ལོ་དང་ཟླ་བ་མང་བོ་ཞིག་གི་ཁྲོད་དུ་རང་ཉིད་ཀྱིས་རྒྱུས་ལོན་བྱས་པ་ལྟར་ན། བོད་གཞིས་བྱེས་གཉིས་ཀྱི་ནང་ནས་ཞིབ་དུ་བལྟས་དེ་སྐད་ཆ་དྲང་མོ་ཞིག་བཤད་པ་ཡིན་ན། བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཐད་ལ། བོད་ནང་གི་བོད་མི་དག་གིས་ལག་ལེན་གཙོ་བོ་བྱས་པའི་གྲུབ་འབྲས་ཤིག་ལོ་ངོ་བཅུ་ཕྲག་གཉིས་རིང་ལ་རྩིས་ཤིག་བརྒྱབ་ན། བོད་ནང་ནས་བོད་ཀྱི་སྐད་ཡིག་གི་ཐད་དུ་བཞག་པའི་བྱས་རྗེས་ནི་མི་ཆུང་བ་ནི་འདི་ལྟར། བོད་ཡིག་གི་སྟེང་ནས་གློག་ཀླད་དང་ལག་ཁྱེར་ཁ་པར་བཟོས་པས་མ་ཚད་བོད་མི་མི་ཉུང་བ་ཞིག་གིས་ཅ་དངོས་དེ་དག་དངོས་སུ་ཁྲོམ་རྭར་བཀྲམ་ཞིང་། བོད་མི་རིགས་ཀྱི་སྐད་ཡིག་གི་རིན་གོང་ཇེ་ཆེར་བཏང་སོང་ལ། གཞོན་སྐྱེས་ཆེས་མི་ཉུང་བ་ཞིག་གིས་བོད་ཡིག་གི་དྲ་རྒྱ་དང་དྲ་ཚིགས་ཆེས་མང་བོ་ཞིག་ལོ་ངོ་འདི་དག་གི་རིང་ལ་དགྱའི་བཙན་འོག་ནས་རང་ཤ་ལ་དྲོད་མ་ཡལ་བར་བྱས་རྗེས་རླབས་ཆེན་བཞག་སོང་། ཁ་ལས་ལག་ལེན་གཙོ་བོ་གནང་དེ་དགོན་སྡེ་དང་རི་གྲོང་ཡོད་ཚད་དུ་བོད་ཀྱི་སྐད་ཡིག་གི་དཔེ་དེབ་དང་དུས་དེབ། ཚགས་ཤོག་དང་གསར་འགྱུར་ལས་རིགས། ད་དུང་། གླུ་གཞས་གསར་རྙིང་གི་འདུ་ཚོགས་བསྐོང་ནས་བརྙན་འཁོར་དང་བརྙན་འཕྲིན། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་གློག་བརྙན་འཁྲབ་གཞུང་ཆེས་མི་ཉུང་བ་ཞིག་བོད་ས་སྟོད་སྨད་བར་གསུམ་ནས་བཟོས་ཡོད་པ་དེ་དག་གིས་གཞིས་ལུས་མི་མང་གི་གཙོ་བའི་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་རིགས་སྤུན་ཟླ་དག་ལ་རང་གི་སྐད་ཡིག་གི་རིན་ཐང་དང་རང་གི་སྐད་ཡིག་སྟེང་ནས་བོད་རིགས་སྤུན་དག་ལ་བསམ་པའི་འབྲེལ་ཐག་ཡོད་པ་བཟོས་ཤིང་སྔ་ན་མེད་པའི་བྱས་རྗེས་བཞག་སོང་། འདི་དག་ནི་ཁ་ལས་ལག་ལེན་གཙོ་བོ་གཉེར་མཁན་གྱི་གཞིས་ལུས་བོད་མི་དག་གི་མཛད་རྗེས་ཡིན་ལ། མཛད་རྗེས་འདི་དག་གསེར་གྱི་གླེག་བམ་ལས་ཀྱང་རྩ་ཆེན་ཡིན། འོན་ཀྱང་། བྱེས་པ་མི་ཉུང་བ་ཞིག་གིས་ད་དུང་དེ་དག་ལ་བསམ་ཤེས་དང་དེ་དག་གི་གདོང་ལེན་གྱི་དཀའ་ངལ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་རེད།
དེ་ལས་ཀྱང་དབའ་ངར་ཞུམ་མེད་ཀྱིས་རང་གི་སྐད་ཡིག་གི་ཚེ་སྲོག་གི་ཆག་འཇིག་ལ་སེམས་ཀྱིས་མ་བཟོད་པ་དང་མི་རིགས་ཤིག་འཇིག་རྒྱུར་སེམས་ནས་བསྲན་མ་ཐུབ་པར་གཞིས་ལུས་པ་དག་གིས་ཉིན་མཚན་ལྟོས་མེད་དུ་ངལ་བ་དང་དུ་བླངས་དེ། རི་གྲོང་དང་ཡུལ་སྲོལ་གོམས་གཤིས་ཀྱི་བདག་དབང་ཆེད་དུ་ཐ་ན་རང་གི་ཚེ་སྲོག་ཚུན་ཆད་བློས་གཏོང་བྱེད་ཀྱི་ཡོད་པ་རེད། དེ་དག་ལ་བྱེས་པ་དག་གིས་རྣ་བའི་གོ་ཡོད་ཚད་དང་མིག་གིས་རིག་ཡོད་ཚོད་ཡིན།
