མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ཞེན་ལ་ངོ་རྒོལ་སུས་ཀྱང་བྱས་མེད་པ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ལྷམ་ ཀོག་ལགས། ཉིད་ཀྱིས་ད་རེབ་ཝང་ལི་ཞོན་གྱི་རྒྱ་ཞེན་ཆེ་བ་དང་རྒྱ་རིགས་རིང་ལུགས་སོགས་ལ་ བསྟོད་པ་བྱས་འདུག དེ་ལ་བྱོས་ཀྱང་ཆོག་གི་རེད། ཡིན་ཡང་། ཉིད་ཀྱིས་མ་ཤེས་པའི་གནད་དོན་དེ་ནི་ཁོ་རང་བོད་པར་འགྱུར་དགོས་ཟེར་ནས་སུས་ཀྱང་ འུར་བརྒྱབ་ཡོད་པ་མ་རེད་ལ། དེ་ལྟར་བྱས་པ་ཡིན་ན་མ་འགྲིག་པ་དེ་ཡང་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད། ལྷག་པར་ཏུ་ཁོ་རང་ལ་རྒྱ་རིགས་ཀྱི་ཞེན་ཁོག་ལ་རྒྱ། རྒྱ་རིགས་ཆེན་མོ་ལ་སེམས་འཁུར་ཡོད་པ་དེ་དག་ལ་སུས་ཀྱང་ངོ་རྒོལ་གནང་ཡོད་པ་མ་ རེད། ཉིད་ཀྱིས་ཤེས་མེད་པ་དེ་ནི་དེ་རེད་འདུག ཁོང་ཚོས་ངོ་རྒོལ་བྱེད་ས་ནི་རྒྱ་རིགས་ཆེན་མོའི་ཁེ་ཕན་དང་རྒྱ་རིགས་རིང་ལུགས་ ཀྱི་ལྟ་བ་སྲ་མོ་དེའི་དོན་ཏུའམ། རྒྱ་རིགས་ཚང་གི་མ་འོངས་པ། རྒྱ་ནག་ཚང་གི་བདེ་སྐྱིད་ཀྱི་ཆེད་ཁོ་ན་ལས། རིགས་གཞན་དག་གི་ལོ་རྒྱུས་ཀྱི་རང་བཞིན་དང་དངོས་ཡོད་ཀྱི་དགོས་མདུན་སོགས་ལ་ འགན་མ་འཁུར་བར་ནམ་ཡིན་ཡང་། བོད་འདི་རྒྱ་ཁུངས་ལས་གཞན་ཏུ་མིན་ཚུལ་གྱི་བསམ་ཚུལ་སྒྲོག་པ་དང་ཁོ་ཚང་གི་ཁྱིམ་ ཚང་གི་བདེ་སྐྱིད་ཆེད་དུ་ངེད་ཚང་གི་རྒྱུ་དངོས་དང་ངེད་ཚང་གི་རིག་གཞུང་བཅས་ ཉམས་བཞིན་པ་དེར་འགན་མ་འཁུར་བས་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་བ་དེར་ངོ་རྒོལ་ བྱས་པ་རེད། ཁོ་ཚང་གི་དར་རྒུད་ལ་སེམས་བསམ་པའི་གཏིང་ནས་གཅེས་པ་ལྟར་ངེད་ཚང་ལ་གཅེས་དགོས་ ཟེར་ནས་སུས་ཀྱང་བཤད་ཡོད་པ་མ་རེད། ཁོ་ཚང་ཡར་རྒྱས་དང་སྟོབས་ཤིག་ལྡན་པ་ཞིག་འགྲོ་རྒྱུའི་ཆེད་དུ་ཐོག་མཐའ་བར་གསུམ་ ཏུ་གཡོ་སྒྱུ་ཁོ་ན་འཁྲབ་པ་དེར་འུ་ཚང་གི་མི་དེ་དག་གིས་ངོ་རྒོལ་བྱས་པ་ལས། ཁོ་རང་ཁོ་ཚང་གི་མི་སྣ་གལ་ཆེན་ཅན་ཞིག་ཆགས་ཡོད་པ་དེར་མ་དགའ་བ་དང་ཕྲག་དོག་ བྱེད་པ་སོགས་ཀྱིས་གནད་འགག་གང་ཡང་བྱུང་ཡོད་པ་རེད། ཁོ་ཚང་དེ་འདྲའི་སྟོབས་ཤུགས་ལྡན་པ་དེའི་སྒང་ལ་ངེད་ཚང་གི་ཉམ་ཆུང་དག་ལ་ཐུབ་ ཚོད་བྱེད་པའི་སྒང་ལ་ཁོས་ཀྱང་དེ་འདྲའི་སྐད་ཆ་ཕྱི་བརྫིག་ནང་སྟོང་གི་སྐད་ཆ་གང་ ས་ནས་གླེང་ན་ངེད་ཚང་གི་མི་དེ་ཚོས་ངོ་རྒོལ་བྱས་ན་འགྲིག་པ་ཞིག་ལོས་ཡིན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. sha tak ri sim says:
    ལོ་ 17 སྔོན།

