གནས་ཚང་། ཡིག་ནོར། ཡིག་ནོར། ཡིག་ནོར། ཅི་ཞིག་བཤད་འདོད་ཀྱི་ཡོད་དམ། གསར་འགོད་པ་ག་རེ་བྱས་ནས་པཱ་ལེ་བ་ལས་ཡིག་ཆོད་མེད་དམ།
བོད། ཤ་ཁྲག་རུས་གསུམ། པག་ལེབ་བ་གནས་ཚང་ལགས། གནས་ཚུལ་ཛ་དྲག་གི་ཁ་བྱང་རེ་ཡོང་དུས་སྐུ་ཉིད་མཐོང་རྒྱུ་ཡོད་པ་དགའ་ནི་ཞིག་རེད་ལགས། རབ་ན་ཉིད་ཀྱིས་ཟིན་བྲིས་ཤིག་གཉར་རོགས་ཞུ།
གནས་ཚང་། མ་གཞི་ཡིན་ན་ཟིན་བྲིས་ཉར་འདུན་ཆེ་ཡང་སྐུ་ཉིད་ཀྱིས་ཤ་ཁྲག་རུས་གསུམ་མཚོན་གྱི་ཡོད་ཙང་ཐུགས་ཕོག་བཟོ་འདུན་ཁྱོན་ནས་མེད་དཱ། ཁ་དྲོ།
བོད། ཤ་ཁྲག་རུས་གསུམ། ང་རང་ལ་དངོས་ནས་འཕོག་ཐུག་བཏང་རུང་མི་སྐྱོན་ལགས། སྐུ་ཉིད་ནི་བདག་གི་སེམས་ཁོང་གི་ཟིན་བྲིས་པ་ཞིག་ཆགས་ན་འདོད་པས་དེ་ལྟར་ཞུ་སྐུལ་ཞུས་པ་ཡིན་ལགས། འོན་ཀྱང་། སྐུ་ཉིད་ལ་མཐུན་རྐྱེན་དང་དུས་ཚོད་སོགས་ཀྱི་སྟབས་བདེ་བོ་མེད་ན་ཁག་མེད་ཀི་ལགས། སྐུ་ཉིད་ནི་དུས་ཡུན་རིང་བོ་ཞིག་ལ་དྲ་ཐོག་འདི་ནས་མཐོང་མྱོང་བའི་སྤུན་ཟླ་ཞིག་ཡིན་ལ། སྐད་ཆ་དོན་རྩ་ཡོད་པ་རྐྱང་རྐྱང་གསུང་མཁན་ཞིག་ཀྱང་ཡིན་སྟབས། བདག་གི་ཁོག་པའི་ནང་གི་སྐད་ཆ་ཕྱི་ལ་ཤོར་བ་རེད་ལགས།
གནས་ཚང་། སྤྱང་པོ་ཞེ་དྲག་ཆགས་ཤག་བཀྲ་ཤིས་བདེ་ལེགས་ཡོད།
ཤ་ཁྲག་རུས་གསུམ་སུ་རེད།
བུ་མོ་ཞིག་གི་ཕ་རེད།
ཕ་དེ་བོད་ཀྱི་མི་རེད།
མི་དེ་ཡབ་གཞིས་སྲུང་རེད།
སྲུང་དེ་འཇོན་གྱི་ཡོད་ན།
གནས་ཚང་མཁྲེགས་ཀྱང་སྐྱོན་མེད།
བོད། ཤ་ཁྲག་རུས་གསུམ། གནས་ཚང་ལགས། ཉིད་ཀྱིས་ང་རང་སྤྱང་བོ་ཞེ་དྲག་ཆགས་འདུག་ཟེར་ན་ངས་གཏན་ནས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག་ལགས། གང་ཡིན་ཟེར་ན་ང་རང་ནི་ནམ་རྒྱུན་དུ་མི་གླེན་པ་ཞིག་ལས་སྤྱང་བོ་ཞིག་ཡིན་པར་གཏན་ནས་རྨི་ལམ་ནང་དུ་དྲན་མྱོང་མེད་ཟེར་ན་ཆོག