བོད་བྱེས་པ་དག་གིས་མགོ་བཀའ་བློན་ནས་གཞུག་སྤྲང་བོ་ཚུན་ཆད་ཚང་མས་ནམ་རྒྱུན་ཏུ། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཁ་གཡང་སྒྲོག་པ་ནི་བོད་ནང་ལས་ཤུགས་ཆེ་ཞིང་བོད་ནང་ལས་སྐད་གསེང་མཐོ། དོན་དངོས་ཐོག་བོད་ཀྱི་བཀའ་བློན་དག་གིས་རང་རང་གི་བུ་ཕྲུག་དག་ལ་ཡང་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཐར་ཕྱིན་པ་ཞིག་ཤེས་པ་ལས་དབྱིན་ཡིག་ལ་སློབ་སྤྱོང་བྱེད་རྒྱུའི་དང་དོད་ཀྱིས་ཕྱི་རྒྱལ་ཁག་དུ་བསྐྱེད་སྲུང་བྱས་ཡོད་ལ་བོད་སྐད་ཙམ་ཡང་མི་ཤེས་ཟེར་རྒྱུ་དཀའ་ན་ཡང་བོད་ཀྱི་སྐད་ཡིག་ཤེས་མཁན་ཞིག་བསྐྱེད་སྲུང་བྱས་ཐུབ་མེད་པ་རེད། ཐ་ན་གཞུང་ཞབས་དག་གིས་ཀྱང་རང་གི་སྐད་ཡིག་སྟེང་ནས་སྐུར་ཡིག་ཙམ་ཞིག་འབྲི་ཤེས་མཁན་ཕར་ཞིག་རང་གི་མིང་ཙམ་ཡང་རང་གི་སྐད་ཡིག་སྟེང་ནས་འབྲི་མཁན་དཀོན་པོ་ཆགས་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཆགས་ཡོད་པ་རེད་མོད། ད་དུང་། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སྐད་ཆ་ནི་ཚོགས་ཐོག་དང་གཏམ་བཤད་གང་ནས་གནང་ན་དེ་ནས་བཤད་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་ལ་གཅེས་པའི་རྒྱག་གཏམ་ཁོ་ན་གླེང་བཞིན། ཐ་ན་རང་སྐད་དུ་ཡོད་པའི་ཐ་སྙད་དག་ཀྱང་གཞན་སྐད་ལས་རང་སྐད་མི་ཤེས་པའི་མི་རབས་ཤིག་བསྐྱེད་སྲུང་བྱས་ཡོད། ད་དུང་། དེ་དག་ལ་སེམས་དང་བསམ་པ་དཀར་པོའི་སྐྱོན་བརྗོད་དང་དག་ཐེར་བྱེད་མཁན་རེ་ཟུང་ཞིག་ཐད་ཀར་གདོང་དུ་བླངས་ན། དེའི་མིང་ལ་རྒྱའི་སོ་ཉུལ་བ་དང་ནང་དཀྲུགས་བྱེད་མཁན་གྱི་འཕུང་འདྲེ་སོགས་བཏགས་ནས་བྱེས་པའི་སྤྱི་ཚོགས་ཁྲོད་ནས་རྒྱང་འཕུད་གཏོང་ཐུབ་བྱེད་ཀྱི་ཡོད་ལ། བོད་རིགས་སྤུན་ཟླའི་འདུ་ཤེས་ཟབ་མོ་ཞིག་གིས་ཕན་ཚུན་ལ་བསམ་ཤེས་དང་རོགས་རམ་བྱེད་པའི་བསམ་བློ་ནི་ཧ་ཅང་དཀོན་ལ། དཔལ་འབྱོར་ཁོ་ནའི་འགྲན་རྩོད་ཀྱི་རེ་བ་ཞིག་གིས་ཕྱི་རྒྱལ་ཁག་ལ་འགྲོ་རྒྱུ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐྱོབས་གསོ་རེག་ཐབས་སུ་ལོ་རྒྱུས་རྫུན་བཟོ་དང་མི་སྐྱ་བ་ཚོས་གྲྭ་བ་བརྫུ་མཁན་སོགས་མང་བོ་ཞིག་བྱུང་བཞིན་ཡོད་ལ། རང་གི་རྐང་གཉིས་དང་ལག་ཟུང་གཉིས་ལ་བརྟེན་ནས་དཀའ་ལས་རྒྱག་མཁན་ནི་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་འགྲོ་བཞིན་ཡོད།
དེ་བས་ཀྱང་རང་གི་སྐད་ཡིག་ལ་ཤ་ཞེན་དང་སྤྱོང་བརྩོན་བྱེད་པ་ལས་གཞན་ཡིག་ལ་འགྲམ་ཆུ་ཤོར་བ་དང་། གཞན་ཡིག་ཤེས་མཁན་ལ་བརྩི་བཀུར་དང་དགའ་ཞེན་བྱེད་པ་ལས། རང་གི་སྐད་ཡིག་ཤེས་མཁན་དང་རང་གི་སྐད་ཡིག་ལ་དུངས་ཤ་ཡོད་མཁན་དག་ལ་མཐོང་ཆེན་མི་བྱེད་པ་དང་བརྩི་བཀུར་མི་བྱེད་པ། བོད་ཡིག་ཤེས་མཁན་ནི་གྲྭ་ས་འགྲིམ་མཁན་ཞིག་ལས་བོད་སྤྱི་ཚོགས་འཚོ་བའི་ནང་དུ་དགོས་མཁོ་མེད་པར་ལྟ་མཁན་ནི་མཚན་མོའི་སྐར་ཚོགས་ལས་མང་ཞིང་། རང་གི་སྐད་ཡིག་ལ་གཅེས་ཞེན་དང་ཧུར་བརྩོན་བྱེད་མཁན་དག་ལ་ཐོངས་ཆེན་དང་བྱེད་མཁན་ནི་ཉིན་མོའི་སྐར་མ་ལས་དཀོན། ལོ་ངོ་ལྔ་བཅུའི་རིང་དུ་ས་ལག་འཐིལ་ཙམ་ཡང་མེད་ས་ནས། རང་གི་གཞིས་ཁྱིམ་ལྟར་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་ཡོད་པ་ཞིག་བཟོ་མཁན་༧ཁོང་གིས་བཀའ་དྲིན་ལ་བསམ་ཤེས་ཙམ་ཡང་མི་ཐུབ་མཁན་གྱི་གྲངས་འབོར་ཉིན་རེ་ནས་ཉིན་རེ་འཕར་བཞིན་ཡོད་ལ། བྱེས་པ་འདི་རིགས་ཀྱིས་བོད་ཡིག་སྤྱངས་པ་ལས་དབྱིན་ཡིག་སྤྱངས་དགོས་པར་རང་གི་བུ་ཕྲུག་དང་ཉེ་རིང་གྲོགས་པོ་སོགས་ལ་ཁ་བརྡ་སློབ་གསོ་བྱེད་པ་ལས། རང་ཉིད་དང་རང་གི་མེས་པོ་ཚོ་བྱེས་པ་ཆགས་དོན་ལ་བསམ་བློ་གཏོང་ཐུབ་ཀྱི་མེད་མེད་པར། ནམ་རྒྱུན་རང་གི་མི་རིགས་ཀྱི་ཆེད་དུ་ཁ་འགུལ་བ་ལས་ལག་ལེན་མེད་པར་གྱུར་ཡོད། ལྷག་པར་ཏུ་༧ཁོང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ལྔའི་རིང་ལ་བྱེས་པ་དག་བསྡོད་ས་དང་བསྡོད་ཡུལ་ལ་དཀའ་ངལ་མེད་པ་དང་། རང་གི་རིག་གཞུང་ལ་བདག་གཅེས་བྱེད་རྒྱུའི་མཐུན་རྐྱེན་ཚང་མ་༧ཁོང་ཉིད་གང་སར་ཕེབས་ནས་སྐུ་ཚེགས་མཐའ་མེད་པ་ཞིག་མྱོང་བས་གྲུབ་འབྲས་ཀྱི་བོད་ཁྱིམ་ལ་སློབ་གྲྭ་བརྒྱ་ཕྲག་ཁ་ཤས་ཤིག་ལ་ཟ་འཐུང་དང་སློབ་སྤྱོང་གི་མཐུན་རྐྱེན་འཛོམ་པ་བྱས་ཡོད་ཀྱང་། ཀླད་པ་དང་ཁོག་པ་རུལ་ནས་འགྲོ་བཞིན་པའི་བྱེས་པ་འདི་དག་གིས་ཁ་ལས་ལག་ལེན་བྱེད་ཐུབ་ཀྱི་མེད་སྟབས། སྐུ་གཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་ཀྱང་<ད་ལྟའི་འཆར་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་གི་སྲོག་མགོ་ཙམ་ཐོན་པ་འདི་ནི་བོད་ནས་ཡོང་མཁན་གི་བཀའ་དྲིན་ཡིན་པ་ལས། བྱེས་པ་དག་གིས་གང་ཡང་འཇོན་མེད་>ཚུལ་གྱིས་བཀའ་སློབ་མ་གསུང་ཀ་མེད་བྱུང་བ་རེད།
མཇུག་ཏུ་རྩོམ་ཡིག་འདིས་ནང་དུ་དམའ་འབེབས་བྱས་པ་དང་ནོར་འཁྲུལ་སོགས་ཀྱི་ཆ་གང་ཞིག་གཟིགས་ན་དེ་ལྟར་ཏུ་བདག་ལ་གསུང་དང་བདག་གིས་གང་ཤེས་པ་དེ་དག་མ་འཇོན་མ་ལོན་པའི་ཚུལ་གྱིས་ལན་འདེབས་རྒྱུར་འབད་བརྩོན་བྱེད་ངེས་ཡིན།
ལས་ཞོར་ཏུ་༢༧།༧།༠༩བྲིས་པ་ཡིན།