    གངས་རིའི་གླིང་བུ་ལགས། ཉིད་ཀྱིས་བསམ་ཚུལ་དེ་ཡང་ཕྱོགས་གཅིག་ནས་མ་འགྲིག་པ་མེད་ཀྱང་། ཝང་ལི་ཞོང་ཁོ་རང་གིས་དེ་ལྟར་འདོད་ཐུབ་ཀྱི་ཡོད་མེད་མི་ཁོ་རང་གི་བསམ་བློའི་གནས་བབ་ཀྱི་བོད་ལ་ལྟ་སྟངས་ཤིག་དང་ནང་དགོས་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་གང་འདྲ་ཡོད་མེད་ལ་རེག་ལས་པ་ཞིག་ཡིན་པ་ལས། ངེད་ཅག་གིས་ཁོ་རང་ལྟ་བུ་ཞིག་ལ་གོ་སྐབས་སྤྲོད་ཐུབ་མིན་དེ་ནི་གནས་ཚུལ་གཞན་ཞིག་རེད་ཅེས་བཤད་ཆོག་པར་འདོད་ལགས།

    Reply
  2. ajamyang says:
    ལོ་ 17 སྔོན།

    ངས་བསམ་ན་ལྭང་ལེ་ཞོང་རྒྱ་ནག་གི་གསང་མྱུལ་བ་ཡིན་རུང་མིན་རུང་ཁོའི་བསམབློའི་རྒྱབ་ལྗོངས་དང་ང་ཚོའི་བདེན་པ་ཁོ་ལ་ཕྱི་གསལ་ནང་གསལ་བྱས་ནས་ར་སྤྲོད་རྒྱུ་གལ་ཆེན་ཞིག་རེད།གལ་ཏེ་ཁོས་ང་ཚོ་ཕྱི་གསལ་ནང་གསལ་ཡིན་པ་སེམས་སྟེང་ནས་ངེས་བ་རྙེད་ཞིག་སོང་ན་རྒྱ་ནག་གི་ཤེས་ཡོན་པ་གང་མང་ཞིག་རང་བཞིན་གྱིས་ཡིད་ཆེ་ཡོང་གི་རེད།གང་ཞེ་ན་ཁོ་ནི་རྒྱ་རིགས་མང་ཆེ་བ་ཞིག་གི་བསམ་བློ་ནང་གི་རྩོམ་པ་པོ་ཞིག་ཏུ་ཆག་་ཡོད་པ་རེད་

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    བྱེད་མཁན་གྱི་རྣམ་པ་ཞིག་བྱུང་བ་

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    ཡོན་ཏན་ལགས། གནོད་སྐྱོན་གང་ཡིན་དེ་ནི་སྤྱིའི་ཐག་གཅོད་པ་ཞིག་བྱུང་མེད་ཀྱང་། དེ་ནི་དགེ་སྐྱོན་གཉིས་ཀ་ཡོད་ཀྱང། དགེ་སྐྱོན་གཉིས་ལས་གང་ཤུགས་ཆེ་བ་དེ་རུ་ངོས་འཛིན་བྱེད་ངེས་རེད།