རེད་དེ་སྐུ་ཉིད་ཀྱིས་དེ་ལྟར་བསམ་ནས་བཀྲ་ཤིས་བདེ་ལེགས་ཡོད་གསུང་འདུག་ལགས། ད་ནི་དེ་འདྲ་ཞིག་ཡིན་པར་སྨོན། ཡིན་ཡང་། སྤྱང་བོ་གང་གི་ཞེ་ས་ཡིན་མིན་སྐུ་ཉིད་ཀྱིས་ཀྱང་གོ་མྱོང་ཡོད་ངེས་རེད་ལགས། སྤྱང་བོ་ཁྲེལ་མེད་ཀྱི་ཞེ་ས་རེད་ལགས།
གནས་ཡུལ་གང་དུ་སླེབས་ཀྱང་།།
རང་གི་མི་ཚང་བརྗེད་མེད།།
སེམས་ཀྱི་དྲན་ངོ་དག་ན།།
བོད་ཀྱི་བདེ་སྡུག་བཞེངས་ཡོད།།
གནས་ཚང་།
བདེ་སྡུག་ཁ་ལ་རླུང་ཁུར།
རླུང་བུའི་ཤུགས་དང་ངར་རེད།
ངར་དེ་སྔ་འདང་ཕྱི་འདང་།
འབབ་ས་ཡོད་ན་དེ་རེད།
བོད། ཤ་ཁྲག་རུས་གསུམ།
བག་ལེབ་བཙོང་མཁན་ཡིན་ཟེར།།
དེ་ནི་སྐྱོན་ཞིག་མ་རེད།།
མི་བཙོང་བྱེད་མྱོང་མེད་པས།།
གནས་ཚང་ཁྱེད་ལ་དུངས་ཀི།
སེམས་ཀྱི་སྐད་ངག་ཡོད་ཚད།།
སྐད་ཆའི་དབྱངས་སུ་འདྲིས་དེ།།
རིགས་ཀྱི་དུངས་ཞེན་ཟབ་མོས།།
སྤུན་ཟླའི་སེམས་ཁམས་བཟི་ཡོད།།
གནས་ཚང་།
མི་དང་བག་ལེབ་གཅིག་རེད།
བག་ལེབ་མེད་ན་མི་མེད།
མི་མེད་བག་ལེབ་སུས་ཉོ།
ཉོ་མཁན་ཨ་ཕོའི་གཡང་ཡིན།
བོད། ཤ་ཁྲག་རུས་གསུམ།
དེ་འདྲ་ཡིན་ལུགས་གཏན་མེད།།
གོ་བ་མེད་པའི་བག་ལེབ།།
མི་ཡི་ཁ་ཟས་ཆེད་རེད།།
མི་ནི་སེམས་ལྡན་གཅིག་རེད།།
རེད་ལགས་བསམ་བློ་ཞིབ་མོས།།
རེ་ཞིག་བསམ་བློ་བཏང་དུས།།
ཉིད་ཀྱི་སྐད་ཆའི་གནས་ལུགས།།
རྟེན་འབྱུང་འབྲེལ་བ་བྱུང་འདུག།
གནས་ཚང་།
སེམས་ལྡན་སྲུང་མཁན་སུ་རེད།
བག་ལེབ་མེད་ན་སུས་འཁུར།
མི་དང་དངོས་པོའི་འགྲོ་འོངས།
ཚིག་ཕྲེང་གཅིག་གིས་ཡོང་ངམ།
བོད། ཤ་ཁྲག་རུས་གསུམ།
ངེད་ཀྱི་ཁྱེད་ལ་བཀུར་ཚུལ།།
སྐད་ཆ་དོན་རྩ་ལྡན་ཞིང་།།
ཚིག་ལ་ལྩི་ཁོག་ལྡན་པ།།
འདི་འདྲ་སྤེལ་བའི་ཡིན་ནོ།།
ཚིག་ཕྲེང་གཅིག་གི་ནང་དུ།།
རྟེན་འབྱུང་འབྲེལ་བ་ཟབ་མོ།།
འདུས་པ་སྔར་ཡང་ཡོད་ལ།།
དེ་རིང་ཁྱོས་ཀྱང་བརྩམས་སོང་།།
གནས་ཚང་།
རྟེན་འབྱུང་འཇིག་རྟེན་ཁམས་རེད།
འཇིག་རྟེན་འཇུ་མཁན་མི་རེད།
མི་དེ་སྨྱོན་པ་མིན་ན།
ཕན་ཚུན་འབྲེལ་བར་ཅི་འབོད།
བོད། ཤ་ཁྲག་རུས་གསུམ།
རེད་དེ་དེ་ནི་རེད་འདུག།
ཡིན་ཡང་དེང་གི་སྤྱི་ཚོགས།།
སྨྱོན་པའི་གྲོང་དང་འདྲ་བའི།།
དེ་འདྲ་ཤེས་མཁན་དཀོན་རེད།།
དཀོན་དང་དཔྱོད་པའི་བར་ན།།
ཉིད་འདྲ་དཔྱོད་ཤེས་ཡོད་མཁན།།
ཉིན་མོའི་སྐར་བཞིན་དཀོན་སྟབས།།
བུ་ངའི་དུངས་དོན་དེ་རེད།།
གནས་ཚང་།
འབྲེལ་བ་སྲ་མོ་རྡོ་ཡིན།
རྡོ་དེ་བོད་ཀྱི་བྲག་ཡིན།
བྲག་དེ་སྙི་མོ་ཡིན་ན།
དུས་མིན་མི་ཡི་ལས་ཡིན།
བོད། ཤ་ཁྲག་རུས་གསུམ།
མི་ཡི་ལས་དབང་དམན་པའི།།
སྲ་མོ་རྡོ་ཡང་འགྱུར་འགྲོ།
འགྱུར་བའི་མཚན་ཁ་འཕྱོ་བའི།།
དུས་རབས་འདི་ནི་ཉེན་ཆེ།།
གནས་ཚང་།
ལས་ནི་གཞན་མིན་རང་གི་ལག་ཡིན།
ལག་གིས་གང་བྱས་འཁོར་བའི་རྒྱུ་ཡིན།
རྒྱུ་དེ་ཡར་འཕེལ་མར་འགྲིབ་གང་བྱེད།
རྣམ་དཔྱོད་རྩལ་ལ་ཐུག་པས་གཟབ་འཚལ།
བོད། ཤ་ཁྲག་རུས་གསུམ།
ལས་དབང་སེམས་སུ་བརྟག་ཀྱང་དཔྱད།།
ལས་དེ་གསོག་མཁན་རང་ཉིད་ཡིན་པ་དེ།།
ཤེས་མཁན་ཁྱེད་འདྲའི་དེ་འདྲ་ཤེས་ན་ཡང་།།
ད་དུང་མང་བོ་ཞིག་ནི་འཐོམ་ནས་ཡོད།།
བཅོས་རོགས་གནོངས།
གསོག་མཁན་རང་ཉིན་ཡིན་པ་དེ།།
ཁྱེད་འདྲའི་དེ་འདྲ་ཤེས་ན་ཡང་།།
མང་བོ་ཞིག་ནི་འཐོམ་ནས་ཡོད།།
གནས་ཚང་།
ད་ནི་ཤར་ཏིར་ཀི་སའི་ཐན་གྱི་ཚེ་སྲོག་ལས་གཞའ་འཐེན་མུན་པའི་དོང་མིན།
དོང་དེ་་སུ་ཡིས་ཤེས་མིན་ཁ་ཚོན་སུ་ཡིས་ཆོད་མིན་རྒྱུན་བསྐྱངས་དགོས་དོན་མེད།
བོད། ཤ་ཁྲག་རུས་གསུམ།
ལགས་སོ་ལགས་སོ་ཉིད་ཀྱིས་གསུང་དག་ཡིད་ཀྱི་མེ་ལོང་ངོས།།
ཤར་མར་བཟུང་དེ་རང་གི་བསྡོད་ས་འདི་ནས་ཤི་རེག་བར།།
རིགས་ཀྱི་དུངས་པ་ཟབ་མོ་སེམས་སུ་བཅིངས་ཞོར་འཇོན་ཚོད་ཅིག།
རང་གི་སྲོག་འདི་སྲུང་དེ་མ་འོངས་བོད་ཀྱི་རང་དབང་སྒུག་ངེས་ཡིན།།
གནས་ཚང་།
དེ་དང་དེ་འདྲར་བག་ལེབ་ཅིག་གི་གསོལ་རས་ཡོད
གསོལ་རས་དེ་ལ་གླང་ཆེན་སྟོང་གི་ཤེད་ཤུགས་ཡོད
ཤེད་ཤུགས་དེ་དང་གཞན་དག་ཉིད་ལ་བསྐུལ་གྱུར་ན
མ་འོངས་པ་ནི་རང་དང་ང་ཚོའི་འབུངས་བྱ་ཡིན
བོད། ཤ་ཁྲག་རུས་གསུམ།
བག་ལེབ་གཅིག་འདི་འཁུར་ནས་ཟ་རྒྱུ་ཡིན།།
རང་རིགས་དུངས་ཞེན་ཅན་གྱི་གནས་ཚང་གིས།།
ང་ལ་གནང་བར་སེམས་ནས་དགའ་བཞིན་སྤྲོ།།
རྗེས་མར་གྲོད་ཁོག་ལྟོགས་དུས་ཁྱེད་རང་འཚོལ།།
གནས་ཚང་།
གནས་ཚང་ཁ་འཁྲུག་གཏོར་བརླག་བྱེད་པོ་ཡིན།
གནས་ཚང་ཡིག་ཆོད་ཁྲོད་ཀྱི་གྲོང་པོ་ཡིན།
གནས་ཚང་ཕྱི་ནང་བོད་ལ་རྒྱུས་ཡོད་ཡིན།
གནས་ཚང་བཀར་ནི་ཡོད་ན་ནོར་འཁྲུལ་ཡིན།
དགོངས་དག་བཀུར་ནི་ཞེས་བཅོས་རོགས།
བོད། ཤ་ཁྲག་རུས་གསུམ།
གནས་ཚང་ཁ་འདི་ད་ལྟའི་བོད་ལ་འཁོ།།
གནང་ཚང་སེམས་འདི་སྤུན་ཟླ་ང་ཚོར་དགོས།།
གནས་ཚང་རིག་ལམ་བོད་མི་ཀུན་ལ་ཕན།།
གནས་ཚང་འགྱུར་མེད་ཡིན་པ་སེམས་ནས་བསྟོད།།
གནས་ཚང་།
ནོར་འཁྲུལ་མ་བཟོ་རིགས་ཀྱི་བུ།
བུ་ཁྱོད་བོད་ཀྱི་ཤ་ཁྲག་རུས།
རུས་དེ་སྙི་མོར་ཆགས་གྱུར་ན།
གནས་ཚང་མཁྲེགས་ཀྱང་ལབ་ས་སུ།
བོད། ཤ་ཁྲག་རུས་གསུམ།
གནས་ཚང་བཀའ་སློབ་སེམས་སུ་འཛིན།།
ད་ནི་འདི་ནས་མཚམས་ཤིག་འཇོག།
ང་ནི་ལས་ཀར་འགྲོ་རན་འདུག།
གུང་གསེང་ཉིན་མོ་ཚར་སོང་རེད།།
ཕྱིས་སུ་ཡང་ཡང་འཕྲད་པར་སྨོན།།
གནས་ཚང་།
ཕུན་ཚོགས་བདེ་ལེགས་ཁྱོད་ལ་ཡོད།
ཤིས་དཔལ་འཛིན་མར་ཁྱབ་གྱུར་ཅིག
འདི་ནི་ཁ་སང་ཕྱི་དྲོ་ངེད་གཉིས་ཀྱི་གླེང་མོལ་བྱས་པ་ལྟར་འདི་རུ་དྲངས་པ་ཡིན། སྤུན་ཟླ་གནས་ཚང་ལ་ལགས་སུ་བཀའ་འདྲི་མ་གནང་བར་འདི་རུ་བཀོད་པ་ཁོང་གི་ཐུགས་ལ་མི་གནོད་པར་ཤོག
བྲག་སྲིན་མོ། གདོད་མའི་མི་རིགས་ཀྱི་ཡུམ་ཆེན་ལགས
ཁྱེད་ཉིད་རང་གི་བུ་རབས་ཚ་རྒྱུད་དག་གི་ཆེད་དུ་སླར་ཡང་ཕེབས་ནས
གཞལ་དུ་མེད་པའི་སྙིང་གཏམ་དག་ལྷུག་པོར་གསུང་འདོད་ཡོད་ན
ཞིབ་དུ་གསུང་རོགས་ཞུ ང་ཡི་གཙོ་བའི་སྤུན་ཟླ་དག་གིས
རླབས་ཆེན་གྱི་ཡུམ་ཆེན་ལགས ཁྱེད་ཀྱི་ཕྱོགས་སུ་རྣ་བ་གཏད་ཡོད
འབུར་ཐོ་ལགས། དངོས་ནས་སྐུ་ཉིད་ཀྱིས་ང་རང་ལ་བསྟོད་བསྔགས་བྱེད་རྒྱུ་མང་དྲགས་པ་རེད་ལགས། ང་ནི་གང་ཡང་མི་ཤེས་པའི་མི་ཞིག་གིས་རང་གི་རིགས་ལ་དུངས་པའི་ཞེན་པ་དེའི་དབང་གིས་བོད་ཡིག་ཞིག་འབྲི་ཤེས་པ་དེ་དག་ལ་ཤི་འཐམ་རོ་འཐམ་བྱས་དེ་རང་གི་སྤུན་ཟླ་དག་དང་ལྷན་དུ་གླེང་མོལ་རེ་བྱེད་ཀྱི་ཡོད་པ་དེ་ལས་གང་ཡང་མེད་པ་རེད་ལགས། ཉིད་རང་སྤུན་ཟླ་ཞིག་གི་ཟིན་བྲིས་འདིར་ཡང་ཡང་ཕེབས་གནང་བ་དེ་ནི་དངོས་ནས་སེམས་གཏིང་ནས་དགའ་བཞིན་ཡོད་ལགས།
གསར་བསྒྲགས།
ཨ་མ་དེ་རིང་ཐོན་ཡོད།
ང་ཁྱེད་ཚོའི་ཨ་མ་ཡིན།
ཁྱོད་ཚོ་ཨ་མའི་པང་དུ་ཕེབས་ནས་གྲོས་གཅིག་བྱོས་དང་།
འགྱོགས་པོ།
ཨ་མ་ལ་དུས་ཚོད་མང་པོ་མེད།
ཨ་ཕས་སྒུག་ནས་བསྡད་ཡོད།
ཤ་ཁྲག་རུས་གསུམ་ལགས། ངས་ཁྱོད་ལ་གོང་ཚད་རྒྱབ་ནོ་ནོར་མེད་ཀི ཁ་སང་རྩེ་སྐར་ལ་ཁྱོད་ཀྱིས་ལན་འདེབས་ཚུལ་དེ་སྟོང་བའི་མཁའ་དབྱིངས་ལྟ་བའི་བློ་རྒྱ་ཆེ་གི་ཡ།
འབུར་ཐོ་སྒང་ནས་འབུད་དེ་སླར་ཡང་ཐེངས་ཤིག་གཟིགས་དེ་སྙིང་གི་གཏམ་དག་ལྷུག་པོར་སྨྲས་པ་ཐུགས་རྗེ་ཆེ་ལགས། རེ་བ་དང་དགའ་ས་ཞིག་ཡིན་ན་ཐུགས་རྗེ་ཆེ་ལགས། རང་གིས་ཤེས་ཚོད་འཇོན་ཚོད་ཀྱི་འདུར་ངེས་ཡིན་ལགས། མ་འཐུས་ས་དང་མ་འགྲིག་ས་ནས་འཛུབ་མོ་འཛུགས་རྒྱུ་མ་བརྗེད་ཅིག་ལགས།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱིས་ཁངས་སྐྱོང་གི་ཚིག་ཅིག་བཤད་འདུག ཡིན་ན་ཡང་ངས་མཐོང་ཚུལ་ལ་ཁྱོད་ནི་ནང་གི་བསམ་བློ་མི་དམན་པའི་དྲ་གྲོགས་ཤིག་ལ་ངོས་འཛིན་ཞུ་གི་ཡོད། བརྡ་སྤྲོད་ཀྱི་བསྐོར་ནས་བསེ་རུ་ལགས་ཀྱིས་ཡིག་ནོར་མང་ཚུལ་གསུངས་འདུག ཡིན་སྲིད་པ་རེད། ཡིན་ནའང་དེ་ལ་ངོ་གནོང་དགོས་པ་ག་རེ་འདུག ང་ཚོས་མ་ཤེས་པ་ཞིག་ཤེས་ཆེད་དུ་འབད་རྩོལ་བྱེད་ཀྱིན་ཡོད་རེད། བསེ་རུའི་གསུང་དེས་ཁྱེད་ལ་ཏན་ཏན་ཕན་ཐོག་བྱུང་ཡོད་རྒྱུ་རེད། སྤྱིར་ཡིག་ནོར་ཆ་ཚང་ཁྱེད་ཀྱིས་མ་མཁྱེན་པར་ངོས་འཛིན་ཞུ་ཐུབ་ཁག་པོ་རེད། ཡི་གེ་རྩིས་འཁོར་ལ་འཇུག་སྐབས་ཤོར་བ་ཡིན་གྱི་རེད། ང་ནི་ཁྱེད་ལ་ཧ་ཅང་དུང་། །
ལགས་སོ་དེ་ལྟར་བྱ་འོ་བརྩེ་བའི་སྤུན།།
ང་ཡང་དུས་ཚོད་རྫོགས་སོང་ལས་ཀར་འགྲོ།
ལས་མཚམས་བཞག་ནང་དུ་འབྱོར་མ་ཐག།
སླར་ཡང་ལན་རེ་ཡོད་མེད་ལྟ་ངེས་ཡིན།།
སྒུག་བཞིན་སྒུག་བཞིན་སྐར་མ་འགའ་ཤིག་སོང་།།
འཚོལ་བཞིན་འཚོལ་བཞིན་སྐར་མ་འགའ་ཤིག་འདས།།
ངེད་གཉིས་བར་གྱི་རིན་བྲལ་དུས་ཚོད་དེ།།
ཕན་ཚུན་བར་གྱི་འགལ་རྐྱེན་དང་པོ་ཡིན།།
ངའི་གྲོགས་པོ་ཞིག་སླེབས་སོང་བས། ངའི་འགྲམ་ནས་ང་ལ་ལྟ་བཞིན་སྒུག་བསྡད་འདུག་པས་དགོངས་འགལ་མེད་པ་ཞུ།
རྗེས་སུ་མཇལ་ཆོག་པ་ཞུ།
སྐར་གྲངས་བཅོ་ལྔའི་དུས་ཡུན་ང་ལ་ཡོད།
རེ་བའི་རི་མོ་དྲ་ཐོག་འདི་ནས་ཐོབས།།
ང་རང་ད་ལྟ་སྐར་མ་བཅོ་ལྔ་ཡི།།
སྐར་གྲངས་བཅོ་ལྔའི་དུས་ཡུན་ལ།།
འུ་གཉིས་ཕན་ཚུན་གླེང་མོལ་བྱེད་ལོས་འདོད།།
ད་ལྟ་དྲ་ཐོག་ཡོད་པས་ལན་ཞིག་གནོངས།།
སྙིང་གཏམ་གང་ཞིག་ཤོད་འདོད་ཡིད་ལ་ཡོད།།
མྱུར་མྱུར་བར་མཆན་འདི་བཏབ་པའི་ཚེ།།
ཉིད་དུ་དྲུང་དུ་འཕྲོད་པའི་རེ་བ་ཡོད།།
དངོས་ནས་ལས་དང་སྨོན་ལམ་ཅི་ཞིག་ཐེབས།།
ཡང་ཡང་དྲ་ཐོག་འདི་ནས་འཇལ་བ་ཡིས།།
སྙིང་གི་གཅེས་པའི་སྤུན་ཞིག་བསེ་རུ་ལགས།།
ད་ལྟ་དྲ་ཐོག་ཡོད་ན་ལན་ཞིག་གནོངས།།
ཤ་ཁྲག་རུས་གསུམ་དལ་ལྷོད་མེད་དང་གཅིག།
སྐུ་མགྲོན་འདི་ཚོ་འཚང་ཁ་ཆེ་དང་གཉིས།།
བསེ་རུ་ང་ནི་ལེ་ལོ་ཆེ་དང་གསུམ།།
དྲ་གྲོགས་དྲུང་དུ་ཡང་ཡང་བཅར་ཐབས་བྲལ།།
ལས་དོན་སྣ་ཚོགས་ཆུ་ཡི་རླབས་རིས་བཞིན།།
ཟང་ཟིང་རྒྱུ་བའི་སྨག་རུམ་འཐིབས་པ་བཞིན།།
དྲ་རྒྱའི་མཐུན་རྐྱེན་ཉིན་གྱི་སྐར་མ་བཞིན།།
ཟིན་བྲིས་མཆན་བུ་སྤེལ་བའི་བར་ཆད་ཡིན།།
གཡུ་དུག་སྤྲང་ལགས། རྒྱུན་མགྲོན་ཡིན་པས་དགའ་ནི་ཡིན། རྒྱུན་དུ་ཀློག་གི་ཡོང་གི་ཡོད་པ་དེ་བཞིན་དུ་སེམས་ལ་གང་ཤར་དེ་ལྟར་དུས་ཚོད་ཀྱི་ཁོམ་པ་བྱུང་ན་འདི་རུ་བསམ་ཚུལ་རེ་གནང་རྒྱུ་མ་བརྗེད་ཅིག་ལགས།
འབུར་ཐོ་ལགས། ཉིད་རང་དྲ་ཚིགས་འདིས་ནང་གི་སྤུན་ཟླ་གསར་བ་ཞིག་རེད་ལགས། ཉིད་ཀྱིས་ང་རང་ལ་དེ་འདྲའི་བསྟོད་བསྔགས་གནང་བ་ནི་དངོས་ནས་མི་འོས་པ་ཞིག་ཡིན་ལགས། གང་ཡིན་ཟེར་ན་བདག་ནི་ལག་པ་འདུག་མ་ཐུབ། སེམས་པ་བསྡོད་མ་ཚུག་པར་བོད་དོན་རེ་གླེང་ཁུལ་བྱེད་ཀྱི་ཡོད་པ་ལས། ད་ལྟའི་བར་དུ་དོན་རྩ་ཡོད་པ་དེ་འདྲ་འབྲི་མྱོང་ཡོད་པ་མ་རེད་ལགས། དེའི་སྒང་ལ་ང་རང་དག་ཆ་ཡག་པོ་མེད་ལགས། རེད