ཡིག་ནོར་དག་བཅོས་གནང་བར་བཀའ་དྲིན་ཆེ། གོང་གི་དྲིས་ལན་ལ་ད་དུང་བསམ་འཆར་འདྲི་རྒྱུ་ཡོད་ཀྱང་དུས་ཚོད་ཀྱིས་རྐྱེན་པས་རེ་ཞིག་གཞག།
ཤ་ཁྲག་རུས་གསུམ་ལགས།
ངས་སྔོན་མ་མོ་ཞིག་བཏབ་པ་ཡིན། ཁྱེད་ཉིད་ལུང་པ་གང་ཞིག་ཏུ་ཡོད་མེད་ཀྱི་སྐོར་རེད།
ངའི་མོ་ལུང་ནང་དུ་བབས་པ་དེ་དང་ད་ལྟ་སྐུ་ཉིད་བཞུགས་སའི་ལུང་པ་གཅིག་པ་གཅིག་རྐྱང་ཡིན་པ་འདྲ།
སང་ཉིན་ང་ལ་གཤིན་རྗེའི་ལམ་ཡིག་མ་སླེབས་ན་ངས་དོ་སྣང་ཆེན་པོས་དྲ་ཐོག་ཏུ་མྱུལ་ཆོག
ཤ་ཁྲག་རུས་གསུམ་ལགས།
ངས་སྔོན་མ་མོ་ཞིག་བཏབ་པ་ཡིན། ཁྱེད་ཉིད་ལུང་པ་གང་ཞིག་ཏུ་ཡོད་མེད་ཀྱི་སྐོར་རེད།
ངའི་མོ་ལུང་ནང་དུ་བབས་པ་དེ་དང་ད་ལྟ་སྐུ་ཉིད་བཞུགས་སའི་ལུང་པ་གཅིག་པ་གཅིག་རྐྱང་ཡིན་པ་འདྲ།
སང་ཉིན་ང་ལ་གཤིན་རྗེའི་ལམ་ཡིག་མ་སླེབས་ན་ངས་དོ་སྣང་ཆེན་པོས་དྲ་ཐོག་ཏུ་མྱུལ་ཆོག
བསེ་རུ་ལགས། ད་ལྟ་ང་རང་སྐར་མ་ཉི་ཤུའི་རྗེས་སུ་ལས་ཀར་འགྲོ་དགོས། དེ་རིང་དགོང་དྲོ་ང་རང་ལ་ལས་ཀ་ཡོད་པས་དྲ་ཐོག་ནས་ཐུག་ཐུབ་ཀྱི་མི་འདུག་ལགས། ཡིན་ཡང་། སང་ཉིན་སྐུ་ཉིད་ལ་དུས་ཁོམ་ཡོད་ན་ཕྱི་དྲོ་རྒྱ་གར་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་དྲ་སྟེང་ལ་ཕེབས་ཤོག་དང་དེ་ནས་ངེད་གཉིས་ཀྱིས་གླེང་མོལ་ལྷོད་ལྷོད་ཅིག་བྱེད་ཆོག སང་ཉིན་གཟའ་པ་སངས་རེད།
ཤ་ཁྲག་ལགས་དེ་རིང་དགོང་དྲོ་དུས་ཁོམ་ཡོད་ན་མཇལ་ཆོག
ང་གཉིས་གླེང་མོལ་ཐན་ཐུན་དེ་ངའི་ཟིན་བྲིས་སུ་དྲངས་ཡོད།
ཁྱེད་ཉིད་དྲ་ཐོག་ཏུ་ཕེབས་པའི་དུས་ཚོད་ངེས་གཏན་ཞིག་ཡོད་ན་ང་ལ་གསུངས་རོགས།
ང་ཡང་འདི་ན་ངེས་གཏན་གྱི་དུས་ཚོད་གཅིག་མེད་ཀྱང་དགོང་དྲོའི་དུས་ཚོད་ནི་ང་ལ་མཚོན་ན་ཆེས་རྩ་ཆེ་བའི་དུས་ཚོད་གཅིག་ཡིན། དེ་དུས་ངས་དྲ་རྒྱ་ཁག་གི་ནང་མྱུལ་ཞིབ་བྱེད་བཞིན་ཡོད།
དྲ་གྲོགས་ལགས།
ངའི་ལུང་པ་འདིར་དྲ་རྒྱའི་འབྲེལ་ལམ་དེ་ཡང་ཡང་ཆད་ཀྱིན་འདུག
ཁྱེད་ཉིད་དྲ་ཐོག་ཏུ་ཡོད་ང་སྒུག་རོགས།
ང་ལ་དུས་ཚོད་ཏོག་ཙམ་ཡོད་པས་ཕན་ཚུན་གླེང་མོལ་བྱས་ཆོག
ངས་སྐུ་ཉིད་འདི་བུད་སོང་ནི་རེད་དྲན་སོང་། དེ་འདྲ་རེད་མི་འདུག ཡིན་ཡང་། ངས་སླར་ཡང་ཉིད་ལ་སྨྱུག་མིང་བསྐོར་ལ་དྲི་བ་ཞིག་དྲིས་ཡོད། དེ་ལ་ཉིད་ཀྱིས་ལན་ཞིག་ལྷོད་ལྷོད་བྱས་དེ་བྲིས་ན་འགྲིག གང་ཡིན་ཟེར་ན་ང་རང་ལ་ལས་ཀ་ཞིག་སླེབས་སོང་། ད་ནི་སྐར་ལྔའི་རྗེས་སུ་འགྲོ་དགོས། ཉིད་ཀྱིས་གོང་གི་བསམ་ཚུལ་དེ་དག་ལ་དངོས་ནས་རིན་ཐང་ལྡན་པ་ཤ་སྟག་རེད་འདུག ངས་ཀྱང་མཚམས་རེ་རང་ཉིད་ནི་ཟིན་བྲིས་ཀྱི་ས་དམིགས་འཛིན་་མཁན་ལྟ་བུ་ཞིག་ཏུ་མཐོང་བཞིན་འདུག རེད། གང་ལྟར། ཁོམ་ལོངས་རེ་ཡོད་ས་ནས་སླར་ཡང་མཇལ་བར་སྨོན། དྲི་བ་དྲི་ལན་འདི་འདྲ་བྱས་པ་ཡིན་ན་དངོས་ནས་སྤུན་གྲོགས་ཚང་མར་ཕན་ངེས་རེད་སྙམ།
སྨྱུག་མིང་སྤྱད་པ་ནི་གདོང་པགས་གྱོན་པ་རེད་ཅེས་བཤད་ན་འགྲིག་ཀྱང་།
གདོང་པགས་གྱོན་མཁན་ཚོར་ཡང་རང་རང་གི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་རེ་རེ་ཡོད་ངེས། སྨྱུག་མིང་བེད་སྤྱོད་བཏང་བ་ཙམ་གྱིས་ལོག་བཤད་དང་ཁ་རྫུང་གཏོང་མི་ཉན།
སྨྱུག་མིང་འོག་གབ་སྟེ་སྤྱི་སྒེར་གང་རུང་ལ་ཉེས་མེད་སྐྱོན་འཛུགས་དང་སྒྲོ་འདོགས་སྐུར་འདེབས་རིགས་བྱེད་མཁན་ཚོའི་རིགས་ལ་ང་སྨྱུག་མིང་སྤྱོད་མཁན་གྱི་ཁྱུ་ཚོགས་ཁྲོད་ཡོད་ཀྱང་དེ་ལ་ང་ཡང་མི་འཐད་པ་ཡིན།།
གོང་དུ་དྲི་ཁག་གསུམ་བཀོད་འདུག་པས་
དྲི་ལན་དང་པོ། ཁང་གསར་ལགས་ཀྱིས་གསུངས་པ་དེ་བདེན་པ་རེད། ཟིན་བྲིས་དེ་སྤེལ་སྐབས་ཀྱང་བརྗོད་བྱའི་རིན་ཐང་གི་ཆ་ནས་སྤྱི་སྒེར་གཉིས་ཀར་ཕན་ཐོགས་པ་ཞིག་སྤེལ་ཐུབ་ན་དེ་ལས་དགེ་མཚན་ཆེ་བ་ཞིག་མེད། རང་སྐྱོན་མ་མཐོང་བར་ཕྱི་ལ་མཛུབ་མོ་རྐྱང་རྐྱང་བཙུགས་བསྡད་མཁན་གྱི་ཟིན་བྲིས་པ་ཞིག་ཡིན་ན། དེ་ནི་རང་ཉིད་ཀྱིས་རང་ཉིད་བརླག་མཁན་གྱི་ཅོལ་ཆུང་ཞིག་ཡིན་སྟབས་དེ་རིགས་ཟིན་བྲིས་མ་སྤེལ་ན་དགའ།
དྲི་ལན་གཉིས་པ། དེ་ནི་གང་ཟག་སོ་སོའི་ལས་བྲེལ་དང་དྲ་རྒྱའི་མཐུན་རྐྱེན་ཡོད་མེད། དངུལ་ཁུག་ནང་དུ་དངུལ་ཡོད་མེད་ཚུན་ནས་བལྟོས་དགོས་སྟབས། ཟིན་བྲིས་དོ་རའི་ཁྲོད་ས་མིག་འཛིན་ཐུབ་ཙམ་བྱས་ཏེ་བསྡད་ན་དེ་ནི་གོ་སྐབས་བཟུང་བ་ཙམ་ལས་གོ་སྐབས་བེད་སྤྱོད་མ་བཏང་བར་ཡོད་ཚད་གྲུབ་པའི་སྣང་བ་དག་སྟེ་གནས་ན་དེ་ནི་ཡོད་ལས་མེད་པ་དགའ། ཟིན་བྲིས་ཟླ་རེ་ནང་དང་བདུན་རེའི་ནང་ཚད་གཞི་འདི་ཙམ་སྤེལ་དགོས་ཞེས་ངས་ཞུ་ཐུབ་པ་མི་འདུག ང་ལྟ་བུར་མཚོན་ན་དཀའ་ཚེགས་དང་དུས་ཚོད། མཐུན་རྐྱེན་སོགས་ཀྱི་ཐད་ནས་བར་གེགས་ཧ་ཅང་ཆེ།
དྲི་ལན་གསུམ་པ། ཟིན་བྲིས་ནང་ལ་རང་གི་ཁ་ནས་གང་ཐོན་བཤད་ནས་དེ་ལ་འགན་འཁུར་མེད་པའི་རིགས་ནི་རྒྱ་མཚོ་ལ་རྡོ་གཡུགས་པ་ལྟར་དང་། བཤད་ཤེས་ཀྱང་ཉན་མི་ཤེས་མཁན་གྱི་རིགས་ནི་རང་ལྟ་མཆོག་འཛིན་ཅན་དང་། དུས་རྟག་ཏུ་རང་བདེན་པ་དང་གཞན་རྫུན་པར་འགྲེལ་མཁན་རྣམས་ནི་དཔྱོད་ཤེས་ཀྱི་མིག་ལྡོངས་པ་རེད་སྙམ། ང་ཚོས་བགྲོ་གླེང་གི་བརྗོད་གཞི་རྒྱ་ཆེ་ཆུང་གང་འདྲ་ཞིག་ཡིན་ན་ཡང་གནས་ལུགས་དང་རྒྱུ་མཚན་གྱི་རྗེས་སུ་འགྲོ་དགོས་པ་ལས། རི་བོང་ཅལ་འདྲོགས་དང་། ཆུ་སྣ་གར་ཁྲིད་ཀྱི་ངང་ཚུལ་འཛིན་པ་ནི་དོ་ར་འདིར་གདན་གྲལ་ཞིག་འཛིན་པར་སླེབས་ན་དེ་ནི་ཆེས་ངལ་བའི་རྒྱུ་ལས་མ་འདས།
དྲ་གྲོགས་ལགས། བྲེལ་འཚུབ་ངང་དྲི་ལན་འདི་བཏབ་ཡོད།
ང་དང་སྐུ་ཉིད་ལྟ་བའི་མི་ཉུང་བ་ཞིག་གིས་སྨྱུག་མིང་སྤྱད་དེ་ཟིན་བྲིས་གཉར་ཡོད་པ་རེད། འདི་ལ་དྲ་ཐོག་གི་སྤུན་ཟླ་མི་ཉུང་བ་ཞིག་གིས་གདོང་འབག་གོན་མཁན་ཟེར་ནས་འབོད་ཀྱི་ཡོད་ལ་གདོང་འབག་གོན་ནས་སྐད་ཆ་བཤད་པ་ནི་འགན་འཁུར་མ་བྱས་པའི་ལས་རེད་ཟེར་གྱི་ཡོད་པ་རེད། འདིའི་ཐད་དུ་སྐུ་ཉིད་ལ་བསམ་ཚུལ་ག་རེ་ཡོད་དམ།
བསེ་རུ་ལགས། ཉིད་རང་ཁོམ་པ་མེད་པ་འདྲ། དུས་ཚོད་ཅིག་བྱུང་དུས་སླར་ཡང་ངའི་དྲ་ཐོག་གི་སྤུན་ཟླ་དག་ལ་དྲི་བ་འདི་དག་གི་བསྐོར་ཞིག་འདྲི་འདོད་ཡོད་ལ། དེ་དུས་སྐུ་ཉིད་ཀྱང་མཉམ་ཞུགས་གནང་རྒྱུ་མ་བརྗེད་རོགས།
དེས་ན་ཉིད་ཀྱིས་ཟིན་བྲིས་སུ་བཏབ་པའི་ཁང་གསར་ལགས་ཀྱིས་།
བརྗོད་བྱ་ལ་རིན་ཐང་མེད་ན།།
ཟིན་བྲིས་ཀྱི་གྲངས་ཀས་ཅི་བྱ།།
སྤྱི་སྒེར་གྱི་ལས་དོན་བསྐྱུར་ཏེ།།
ཟིན་བྲིས་ལ་འཐམ་ནའང་སྐྱོན་རེད།།
ཁང་གསར་རྡོ་རྗེ་ལགས་ཀྱིས་འདི་འདྲ་ཞིག་གསུང་གི་ཡོད་པ་རེད། འདིའི་ཐད་དུ་སྐུ་ཉིད་ལ་བསམ་ཚུལ་ག་རེ་ཡོད་དམ། ཟིན་བྲིས་པ་ཞིག་གིས་དངོས་ནས་བཤད་ན་ཟིན་བྲིས་ཟླ་རེ་ནང་དུ་གཅིག་རེ་གཉིས་རེ་སྤེལ་ནས་དྲ་ཐོག་ལ་བདུན་ཕྲག་གཅིག་གཉིས་ནང་དུ་གཅིག་རེ་འཁོར་ན་དེ་གའི་ཟིན་ཐོ་སྤེལ་བའི་དམིགས་ཡུལ་འགྲུབ་ཀྱི་ཡོད་དམ། ཡང་ན། ཟིན་བྲིས་པ་ཞིག་ཡིན་ན་རང་གིས་གང་བཤད་པ་དག་གནས་ལུགས་ཤིག་ལས་མི་གཞན་གྱིས་གླེང་བཞིན་པ་དག་ལ་གནས་ལུགས་རྒྱུ་མཚན་མེད་པར་འདོད་ནས་རང་ཁྱིམ་གཅིག་བུ་སྲུང་དེ་འདུག་དགོས་ཀྱི་ཡོད་པ་རེད་དམ།
འདི་དག་ཕྱིར་བུད་བཏང་ན་དྲ་རྒྱའི་ཐོག་བོད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་རྣམས་བརྒྱ་ཆ་གང་འཚམ་ཞིག་གི་རྣམ་དཔྱོད་ཀྱི་སྒོ་མོ་བཀག་པ་དང་མཚུངས་ལ།
འདི་དག་ཕྱིར་བུད་གཏོང་དགོས་དང་མི་དགོས་ནི་དགེ་སྐྱོན་གྱི་སྲང་ལ་བཏེགས་རྗེས་གཞི་ནས་ཐག་གཅོད་དགོས་པ་ཞིག་རེད།
ངའི་ལྟ་ཚུལ་ལྟར་ན། འདི་དག་ཕྱིར་འབུད་ནམ་ཡང་གཏོང་མི་ཉན།།
འོ་ན་སྐུ་ཉིད་ཀྱིས་ཡིག་ནོར་འབྲི་མཁན་དག་དྲ་ཚིགས་ལས་ཕྱིར་འབུད་དགོས་པར་འདོད་མཁན་མང་བོ་ཞིག་ཡོད་པ་དེའི་ཐད་དུ་ག་རེ་བསམ་བཞིན་ཡོད། དེ་དག་ཕྱིར་འབུད་བྱེད་དགོས་ངེས་ཤིག་ཆགས་འདུག་གམ།
ཡིག་ནོར་འབྲི་མཁན་ཉུང་ཉུང་མིན་ན་ཡང་། ནོར་ས་ནས་མི་ནོར་བའི་སར་བགྲོད་དགོས་པ་ནི་མཁས་པའི་ལུགས་ཡིན་ཅིང་།
ནོར་བ་རྒྱ་ཡན་དུ་བཏང་ན་མ་དག་རྒྱུན་འབྱམས་ཞེས་པའི་ཐ་སྙད་ཀྱི་འོག་ནས་དོན་མང་པོ་ཞིག་ཀྱང་གོ་བརྡ་མི་འཕྲོད་པའི་གནས་སུ་འགྱུར་ཉེན་ཆེ།
ངས་ཉིད་ཀྱི་ཟིན་བྲིས་ཐོག་ཡིག་ནོར་བཅོས་པར་དགོས་པ་རྒྱུ་མཚན་དམིགས་བསལ་ཞིག་ཡོད།