    མདོ་ལའི་འཁྱམས་པོ་ལགས། ཉིད་ཀྱིས་ངའི་ཟིན་བྲིས་སྟེང་གི་མོག་མོག་དེ་ཚོ་ཟ་འདོད་ཡོད་ན་ཁག་མེད། ང་རང་ལ་གསུང་དང་ངས་ཁྱེད་རང་ལ་བཟོས་དེ་ཁྱེད་རང་གང་དུ་བཞུགས་ཡོད་ན་དེ་རུ་བསྐྱེལ་ཨེ་ཐུབ་བལྟ་ཆོག གཅིག་བྱས་ན་ས་ཁ་ཐག་རིང་བས་བསྐྱེལ་ཐུབ་མེད་ན་ཡང་སྲིད། དེ་འདྲ་ཡིན་ན་དཔར་ལ་བལྟས་དེ་སེམས་པའི་ཟས་སུ་འགྱུར་བར་སྨོན།

    སེར་ལྷོ་བློ་བཟང་རྒྱ་མཚོ་ལགས། ཉིད་ཀྱིས་བསམ་ཚུལ་དེ་མ་རེད་ཟེར་དཀའ་མོ་རེད། ཡིན་ཡང་། སྐབས་དེ་ལ་ཞི་དྲག་གང་རུང་ནས་ངོ་རྒོལ་བྱེད་མཁན་མེད་པ་ལས་ངོ་རྒོལ་བྱེད་མཁན་གྱི་རྣམ་ཞིག་བྱུང་བ་དེ་ནི་ཡག་པོ་རེད། གང་ཡིན་ཟེར་ན་རྒྱ་ཝང་ལི་ཞང་ནི་རྒྱ་ནག་མི་རིགས་ནང་གི་ཤེས་ཡོན་མི་སྣ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པར་འུ་ཅག་གིས་བཤད་བཞིན་ཡོད་པ་ལས་རྒྱ་ནག་དུང་ཕྱུར་བཅུ་གསུམ་གྱིས་བཤད་ཀྱི་ཡོད་མེད་མི་ཤེས་ཀྱང་། རྒྱ་ནག་སྲིད་གཞུང་གིས་དཔོན་ངན་དེ་དག་གི་གང་ཙམ་རྒྱ་ཝང་གིས་འགྲོ་འདུག་ཤེས་ཡོད་ཚོད་རེད། དེ་ཡིན་དུས། རྒྱ་ནག་འོག་གི་རླབས་ཆེན་གྱི་དཔོན་པོ་རེ་ཟུང་ལ་རང་དབང་མ་སྤྲད་པར་བཙོན་ལ་འཇུག་འཕོད་ས་ནས་ཁོ་རང་ལ་འགྲོ་འདུག་གི་རང་དབང་ཡོད་པ་འདི་ནི་ཅུང་ཡ་མཚན་སྐྱེ་གཞི་ཆགས་ཡོད་པ་ནི་བཤད་མ་དགོས་པ་ཡིན་དུས། མི་འདིས་ད་རེབས་ཀྱི་སྐད་ཆ་བཤད་ཕྱོགས་ལ་བལྟས་ན་ཡང་། ཤེས་ཡོན་པ་ཞིག་གིས་སྐད་ཆ་བཤད་སྟངས་ནི་མིན་པ་ཤེས་ཀྱི་ཡོད། མི་གཅིག་གཉིས་ཤིག་གི་ངོ་རྒོལ་བྱས་པ་དེར་ཧ་ལས་པ་དང་ཧང་སངས་པ་མ་ཟད། སེམས་ཤུགས་ཀྱང་ཉམས་རབས་བཤད་པ་རེད། དེ་དག་གིས་གང་ཞིག་སྟོན་བཞིན་ཡོད་པ་རེད་ཟེར་ན། རྒྱུན་ཏུ་རང་ཡིན་ཟེར་བ་ལས་མི་གཞན་ལ་བརྩི་བཀུར་དང་བསམ་ཤེས་མེད་པའི་རྒྱ་གུང་ཁྲན་གྱི་བསམ་བློ་མཚོན་པ་ཡིན་ནོ།

