ང་ནི་ནམ་ཡང་ང་རང་མ་ཡིན་པར།།
ང་ལ་ནམ་ཡང་སེམས་གཤིས་སྐྱུར་མོ་ཞིག།
གཤིས་ཀ་འདི་ལ་འཐིམ་པའི་ཚོར་བ་ཡིས།།
སྔ་དགོང་མེད་པར་རང་ཉིད་སྡུག་ལ་གཏད།།
ཁ་ནས་བོད་ཀྱི་སྤྱི་དོན་ཤར་ཤར་གླེང་།།
ལག་ནས་རང་གི་འཚོ་བ་ངན་ངོན་ཙམ།།
སྲུང་ནས་ཉིན་མཚན་དབྱེར་མེད་ལས་ཀར་བྲེལ།།
བྲེལ་བའི་ཐ་མར་དངུལ་ཡང་བྲེལ་བས་འཁྱེར།།
དྲན་པའི་ནང་དུ་གཟུགས་མེད་ཆལ་བོ་ཞིག།
ཆལ་བོའི་ལས་དེ་བྱེད་རྒྱུར་སྤྱང་གྲང་ལྡན།།
བདེན་པའི་ལས་ཤིག་ཉིན་མོའི་སྐར་མའི་སྤུན།།
མི་དགོས་ལས་རྣམས་མཚན་མོའི་སྐར་ཚོགས་ལྟར།།
གང་དུ་ཕྱིན་ཡང་སྒྱུ་མའི་འཁོར་ལ་རྒྱུགས།།
ཅི་ཞིག་བྱས་ཀྱང་ཕུགས་མེད་ངལ་བའི་རྒྱུ།།
གང་ཞིག་བཤད་ཀྱང་དོན་མེད་གྱང་ཁའི་རྩྭ།།
ཅི་ཞིག་བྲིས་ཀྱང་ཚིག་སྟོང་བྲག་ཆའི་སྒྲ།།
རིག་སར་ཚུལ་ཆོས་ཁོ་ནའི་ལུས་པོ་སྲུང་།།
མི་རིག་ས་ནས་ཅི་བྱེད་ཆད་མེད་ཅིག།
ཕྱི་ནང་ཁ་ཁར་གྱུར་བ་ལུས་སེམས་གཉིས།།
དོན་ལ་མི་ཟས་ཟོས་པ་ཆུད་ཟོས་རེད།།
བོད་པ་ཡིན་ཡང་བོད་ནས་མ་བསྡད་པར།།
རང་ཡུལ་སྐྱུར་ནས་སྡར་མའི་ཚུལ་ཏུ་བྲོས།།
གཞན་གྱི་ཡུལ་ནས་རང་དབང་ཡོད་ན་ཡང་།།
རང་དབང་དོན་ཏུ་ལས་ཀ་བྱས་མྱོང་མོད།།
འདི་འདྲའི་ང་རང་བོད་མི་ཡིན་པ་ལས།།
བོད་ཀྱི་སྒོ་ཟོག་སེམས་ཅན་ཡིན་ན་བཟང་།།
སྒོ་ཟོག་སེམས་ཅན་ཡིན་ཡང་རང་སར་ཡོད།།
རང་སའི་ཡུལ་ནས་རྩྭ་ཆུ་འཐུང་བཞིན་ཡོད།།
ངས་བཀླགས་ཟིན། རང་མི་རིགས་ཀྱི་ཚེ་སྲོག་ལ་དུང་བའི་དབང་གིས། རང་མི་རིགས་ཀྱི་ཤ་ཁྲག་ལ་དགའ་བའི་དབང་གིས། ཅི་ཞིག་བཤད་ཀྱང་གོ་མེད་ཚོར་མེད་དུ་བུད་སོང། འོན་ཀྱང་གྲོགས་པོ་སེམས་ཤུགས་མ་ཆགས། ང་ཚོ་ལ་བདེན་ཁ་ཞིག་ཤར་རིའི་བརྒྱབ་ཏུ་ཡིབ་འདུག ངོ་མ་ཡིན།
སྤུན་ཟླ་ཚོ་ལགས། ཁྱེད་ཅག་གཅིག་རྗེས་གཉིད་མཐུད་དུ་བདག་གི་ཟིན་བྲིས་སུ་ཕེབས་པར་སྙིང་ནས་བཀའ་དྲིན་ཆེ་ལགས། ཉིན་མ་འདི་དག་གི་རིང་དུ་ང་རང་ལ་ཁོམ་པ་ཞིག་མ་བྱུང་དོན་ངའི་བུ་མོ་འཇིག་རྟེན་འདིར་གསར་བ་ཐོན་སྟབས། ཁོམ་ལོངས་མ་བྱུང་བ་རེད་ལགས།
ང་རོ།
གངས་མཚོ།
ར་མ
ཆུ་ཐིགས་སྔོན་མོ།
གངས་རིའི་གླིང་བུ།
འཇིགས་བྲལ་བསྟན་འཛིན།
བསེ་རུ།
འཇམ་མགོན།
འབྲོང་རྩེ་རྒྱལ། ཁྱེད་ཅག་ལ་ཞུ་རྒྱུ་ཞིག་ལ་དེ་རིང་ང་ཕྱིར་ནང་དུ་འབྱོར་ཡོད་ལ་རང་གི་བུ་མོ་དང་དགའ་རོགས་མ་འཁྲིད་དེ་ནང་དུ་འབྱོར་ཡོད། མཉམ་ཏུ་གསར་ཏུ་འཇིག་རྟེན་འདིར་སླེབས་པས་ངའི་བུ་མོ་ཐར་མ་མཚོ་ཡང་ཡོད།
jgdfoigjfughodgnjiefgdu
ཁྲག་གི་འཁོར་ལོ་ཤ་དང་རུས་བའི་གསེབ་ལ་འཐུམ།།
རང་སྐད་དྭངས་མ་ཡིད་ཀྱི་ངོས་ལ་ལྷུན་གྱིས་གྲུབ།།
མི་ཤིགས་གདོང་རྒྱུད་བཙན་པོ་ཁྱོད་ཀྱི་གཤིས་སུ་གནས།།
གདོང་དམར་བོད་པ་ཁྱོད་མིན་གཞན་ཞིག་མི་རྙེད་པས།།
གནོང་བའི་ངལ་བ་མ་འཛིན་སྤོབས་པས་ད་ལོངས་ཤིག།
གྲོགས་ལགས། འདི་གའི་གློག་ཀླད་ལ་སྐྱོན་ཤོར་བས་དུས་ཐོག་ཀློག་མ་ཐུབ་པ་འགྱོད་པ་ཆེ།
མ་དག་པ། དག་པ།
སྤྱང་གྲང་། སྤྱང་གྲུང་།
ཚུལ་ཆོས། ཚུལ་འཆོས།
རྩ་ཆུ། རྩྭ་ཆུ།
ཚུལ་ཏུ། ཚུལ་དུ།
དོན་ཏུ། དོན་དུ།
སྙིང་ཉེ་བའི་དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།
ང་ཡང་དུས་ཁོམ་ཡོད་སྐབས་ཤིག་ལ་སྐུ་ཉིད་དང་བགྲོ་གླེང་བྱ་བར་འདོད་པས་སྐུ་ཉིད་ཀྱིས་དང་ལེན་གནང་རོགས།
ཤར་ནུབ་གཉིས་ཀྱི་བར་ལ་ཁ་ཐག་རིང་།།
གནམ་ས་གཉིས་ཀྱི་བར་ལ་བར་ཐག་རིང་།།
ང་དང་ཁྱེད་ཀྱི་གཟུགས་ཕུང་དེ་བས་རིང་།།
སེམས་དང་སེམས་པའི་བར་ཐག་ཡོད་དམ་ཅི།།
གནམ་ས་གཉིས་ཀྱི་བར་ལ་བོད་པ་གནས།།
གོ་ལ་རིལ་པོའི་སྟེང་ན་བོད་ཡུལ་གནས།།
སྲན་ཕུང་གཏོར་འདྲའི་བོད་མི་རིག་པའི་ཚེ།།
ངེད་ཟུང་སྲན་མའི་ཁྲོད་ཀྱི་སྲན་ཆག་ཅིག།
ཏིང་ ཏིང་་་་ ཏིང་་་་་ ལམ་བདེན་མཐོང་བར་ཤོག
ངོ་མ་ས་མཐའ་ཞིག་ན་ཡོད་པ་འདྲ།
ང་ལ་འབྲེལ་བ་བྱོས། ༩༩༠༡༨༨༤༧༥༩
སེམས་ཤུགས་་མ་ཆགས་་་་་རང་རང་ས་ནས་མངོན་ལྐོག་མེད་པའི་ལས་དོན་ལ་འཇུག་ན་འབྲས་བཟང་ལ་གདོན་མི་ཟ་
དངོས་གནས་ཡག་པོ་བྲིས་འདུག ངས་ཐེངས་གཉིས་བཀླགས་པ་ཡིན། ངའི་སེམས་ལ་ཚོར་སྣང་སྐྱིད་པོ་ཞིག་སྤྲད་སོང་། འདི་ལྟར་བསམ་ཚེ་ངའི་སེམས་པ་ཡང་བསྐྱར་ཕ་ཡུལ་ཕྱོགས་ལ་ཐེངས་གཅིག་བསྐྱོད་དགོས་བྱུང་། དྲ་གྲོགས་མྱུར་མགྱོགས་ཅན་་་་་་་མི་ཡུལ་ནས་དཀའ་ཁག་རེར་འཕྲད་ཀྱི་མེད་དམ། སྐད་ཅིག་མ་རེར་དྲ་ཚིགས་ཡོངས་ལ་སྐོར་བ་ཐེངས་རེ་བྱས་དུས་ཕར་ཆེར་ཐང་ཆད་ཡོད་རྒྱུ་རེད། ཧཧཧཧ་གྲོགས་པོ་རང་གི་མཛའ་མོ་དང་ཁོར་ཡུག་སོགས་ལ་བལྟས་ནས་ཁོམ་པ་ཡོད་དུས་རྩེད་ཐང་འདིར་ལྷོད་ཀྱིས་ཕེབས་རོགས།
ངོ་རིག་ཡག་ཟེར་ནོ་རེད།ཡིན་ན་ཡང་འདི་དག་བློ་བཟུང་ནས་ཅི་ཕན།
བཀླགས་པ་མ་ཚད་བློ་འཛིན་ཚར།།
བཀླགས་ཟིན