སྐུ་ཉིད་ལ་དྲི་བ་ཞིག་བཀོད་ཡོད་ལགས། གཟིགས་མ་བྱུང་ངམ།
ཤ་ཁྲག་རུས་གསུམ་ལགས།
ངས་དྲ་ཐོག་ནས་ཐད་མར་ཉིད་ལ་ཐུག་པ་དང་པོ་ཡིན་པས་ད་ཡོད་ན་ང་ལ་འབྲེལ་ལམ་ཞིག་གནོངས་དང་།
ད་དེ་ན་ངས་ཉིད་ལ་བཀའ་དྲིན་ཞུ་ཞུར་དུ་འདྲི་རྒྱུ་ཡིན། ད་ལྟ་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་མི་ཉུང་བ་ཞིག་ཡོད་ལ་དེ་དག་ལ་མཇུག་མཁན་གྱི་བོད་མི་ཡང་མི་ཉུང་བ་ཞིག་ཡོད་པ་རེད། ཡིན་ཡང་། དེང་སྐབས་ང་རང་ལྟ་བའི་ཡིག་ནོར་འབྲི་མཁན་ཡང་མི་ཉུང་བ་ཞིག་ཡོད་པར་བརྟེན་མི་མང་བོ་ཞིག་གིས་དེ་ལ་བསམ་ཚུལ་སྣ་ཚོགས་ཤིག་གླེང་བཞིན་ཡོད་པ་རེད་ལགས། ཉིད་ལ་བསམ་ཚུལ་གང་ཞིག་ཡོད་དམ་ཡིག་ནོར་འབྲི་མཁན་ང་ལྟ་བའི་དག་ལ།
དབུས་ཀྱི་ཡིན་ནམ་སྟོད་ནས་ཡིན།།
ད་ཕྲུག་མིན་པ་སྔ་ནས་ཤེས།།
ཚེ་ཐག་རིང་རྒྱུའི་བུ་ལོ་ཁྱོད།།
རིང་མིན་ཐུང་མིན་འཁྱུགས་ཙམ་ཕེབས།།
ཆུ་ཐིགས་སྔོན་མོ་ལགས་ཕེབས་པར་བཀའ་དྲིན་ཆེ། ཡང་ཡང་ཕེབས་ཀྱིན་པ་དེར་དགའ་བསུ་ཡོད།
དུག་ཚེར་ལགས། ཉིད་ཀྱིས་དྲི་བ་དེའི་ལན་ཕལ་ཆེར་ཁྱེད་རང་ལ་བསེ་རུ་ལགས་ཀྱིས་གསལ་བོ་ཞིག་གནང་འདུག་པ་དེ་ལས་ཀྱང་ང་ལ་ཁྱེད་རང་ལ་ཞུ་རྒྱུ་གང་ཡང་མེད་ལགས།
བསེ་རུ་ལགས་སླར་ཡང་བཀའ་དྲི་ཞིག་ཞུ་འདོད་ཀྱིས་ཉིད་ལ་དྲ་ཐོག་ནས་སྒུག་མོད། ཕྱིར་ཕེབས་མ་སོང་སྟབས། ད་ནི་ཁོམ་པ་ཡོད་དུས་ཤིག་ལ་བསམ་ཚུལ་འདི་དྲ་ཐོག་གི་སྤུན་གྲོགས་ཡོངས་ལ་འདྲི་རྒྱུ་ཡིན། དེ་དུས་སྤུན་གྲོགས་ཚང་མས་སེམས་བསམ་པའི་སྒོ་ནས་ལན་ཞིག་འདེབས་རོགས་ཞུ།
་
ཤ་ཁྲག་རུས་གསུམ་ལགས།
ང་ད་ལྟ་དྲ་ཐོག་ཏུ་ཡོད་ཅིང་ཉིད་ལ་བོད་ནང་དུ་བཟོ་སྐྲུན་བྱས་པའི་གློག་རྡུལ་ཚིག་མཛོད་ཆེན་མོ་བཟོ་མཁན་གྱི་དྲ་རྒྱའི་ཁ་བྱང་དེ་ཉིད་གཏོང་རྩིས་བྱས་ཏེ་གནས་ཡོད། ཚིག་མཛོད་འདི་ཧ་ཅང་ལེགས་ཀྱང་དེའི་ནང་ཡིག་ནོར་ཡང་ཁ་ཤས་ཁོ་བོས་དངོས་སུ་མཐོང་བྱུང་། དེ་དོན་དྲ་ཐོག་ནས་དོ་བདག་ལ་བསམ་ཚུལ་ཕུལ་ཟིན་པ་ཡིན།
ཉིད་ཀྱི་དྲ་རྒྱའི་ཁ་བྱང་དེ་བརྒྱུད་དེ་གཟིགས་སྐོར་ལ་ཕེབས་དང་།
ད་ལྟ་ང་ཉིད་ཀྱི་དྲི་བར་སྒུག་བཞིན་ཡོད།
http://www.luozang.com/
བསེ་རུ་ལགས། ད་ལྟ་ཉིད་རང་དྲ་ཐོག་ལ་ཡོད་དམ། ཉིད་ཀྱིས་རྟག་ཏུ་བདག་གི་རྩོམ་ཡིག་ཡིག་ནོར་ཅན་དག་དག་བཅོས་བྱས་པ་དེར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། དྲ་ཐོག་ན་ཡོད་ན་འུ་གཉིས་ཀྱིས་བསམ་ཚུལ་གླེང་མོལ་ཞིག་བྱས་ན་ཉིད་ལ་ཁོམ་པ་ཡོད་དམ། ངས་ཉིད་ལ་བཀའ་འདྲི་ཁ་ཤས་ཤིག་བྱེད་རྒྱུ་འདུག
ལྷ་མི་གང་ཡིན་ན་ཡིན་ཏུ་བཅུགས
ཆབ་གཙང་མ་རེ་ཁ་ལ་རེག་ནས
སྤྱིན་གཏོང་གི་བསམ་བློ་ལ་ལྷད་མ་འདྲེས་པར
པ་མགོ་ཟེར་ནས་གཞན་ལ་སྡུག་དམོད་བྱེད་ཀི་མ་བསྡད་ན་འགྲིག
ཧ་ཧ་ཧ་ཀུ་རེ་ཡིན སྐབས་དེར་ང་རང་གིས་མཆན་པུ་དེ་བཏབ་རྗེས་སུ་ལས་ཀར་བུད་སོང་། ད་ལྟ་ལས་ཀ་ནས་ཕྱིར་འབྱོར་ནས་རང་གི་ནང་དུ་འཁོར་དུས་ཁྱེད་ཉིད་གཙོ་བའི་སྤུན་གྲོགས་མི་ཉུང་བ་ཞིག་འདི་རུ་སླེབས་ཟིན་འདུག
ཕལ་ཆར། ཞེས་པ། ཕལ་ཆེར་ལ་བཅོས་རོགས།
དྲ་གྲོགས་དུག་ཚེར་ལགས།
འདིར་དགྱ་ནག་ཅེས་བཀོད་པ་འདི་ནི་ང་ཡང་ཐ་སྙད་འདི་བཀོལ་ན་མི་འགྲིག་པར་འདོད་མཁན་ཞིག་ཡིན། འོན་ཀྱང་དེའི་དོན་ནི་དགྱ་ནག་ཅེས་པ་དགྲ་ནག་ཅེས་པར་གོ་གི་ཡོད་པའི་འགྲེལ་བཤད་ཅིག་སྔར་ཕལ་ཆར་དྲ་ཐོག་ཏུ་ཟིན་བྲིས་པ་ལྷ་ཆབ་པས་འགྲེལ་འདུག་སྙམ།
ལྷ་ཆབ་སྦྱིན་པ་ལགས་ཀྱིས་རྒྱ་ནག་གི་ཚབ་ཏུ་དགྱ་ནག་ཅེས་རྒྱུན་དུ་སྤྱོད་ཀྱིན་འདུག
ཕལ་ཆེར་ཤ་ཁྲག་རུས་གསུམ་ལགས་ཀྱིས་ཀྱང་ཐ་སྙད་དེ་དྲ་ཐོག་གི་ཟིན་བྲིས་ཁག་ནས་ཚུར་བླངས་པ་ཞིག་རེད་སྙམ།
དུག་ཚེར་ལགས།
ཉིད་ཀྱི་ཚིག་གི་ནང་ངས་མཐོང་བའི་ཡིག་ནོར་གསུམ་འདུག་པས་ཐུགས་ལ་འཇོག་རོགས།
མ་དག་པ། དག་པ།
ཀླག་ཟིན། བཀླགས་ཟིན།
ལེན་ཞིག ལན་ཞིག
དགོས་པས། དགོས་པའི།
བོད་ཤ་ཁྲག་རུས་གསུམ་ལགས་ཁྱོད་ཀྱི་རྩོམ་ཡིག་ཆ་ཚང་ཀླག་ཟིན་གནས་ལུགས་དང་དྲང་བདེན་ཡོད་ཁུ། ཡིན་ན་ཡང་ཁྱེད་ལ་དྲི་བ་ཞིག་འདྲི་འདོད་བྱུང་། གོང་དུ་ཁྱོད་ཀྱིས་༼དགྱའི༽འདི་འདྲ་ཞིག་བྲིས་འདུག། ཡིག་ནོར་ནི་ཡིན་ས་མ་རེད།
ནམ་རྒྱུན་རྒྱ་གར་དང་རྒྱ་ནག་ཞེས་འབྲི་བ་ལས་༼དགྱའི་༽འདི་འབྲི་སྲོལ་མེད། ད་ཐེངས་ཁྱོད་ཀྱིས་འདི་ལྟར་བྲི་དགོས་པས་རྒྱུ་མཚན་གང་ཡིན་ནམ། ལེན་ཞིག་གསུང་རོགས།
གྲོགས་པོ་ལགས་བདེ་བོ། དངོས་གནས་ཡར་རྒྱས་ལ་འགྲོ་གི་འདུག་མུ་མཐུད་དུ་ཤུགས་དགོས་པ་རེད། ང་ནམ་ཡིན་ཡང་ཁྱེད་ཚང་ལ་ཡོང་ནས་ཇ་རེ་འཐུང་ནས་འགྲོ་གི་ཡོད།
ཤ་ཁྲག་རུས་གསུམ་ལགས།
ཆ་ཚང་བཀླགས་ཟིན་པ་ཡིན། དེ་རིང་ངས་ཁྱེད་ཀྱིས་ཟིན་བྲིས་ནང་དུ་ཡིག་ནོར་འགའ་ཞིག་འདུག་ཀྱང་བཅོས་མེད། འོན་ཀྱང་ངོ་སྤྲོད་ཀྱི་ཚིག་རྣམས་ཆ་ཚང་བཀླགས་པ་ཡིན་ལ། དེའི་ནང་ཡིག་ནོར་གང་མཐོང་བ་རྣམས་བཅོས་ཡོད།
མ་དག་པ། དག་པ།
དམིགས་གསལ་ དམིགས་བསལ།
ཆབས་གཅིག་ ཆབས་ཅིག
འཚམ་འདྲི་ཞུ། འཚམས་འདྲི།
སྡོམ་ཚིགས་ སྡོམ་ཚིག
རང་ཉིད་ཀྱིས་གྱང་ རང་ཉིད་ཀྱིས་ཀྱང་།
སྤུན་ཟླ་ཚོ་གསུང་རོགས་གནོང་ སྤུན་ཟླ་ཚོར་གསུང་རོགས་གནོངས།
བཀླགས་ཚར།
གྲོགས་པོ་ཤ་ཁྲག་ལགས། སྐུ་ཉིད་ད་ལྟ་དྲ་ཐོག་ན་ཡོད་དམ། ད་ལྟ་རང་ངའི་རྩོམ་ཞབས་སུ་མཆན་བུ་ཞིག་སླེབས་སོང༌།