    Reply
  5. logyam says:
    ལོ་ 17 སྔོན།

    གནས་ཚུལ་འདི་ལ་གླེང་ཕྱོགས་གཉིས་སུ་གྱེས་ཀྱང་དབྱེ་ཞིབ་བྱེད་དཀའ་བ་རེད།
    ཁོ་རྒྱ་མིའི་གསང་མྱུལ་ཡིན་མིན་དེ་གཙོ་བོ་མ་རེད། གལ་ཏེ་ཡིན་པའི་དབང་དུ་བཏང་ཡང་ཁོས་ང་ཚོ་ལ་གནོད་ཡང་གང་བསྐྱལ་མི་ཐུབ་། བཙན་བྱོལ་གཞུང་གི་ལངས་ཕྱོགས་ནི་ཕྱི་གསལ་ནང་གསལ་ཡིན་པས་གསང་མྱུལ་ཡིན་ནའང་ང་ཚོ་ལ་གནོད་པ་ལས་ཕན་ཐོགས་འབྱུང་སྲིད། ང་ཚོའི་གནས་སྟངས་
    འགའ་ཤས་རྒྱ་གཞུང་གིས་གསལ་པོ་མ་ཤེས་པ་ཡོད་སྲིད་པས་དེ་དག་ཤེས་པའི་ལྡེ་མིག་ཏུ་འགྱུར་རྒྱུ་ལས་མེད། དེ་་ཙམ་དུ་མ་ཟད་སྐབས་དེར་ངོ་རྒོལ་བྱེད་ཕྱོགས་ལ་ནོར་འཁྲུལ་ཅུང་ཟད་ཤོར་འདུག ཁོང་ཁྲོའི་རྣམ་པ་བསྟན་ན་མི་རིགས་གཉིས་ཀྱི་སེམས་ཁམས་སུ་བག་ཆགས་ངན་པ་འཇོག་སྲིད་པས་ཡག་པོ་རྩ་བ་ནས་མི་འདུག ང་ཚོས་མ་ནི་ལྟར་བགྲང་བཞིན་པའི་ཡ་རབས་བཟང་སྤྱོད་དང་འཚེ་མེད་ཞི་བའི་ལྟ་གྲུབ། གཞན་ཕན་ལྷག་བསམ་གྱི་སྟོབས་ཤུགས་དེ་དག་ལ་མི་གཞན་གྱིས་དམའ་འབེབ་བྱ་ཡུལ་དུ་མ་སོང་བར་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། དེར་བརྟེན་ད་རེས་ཀྱི་ངོ་རྒོལ་དེ་སྦྱོར་བ་རྩུབ་མོའི་ངང་ཚུལ་དུ་འདུག་པས་དེ་མ་པ་རེད། ང་ཚོས་ངོ་རྒོལ་བྱེད་བྱས་པ་ཡིན་ནའང་སྨྲ་བ་འཇམ་ཞིང་དོན་སྙིང་ཟབ་མོའི་ངང་ནས་བྱས་པ་ཡིན་ཕན་ཐོགས་ཆེ་བ་དང་། མི་རིགས་ཤིག་གི་རིན་ཐང་ལ་སུས་ཀྱང་སྨོད་པའི་ཡུལ་ལས་བརྒལ་བར་འགྱུར་རོ།
    ང་ཚོས་བྱ་བཞག་ཅི་ཞིག་བསྒྲུབ་ཀྱང་ཕུགས་རྒྱང་རིང་པོའི་བསམ་དང་འགྲོགས་ནས་རྒྱུ་མཚན་ལྡན་པའི་སྒོ་ནས་བྱེད་རྒྱུ་གལ་འགངས་ཆེ།

    Reply
  6. Kangpu says:
    ལོ་ 17 སྔོན།

    བཀླགས་ཚར། ཞེ་དྲག་ཡག་པོ་འདུག ཡིན་ནའང༌ཁྱེད་ཀྱི་ཟིན་བྲིས་ཐོག་ཏུ་བཀོད་པའི་མོག་མོག་ཟ་འདོད་སྐྱེས། ཧཧཧཧཧཧཧཧཧཧཧཧཧཧ

    Reply
  7. l.yonten says:
    ལོ་ 17 སྔོན།

    བོད་མི་དེ་རྣམས་ཀྱིས་ད་རིང་ལྦང་ལི་ཞུན་ལ་ངོ་རྒོལ་བྱས་པའི་གནས་ཚུལ་འདིས་གཅིག་བྱེད་ན་གནོད་ལས་ཕན་ཐོག་ཆེ་བ་ཞིག་ཏུ་ངོས་འཛིན་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese