས་མཁན་གྱིས་གྲ་བ་ དེ་དག་གི་ནོར་འཁྲུལ་རེད་ལ། གྲ་རྟའི་དབྱིངས་སུ་ཞུགས་མཁན་གྱི་གྲ་བ་དེ་དག་གི་ཁྲོད་ཀྱི་རེ་ཟུང་གིས་གྲ་ རྟའི་ས་མཚམས་བརྒལ་ནས་གྲ་བའི་སྤྱི་ཚོགས་ལས་བརྒལ་ནས་གྲ་རྟའི་སྲོལ་ཏེ་སྤེལ་ བཞིན་ཡོད་པ་དེ་ནི་དངོས་ནས་ཡག་པོ་རེད་མི་འདུག དཔེར་ན། ལྷ་ས་དང་རྒྱ་ནང་གི་སྨད་བཙོང་དེ་དག་གིས་མི་སྐྱ་སྐྲ་འབྲེག་ནས་ཡོད་མཁན་ཞིག་ མཐོང་མ་ཐག ཁོང་ཚོས་ཁྱེད་རང་ལ་ཕྱི་དགོས་སམ་ནང་དགོས་ཟེར་ནས་འདྲི་སྲོལ་ཞིག་དར་ཡོད་པ་དེ་ ནི་གྲ་རྟའི་ས་མཚམས་བརྒལ་བའི་བདེན་དབུང་རེད།
འདི་ལྟར་ངེད་ཅག་གིས་གྲ་ བའི་སྤྱི་ཚོགས་ཁྲོད་ཀྱི་གྲ་རྟའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་འདོད་ཡོད་ན། གྲ་སའི་ནང་གི་གྲ་རྟའི་མཁན་པོ་ཞིག་ལ་བཀའ་འདྲི་གསལ་བོ་བྱས་པ་ཡིན་ན་ལན་ཡག་པོ་ རེད་རེག་ངེས་ཡིན། རེད་ཡིན་ཡང་། ཧོལ་རྒྱུགས་བྱས་དེ་སྐད་ཆ་དེ་འདྲ་འདྲི་རྒྱུར་ཡིད་ལ་མ་དྲན། གང་ཡིན་ཟེར་ན་ད་དུང་ཡང་། སྐད་ཆ་དེ་འདྲ་གོ་མ་ཐག་ཁོང་ཁྲོ་བླངས་ནས་གཅར་བརྡུང་དང་བརྡུང་འདོད་མཁན་གྱི་གྲ་ རྟའི་དབྱིངས་སུ་འཐིམ་མཁན་གྱི་གྲ་བ་ཡང་མི་ཉུང་བ་ཞིག་ཡོད་པ་ཐུགས་སུ་འཛིན་ རོགས་ཞུ། མཐའ་དོན་མི་མང་བོ་ཞིག་གིས་གྲ་བའི་སྤྱི་ཚོགས་ལ་དད་མོས་བྱེད་སྟངས་དེ་ནི་གྲ་ རྟའི་སྒྱུ་རྩལ་བསྐོར་ཐོས་མ་ཐག ནང་ཆོས་ལ་དད་ཞེན་ལོག་སོང་ཟེར་མཁན་དེ་དག་ནི་རང་གིས་རང་ལ་ནོར་འཁྲུལ་བཟོས་པ་ ལས། གྲ་རྟའི་དབྱིངས་སུ་ཞུགས་མཁན་དེ་དག་གིས་ནོར་འཁྲུལ་མིན་ལ། རང་ཉིད་ཀྱིས་ནང་ཆོས་ལ་དད་ཞེན་བྱེད་ལུགས་ནོར་བས་རེད་ཟེར་ནས་བཤད་འདོད་བྱུང་།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཨ་རོ་ཨ་རིག་གླེན་པ། གང་འདོད་དང་གང་དྲན་མ་བྱེད་ལོ། བྷམ་དྷདཱུགྷཛ་ཛྷ ཛྷཎ བསྔགས་ཡིག་འདི་ལ་འགྲེལ་བཤད་ཅིག་འུ་ཡོད། སྨྱོན་པ་སྡོམ་ཤོར།
བོད་ཤ་ཁྲག་རུས་གསུམ་གྱིས་གྲྭ་རྟའི་སྐོར་དབྱེ་ཞུབ་བྱས་ནས་གསལ་བཤད་ཅུང་ཡག་པོ་བྱས་འདུག་མོད།ཡིན་ན་ཡང་སྐད་ཆ་དེ་ལ་ཐལ་ཆ་ཅུང་ཟད་ཤོར་བ་ནི་
ཁྱེད་ཀྱིས་དགེ་འདུན་པ་དེ་དག་གིས་གྲྭརྟའི་དབྱིངསསུ་རོལ་བ་ནི་ནོར་འཁྲུལ་ཞིག་གཏན་ནས་མིན་་ཟེར་བ་དེ་རེད།དེ་ནི་ནོར་འཁྲུལ་ཞིག་ཡིན་པ་མ་ཟད་ནོར་འཁྲུལ་ཆེན་པོ་ཞིག་རེད།
སྤུན་གྲོགས་གངས་རིའི་གླིང་བུ་ལགས། ཉིད་ཀྱིས་ང་རང་གི་རྩོམ་ཐུང་འདི་བཀླགས་རྗེས་སུ་ནང་དོན་ལ་དབྱེ་བ་ཅུང་ཙམ་ཞིག་གོ་བ་བླངས་དེ་འདི་ལྟར་གསུང་གནང་བ་དེར་ཐུགས་རྗེ་ཆེ། ང་རང་ཁྱེད་ཚང་གི་ཁྱིམ་གཞིས་ཟིན་བྲིས་སུ་ལྟ་བསྐོར་འགྲོ་རྒྱུ་ཡིན། དེ་ནས་ཐུག་ཆོག
སྤུན་གྲོགས་ཇིང་སྲས་མིག་གསུམ་པ་ལགས། ཉིད་ལ་ཐུགས་ཁག་མི་འདུག ཡིན་ཡང་། མི་དགའ་ཟེར་ནས་གང་ཡང་མི་ཕན། དེ་ལས་མི་དགའ་བའི་རྒྱུ་མཚན་གཅིག་ལས་གསུང་རྒྱུ་མེད་ཀྱང་རྗེས་ཕྱོགས་གསུང་རྒྱུར་འབད་བརྩོན་བྱེད་རྒྱུ་ནི་ང་རང་གི་རེ་བ་ཡིན།
དགོངས་དག་ཅུང་ཐུགས་ལ་ཕོག་ཡོད་པ་འདྲ་ཡིནའང་༧གོང་ས་མཆོག་དང་གྲྭ་བ་ཁ་གཏོང་མཁན་ཚོ་གཞན་གྱི་རྒྱུག་ཁྱུ་ཁོ་ན་ཞིག་རེད་བསམ་གི་འདུག་ཁྱོས་ཀྱང་བསྟོད་པའི་ཚུལ་གྱིས་སྨད་པ་ཞིག་བྱས་འདུག་པས་ནང་དཀྲུགས་བྱེད་མཁན་འདི་ཚོ་མི་དགའ་གི
རྒན་རབས་པ་ལགས།ཁྱེད་ཀྱིས་བཤད་པ་བཞིན་ངས་ཀྱང་ནུས་ཚོད་ཀྱིས་སེང་རྡོར་ལ་ཆུ་དང་སྙོག་མ་སོ་སོར་ཕྱེ་ན་བཟང་ཞེས་བའི་རྩོམ་ཡིག་ཞིག་ཧི་གཟུགས་ཟིན་བྲིས་སུ་བཀོད་པ་ཡིན།ང་རང་བློ་ཕམ་པ་ཞིག་ལ་སྐྱ་སེར་ཕོ་མོ་མང་ཆེ་བས་དེ་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་དང་སྐད་ཆ་བཤད་པ་ལས་གསལ་བྱེད་དང་དངོས་ཡོད་བཤད་མཁན་ཉུང་ཉུང་རེད།ཁྱེད་ཀྱིས་གསལ་བྱེད་དང་བདེན་ཐོག་ནས་ཁ་གྲགས་བ་ལ་ཡི་རངས་དང་བསྔགས་བརྗོད་ཡོད།ད་དུང་མུ་མཐུད་དུ་དེ་སྐོར་ལ་གསལ་བྱེད་དང་དངོས་ཡོད་ཀྱི་གནས་ལུགས་བྱེད་པའི་རེ་བ་ཡོད།དེའི་རྐྱེན་གྱིས་བདག་གིས་ཀྱང་གྲྭ་བའི་སྤུས་ཀ་མཐོར་འདེགས་གཏོང་རྒྱུ་སྐོར་ལ་ཟིན་བྲིས་ཤིག་སྤེལ་ཡོད་པ་ལ་ཁྱེད་ཀྱིས་བླང་དོར་གྱིས་བློ་མིག་ཞིག་འབྱེད་རོགས།
སྙིང་ནས་བརྩེ་བའི་སྤུན་གྲོགས་ཇིང་སྲས་མིག་གསུམ་པ་ལགས། ཉིད་ཀྱིས་ང་རང་ལ་སེང་རྡོར་གྱི་རྒྱུག་ཁྱིར་འབོད་གནང་བ་དེར་སྐུ་ཉིད་ཀྱིས་གཏན་ནས་བསམ་གཞིགས་མ་བྱས་པར་འོལ་ཚོད་ཀྱི་སྐད་ཆ་རང་རེད། ངས་སེང་རྡོར་གྱི་རྒྱུག་ཁྱི་ཞིག་གཏན་ནས་མི་ཉན་པ་མ་ཟད། དེ་འདྲ་བྱེད་འདོད་ཀྱི་བསམ་བློ་ནི་གཏན་ནས་སེམས་ཁོང་དུ་ཤར་མྱོང་མེད་པ་ཐུགས་སུ་འཇག་པར་འཚལ། ལྷག་པར་ཏུ་དེང་དུས་ཀྱི་གནས་སྐབས་འདི་ལ་ང་རང་ལྟ་བུ་ཞིག་གིས་མི་སུ་ལ་ཡང་རྒྱུག་ཁྱི་ཞིག་བྱེད་འདོད་མེད་པ་ཐུགས་ལ་བཟུང་། གལ་ཏེ། རྒྱུག་ཁྱི་ཞིག་བྱེད་དགོས་བྱུང་ཉིན། ང་རང་ནི་བོད་པ་ཚང་གི་རྒྱུག་ཁྱི་ཞིག་བྱེད་རྒྱུ་ཡིན་ལ། དེའི་ཆེད་དུ་རྒྱུག་ཁྱི་ང་རང་ཉིན་མཚན་མེད་པར་འདུར་རྒྱུ་ཡིན། དེ་ནི་ང་རང་གི་བསམ་ཕྱོགས་དངོས་ཡིན་པ་ཐུགས་ལ་བཟུང་།
གྲྭ་རྟའམ་ཡང་ན་གྲྭ་ལྟ་ཟེར་བ་འདི་གྲྭ་བ་ཚོ་ངན་སློང་དང་སྒྲོ་འདོགས་ཁོ་ན་ཞིག་རེད་བསམ་གི་ད་དུང་སེང་རྡོར་གི་སྐད་ཆ་དེ་ཁྱོས་འཇུག་སྐྱོང་གི་ཡོད་འདྲ་ཞིག་མཐོང་སོང་། གང་ལྟར་སོ་སོས་སྐད་ཆ་ལ་འགན་འཁུར་ཡང་དག་ཞིག་དང་ཡང་ན་བདེན་པ་ཡང་དག་ཞིག་མཁོ་བས། ཁྱོད་བདེན་དབང་ར་སྤྲོད་ཅི་ཞིག་ཡོད། རེ་བ་ཡིན་ན་གཞན་གྱི་རྒྱུག་ཁྱི་མ་བྱས་ན་བཟང་གི་སྙམ།བོད་མིང་ཅན་ལགས་སུ།
སྤུན་གྲོགས་མི་ཞུན་ལགས། ཉིད་ཀྱིས་དྲི་བ་འདྲི་ས་དེས་ཁྱེད་རང་ལ་གྲ་ལྟ་ཟེར་ནས་བཤད་དོན་གང་ཡིན་ངས་ཤེས་མ་སོང་། ང་རང་གིས་ཤེས་གསལ་ཡིན་ན་གྲ་བ་རྟ་ཞོན་མཁན་ཟེར་བ་ལྟ་བུ་མིན་འགྲོ་སྙམ། དཔེར་ན་བླ་མ་རྟ་ཐོག་ཟེར་བ། རྟ་ཐོག་མདུང་འཛིན་སོགས་གང་ལ་བལྟས་དེ་ཡོང་ན་གྲ་རྟ་ལས་གྲ་ལྟ་ཞིག་ཡིན་སྣང་ཤར་གྱི་མི་འདུག འདི་ནི་ང་རང་གི་ལྟ་ཚུལ་གཅིག་བུ་མ་ཡིན་པར་གྲ་བའི་སྤྱི་ཚོགས་ཁྲོད་ནས་འབོད་སྟངས་ནི་དེ་འདྲ་རེད། གྲ་ལྟ་ཟེར་ནས་བྲིས་པ་ཡིན་ན་གཏན་ནས་འགྲིག་སྣང་ཞིག་ཤར་གྱི་མི་འདུག འོན་ཀྱང་། དྲ་གྲོགས་གཞན་ལ་དེའི་ཐད་ཀྱི་བསམ་ཚུལ་བཤད་འདོད་ཡོད་ན་སྐུ་ཉིད་ལ་ལན་རེ་ཡོད་ངེས་རེད། ང་རང་གི་ཤེས་པ་ནི་འདི་ཙམ་ལགས་སོ།
ཨ་ཁུ་བོད་ཤ་ཁྲག་རུས་གསུམ་ལགས། དོན་ངོ་མ་གྲྭ་རྟ་རེད་དམ་གྲྭ་ལྟ་རེད། ངའི་གྲོགས་པོ་ཞིག་གིས་བཤད་ན་གྲྭ་ལྟ་རེད་ཟེར། འོན་ཀྱང་ཁྱོད་ཚོ་ཚང་མས་གྲྭ་རྟ་ཞེས་འབྲི་གིན་འདུག གྲྭ་རྟ་དང་གྲྭ་ལྟ་གཉིས་ཀྱི་དག་ཆ་ངོ་མ་དེ་གང་ཡིན་ནམ། དོན་དག་གི་ཆ་ནས་ངས་ཅི་ཞིག་བཤད་ཀྱིན་ཡོད་མེད་མགོ་ཚོས་ཀྱི་འདུག གལ་སྲིད་ཁྱེད་ཀྱིས་མི་ཤེས་ན་སྙིང་ཉེ་བའི་དྲ་གྲོགས་སུས་ང་ལ་ལན་གསལ་ཞིག་བསྐྱོན་པ་ཡིན་ནའང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ད་དུང་དགེ་ཆོས་ཀྱིས་འདོད་པའི་མི་ལ་འདོད་པ་སྤྱིན་པ་ན།། དགེ་བ་མེད་ཀྱང་སྡུག་པ་ག་ལ་ཡོད་ཟེར་བ་ཞིག་ཀྱང་ཡོད། ཕན་ཚུན་ལ་འདོད་མོས་བྱུང་བ་ཡིན་ན། བཙན་གཡེམ་ཟེར་བས་སྐད་ཆ་དེ་འདྲ་ཞིག་ཡོང་ས་གཏན་ནས་མེད་ཀི དེ་མིན་ཕར་ཕྱོགས་ལ་འདོད་མོས་གཏན་ནས་མེད་པར་ཚུར་ཕྱོགས་ནས་གཅར་བརྡུང་དང་བརྙས་བཅོས་བྱས་དེ་དེ་ལྟར་གནང་བ་ཡིན་ན་ནི། རང་གི་བདེ་བ་ལས་གཞན་གྱི་བདེ་སྡུག་ལ་ཁ་ཡ་མ་བྱས་པའི་ཉེས་པ་དངོས་ནས་ལྕི་མོ་རེད། ད་དུང་། གྲ་རྟའི་བསྐོར་གྱི་གནས་ཚུལ་དེ་རིང་ངེད་ཅག་གིས་ཡིག་ཐོག་ནས་གླེང་གཞིར་བཟུང་བ་ནི་སྔ་བོ་ཞིག་གཏན་ནས་མ་ཡིན་པར་བོད་ནང་ལོ་བདུན་ཕྱི་རྒྱལ་གྱི་དེབ་སྐད་གྲགས་ཅན་དེའི་ནང་དུ་ཡང་འདིའི་བསྐོར་གྱི་དོགས་སྣེ་ཞིག་ཡོད་པ་མ་ཟད། དེ་རིང་བར་ཏུ་ཕྱི་རྒྱལ་བ་མི་ཉུང་བ་ཞིག་གིས་དེབ་དང་ཚགས་པར་གང་རུང་དུ་མང་བོ་བཏོན་ཚར་བ་ཞིག་ཡིན་པ་མ་ཟད། ཤེས་ལ་མ་ཤེས་པ་ཞིག་གླེང་དེ་བསྡད་ཡོད་པ་རེད་ལ། འདིའི་ཐད་དུ་བླ་མ་རྟ་ཐོག་པ་དེ་དག་གིས་ཀྱང་སྤོམ་འདོག་གིས་གང་ཡང་མ་གོ་ཚུལ་བྱས་དེ་བཞུགས་ཡོད་པ་རེད། འདི་ལ་སྔ་ས་ནས་ནང་ཁུལ་གྱི་དཀའ་ངལ་ནང་ཁུལ་ནས་གཙང་མ་བཟོ་བའི་ལམ་ཞིག་བཙལ་ན་ལེགས་པོ་རེད། དེ་མིན་དེང་སང་ཕྱི་རྒྱལ་ཁག་ན་སྐྱ་མིན་སེར་མིན་མང་བོ་ཞིག་གིས་ག་རེ་བྱེད་བཞིན་ཡོད་པ་ཚང་མས་མི་ཤེས་ལ། དེའི་གནད་དོན་ཕྱི་ནས་ཤུགས་ཆེན་བསྒྲགས་ནས་འོང་དུས་ད་གཞི་ནས་ཚར་བ་རེད། དེ་ལས་ནང་ཁུལ་གྱི་དཀའ་ངལ་ནང་ཁུལ་ནས་སྟབས་བདེ་བཟོས་པ་ཡིན་ན་དངོས་ནས་ཡག་པོ་མེད་འགྲོ
ལྷག་པར་ཏུ་གཟུངས་བསྔགས་འདོན་མཁན་གྱི་ཨ་ཁུ་དགེ་མཐོང་ཚང་གིས་བསམ་བློ་ཡག་པོ་ཞིག་བཏང་ནས་ལན་རེ་གསུང་རོགས་ཞུ།
གྲྭ་རྟ་ཡིན་ནམ་འདིའི་སྐོར་དེའི་སྐོར་ནས་ང་ལ་ཡང་བཤད་རྒྱུ་ཞིག་ཡོད། ཉེ་བའི་ཉིན་ཞིག་ང་དང་བོད་མི་གཞན་ཞིག་ཕྱི་རྒྱལ་བ་ཁ་ཤས་དང་མཉམ་དུ་གླེང་མོལ་བྱས་ནས་བསྡད་པ་ཡིན། ཕྱི་རྒྱལ་བ་ཞིག་གིས་བོད་ཀྱི་གྲྭ་བ་ཚོས་མཚན་མཐུན་ཆགས་སྤྱོད་བྱེད་ཀྱིན་རེད་ཟེར། དེ་བདེན་པ་རེད་དམ་ཟེར་ནས་དྲིས་བྱུང་། ངའི་གྲོགས་པོ་བོད་མི་དེ་རིག་པ་མྱུར་བོ་ཞིག་འདུག ཁོས། དེ་གང་ཤེས། གྲྭ་བ་ཚོ་དགོན་པའི་ནང་བསྡད་ཡོད་སྟབས་ཁོང་ཚོས་ག་རེ་བྱེད་ཀྱིན་ཡོད་མེད་ང་ཚོས་གང་ཤེས་ཟེར། ངས་འགྲེལ་བཤད་གསལ་པོ་རྒྱག་ཁུལ་བྱས་པ་ཡིན། སྤྱིར་བཏང་མིའི་རིགས་ཀྱི་ཆགས་སྡང་དང་འབྲེལ་བའི་བྱ་སྤྱོད་དེ་ཚོ་བོད་མིས་འདི་དང་འདི་བྱེད་ཀྱིན་མ་རེད་ཟེར་ག་ལ་ཐུབ། དེ་འདྲ་བྱེད་མཁན་ཡོད་སྲིད་པ་རེད། ཡིན་ན་ཡང་བོད་བརྒྱུད་ནང་ཆོས་ཀྱི་གཞུང་ལས་དེ་འདྲ་བྱེད་པ་གནང་ཡོད་པ་དང་ཡོངས་གྲགས་སུ་བྱེད་ཆོག་པ་དེ་འདྲ་མ་རེད་ཅེས་ལན་འདེབས་ཁུལ་བྱས་པ་ཡིན།
ཁ་དང་བཤང་ལམ་མ་ཡིན་པའི་མཚན་མཐུན་ཆགས་སྤྱོད་དང་། རང་འབྱིན། མོའི་དབང་པོ་མ་ཡིན་པའི་ལམ་གཞན་བརྟེན་པ་སོགས་གང་ཡིན་ཡང་འདུལ་བའི་ལྟུང་བ་སྡེ་ལྔའི་རིམ་པ་གཉིས་པ་ལྷག་མའི་སྡེ་ཚན་གྱི་གྲས་རེད། སྤྱིར་བཏང་ང་ཚོའི་གྲྭ་ས་ཆེན་པོ་འདི་ཚོས་འདུལ་བ་འདི་སློབ་ཚན་ཚང་མའི་མཇུག་ཏུ་བཞག་ཡོད་སྟབས་དེའི་གནད་འགག་གསལ་པོར་མ་ཤེས་ནས་འདྲ་མི་འདྲ་བྱས། ཐ་མ་བླ་རྒན་དབུ་སེ་རིལ་ལེ་བ་ཞིག་ཆགས་དུས་གཞི་ནས་འདུལ་བ་སྦྱངས་ཡོང་སྐབས་རང་ལ་སྡོམ་པ་ཚད་ལྡན་ཞིག་མེད་པ་ཤེས་ཀྱང་། སྡོམ་པ་ཡོད་དུས་འདུལ་བ་མེད། འདུལ་བ་ཡོད་དུས་སྡོམ་པ་མེད་ཅེས་པ་དེ་བྱུང་ཟིན་པས་འཕྱི་དྲགས་ནས་ངན་པ་ལངས་ལ་ཤོར་བ་བཟློག་མ་ཐུབ་པ་ཞིག་རེད་སྙམ།
སྤྱིར་བཏང་གནད་དོན་འདི་མང་པོ་ཡོད་ས་དེ་དགེ་ལུགས་པའི་དགོན་པ་ཆེ་གྲས་དེ་ཚོ་གཙོ་བོ་ཡིན་པ་འདྲ། དེ་ལ་རྒྱུ་མཚན་གཉིས་འདུག གཅིག་ནས་དགེ་ལུགས་པའི་དགོན་སྡེ་དེ་ཚོ་མོ་ཁྲིམས་དམ་པོ་རེད། གཉིས་ནས་འདུལ་བ་སློབ་སྦྱོང་བ་རྒྱུ་དེ་སློབ་ཚན་ཚང་མའི་གཞུག་ཡིན་སྟབས་དེ་ལ་ཉེས་པ་ཚབ་ཆེན་ཡོད་པ་མི་རྟོགས་པ་རེད། ཕྱི་རྒྱལ་ལ་མཚོན་ན་ཡང་སྤྱིར་བཏང་གི་མཚན་མཐུན་ཆགས་སྤྱོད་པ་ཙམ་མ་ཡིན་པའི་ཁྲིམས་འགལ་གྱི་མཚན་མཐུན་ཆགས་སྤྱོད་བྱེད་མཁན་མང་པོ་ཡོང་ས་དེ་ཚངས་སྤྱོད་ཀྱི་ཁྲིམས་ལ་གནས་པའི་གྲྭ་བ་དང་། དམག་མི། བཙོན་པ་སོགས་བུད་མེད་བརྟེན་མི་ཐུབ་མཁན་དེ་འདྲ་རེད་འདུག ད་མང་པོ་བཤད་རྒྱུ་ཡོད་ཀྱང་དེ་རིང་དེ་ཙམ་གྱིས།
སྤྱིར་བཏང་འདུལ་བ་ལས་བཀག་ཡོད་ཀྱང་བླ་རྒན་ཚོས་གྲྭ་ཆུང་ཚོར་དེ་འདྲ་བྱས་ན་ཡུལ་ཁྲིམས་དང་འགལ་བ་ཡིན་སྟབས་ངོ་ཚ་ཆེན་པོ་མི་ཉོ་བའི་ངེས་པ་མི་འདུག དེ་མིན་ན་མཉམ་པ་ཚོ་དང་ལྷན་དུ་ག་རེ་བྱས་ཀྱང་ཆོས་ཕྱོགས་རང་ནས་མ་གཏོགས་ཡུལ་ཁྲིམས་སོགས་ལ་དེ་ཙམ་འགལ་མེད་པས་ང་ཚོས་ཇུས་གཏོགས་ཆེན་པོ་བྱེད་དགོས་པ་ཞིག་མ་རེད་།
བྱིས་པ་ལ་ཆགས་སྤྱོད་བྱེད་པ་འདི་ཡུལ་ཁྲིམས་དང་འགལ་བ་ཚབ་ཆེན་ཡིན་ཚུལ་དང་ཡེ་ཤུའི་ཁ་ཐོ་ལིག་གི་གྲྭ་བ་ཚོས་ཀྱང་ངོ་ཚ་ཆེན་པོ་ཉོ་བཞིན་ཡོད་ཚུལ་སོགས་ང་ཚོའི་བླ་རྒན་ཚོའི་སྙན་ལམ་དུ་འཁྱོལ་བ་བྱེད་དགོས་ཀྱིན་འདུག མདོར་ན་བླ་རྒན་ཚོ་ལ་ཟབ་སྦྱོང་སྤྲོད་དགོས་ཀྱིན་འདུག སྤྱིར་བཏང་ཁོ་རང་ཚོས་ཚུལ་ཁྲིམས་ག་ཚོད་ཙམ་བསྲུང་མིན་ཁོ་རང་ཚོས་གང་བྱེད་ལས་ང་ཚོས་ཅུས་གཏོགས་བྱེད་དགོས་དོན་མེད་ཀྱང་། བོད་ཀྱི་གྲྭ་བས་བྱིས་པ་ལ་བཙན་གཡེམ་བྱེད་ཀྱིན་འདུག་ཟེར་རྒྱུ་བྱུང་ན་ལུགས་གཉིས་གང་ཐད་ནས་བདེ་བོ་ཞིག་མ་རེད།
མཁས་དབང་དགེ་ཆོས་ཀྱིས། འོས་པའི་ལས་རྣམས་དངོས་སུ་བཀག་ན་ཡང་། །མི་འོས་ལས་རྣམས་ལྐོག་ཏུ་བྱེད་ངེས་པས། །ཞེས་པ་འདི་འདྲ་ལ་གསུངས་པ་མིན་ནམ།
བསྔགས་དེ་ཀློག་མི་ཤེས་ན་ཁ་རོག་གེར་གཉོམ་ཆུང་ངང་འདུག་རོགས།
ཉིད་ཀྱིས་དད་པ་དག་སྣང་ནི་དེ་འདྲའི་རིན་གོང་ཆུང་ཆུང་ཞིག དེ་འདྲའི་སླ་བོ་ཞིག དངོས་ནས་བོད་པ་ཚང་གི་མི་ཕལ་ཆེ་བ་འདི་འདྲའི་འགྱུར་སླ་མོ་ཞིག་ཡིན་རྒྱུ་མ་རེད། དེ་ནི་ང་རང་གིས་རེ་བ་ཡིན།
ཨ་རིག་དགེ་མཐོང་ལགས་ཉིད་ཀྱིས་ངག་གྲོལ་ཐུབ་ཀྱི་མེད་པ་འདྲ། ཁག་མེད། ངས་དེ་ལ་བསམ་ཤེས་བྱེད་ཐུབ་ཀྱི་ཡོད། ཡིན་ཡང་། བསམ་ཤེས་མི་ཐུབ་མཁན་མང་བོ་ཞིག་བོད་ཕྱི་ནང་གཉིས་སུ་ལྡུམ་པུ་སྐྱེ་སྐྱེ་བྱོས་དེ་ཡོང་གི་འདུག དེ་དུས་སྐུ་ཉིད་ཀྱིས་བདེན་པའི་སྒོ་ནས་ཁ་རེ་གྲགས་ཤིག
དྲང་མོ་བཤད་ན་ངས་གྲྭ་རྟ་ལ་འགྲེལ་བཤད་ཅི་ཡང་རྒྱག་ཤེས་མ་སོང༌ལ་གོ་བའང་ལེན་ཤེས་མ་སོང་། བློ་ཕམ་ཞིག་དང་མཉམ་དུ་མགོ་བོ་ས་རུ་ལྷོང་བ་ལས་གཞན་ངས་ད་དུང་འདིའི་སྐོར་ལ་བསམ་བློ་མང་པོ་ཞིག་གཏོང་དགོས་ལ། རྒྱལ་སྤྱིའི་རང་བཞིན་གྱི་གསར་ལམ་ལ་ག་དུས་ཁྱབ་སྐབས། དེའི་དུས་བོད་དོན་ཕར་བཞག་ང་ཚོའི་དགོན་སྡེ་ཁག་དཀའ་ངལ་ལྷག་མ་ཞིག་ཕྲད་པ་སྨྲས་ཅི་དགོས། དགེ་ཚུལ་སློང་གི་སྡོམ་པ་ཞེས་དེ་གང་ལ་ཁུངས་གཏུགས་དགོས་རེད། ཚུལ་ཁྲིམས་ཞེས་པའི་དོན་གང་རེད། མི་ཞིག་ཡིན་པའི་ཆ་ནས་འདོད་ཆགས་མེད་པའི་སྐྱེ་བུ་ཞིག་མེད་པ་བདེན་མོད། ངས་འདིའི་སྐོར་ལ་ད་དུང་བསམ་བློ་ཕོག་གིན་མི་འདུག ང་ཚོས་ངོམ་བཞིན་པའི་ང་ཚོའི་བོད་པ་ལ་ནང་སེམས་ཀྱི་ཕྱུག་པོ་ཡིན་ཟེར་བ་དེའང་ཐུག་ས་གྲྭ་བ་ཡིན་པས་གྲྭ་བའི་སྤྱི་ཚོགས་ཁྲོད་ཡང་འདི་འདྲིའི་ཆགས་སྤྱོད་ཀྱི་ལྐོག་ཟ་རུལ་ཟུང་གི་་ལམ་ཁ་ཞིག་གསང་སྤས་བྱས་ཡོད་པ་དེས་ངའི་དད་པ་དང་ཡིད་ཆེས་ཐ་རུ་བསྒྱུར།
བྷམ་དྷདཱུགྷཛ་ཛྷ ཛྷཎ