་དེ། དྲ་ཚིགས་འདི་ན་ཁྱེད་རང་ག་ལེར་ཉུལ་དང་དངོས་ནས་མིང་དང་སྙན་གྲགས་སོགས་ཡོད་མཁན། རྩོམ་ཡིག་ཡང་ཚད་མཐོན་པོ་འབྲི་མཁན། དག་ཆ་ཡང་ཧ་ལས་པའི་ཡོད་མཁན་སྤུན་ཟླ་དངོས་ནས་མི་ཉུང་བ་ཞིག་ཡོད་ལགས། གང་ལྟར། སྐུ་ཉིད་འདི་རུ་ཕེབས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དེ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁོམ་དུས་སུ་ཡོང་གི་བསྡོད། ང་རང་ནི་སྤུན་ཟླ་སུ་ཞིག་ཡིན་ཡང་དགའ་བསུ་ཞུ་མཁན་ཞིག་ཡིན་ལགས།
གནམ་ལྕགས་ལགས། ང་རང་དེང་སྐབས་བདེ་འཚམ་ཡིན་ལ་ཞི་མོ་ཡང་བདེ་མོ་རེད་ལ། དགའ་རོགས་མ་ཡང་བདེ་མོ་ཡིན། ངེད་ཅག་ཚང་མ་སྔར་བཞིན་ཡིན་ལགས། ང་རང་ཉིན་ལྟར་དྲ་ཐོག་དུ་ཡོང་གི་ཡོད་ལ་དུས་ཚོད་གང་ཡོད་ལ་ཟིན་བྲིས་ཐར་ཐོར་རེ་ཡང་སྔར་བཞིན་སྤེལ་བཞིན་ཡོད་ལགས། ནོར་གླིང་ཨ་ཁུ་ཚང་ལ་ངས་འཚམ་འདྲི་ཞུ་བཞིན་འདུག་ཟེར་ནས་གསུང་རོགས་ཞུ། མི་འགྱངས་པར་ངས་ཁ་པར་ཞིག་ཁྱེད་གཉིས་ལ་གཏོང་ཆོག་ལགས།
ང་རང་ཉིན་ལྟར་ཁྱེད་ཚང་དུ་ཡོང་གི་ཡོད་ལ་རྩོམ་ཡིག་གསར་བ་རེ་སྤེལ་བ་མཐོང་དུས་ཀློག་བཞིན་ཡོད་ལགས། ད་ལྟ་ལས་གསེང་དུ་ནང་དུ་ཡོང་ནས་དུས་ཚོད་གཉིས་རིང་གི་ལས་གསེང་འདི་བེད་སྤྱད་དེ་དྲ་ཐོག་ལ་འཁོར་བཞིན་ཡོད་ལགས།
ཨོ་་ཤ་ཉེ་་་་ཤཁྲག་བདེ་མོ
རྒྱུན་མགྲོན་ཡིན་་་་ཀློག་གི་ལ་ཡོད
ཤ་ཁྲག་རུས་གསུམ་གྱིས་བྲིས་པའི་རྩོམ་ཡིག་ཁག་ལ་དངོས་གནས་དྲོ་བ་ཆེ་ཁི་དེའི་ཕྱིར་ང་དྲ་ཐོག་ལ་ཡོང་སྟེ་ཁྱོད་ལ་འཚམས་འདྲི་ཞིག་ཞུ་འདོད་བྱུང་། དེ་དང་ཆབས་ཅིག་ཏུ་ད་སྔོན་ངས་བཀླགས་ཟིན་པའི་རྩོམ་ཡིག་མང་ཆེ་བར་རྗོད་བྱེད་ཀྱི་ངོས་ནས་ཧ་ཅང་ཡག་པོ་འདུག་ལ་བརྗོད་བྱ་ལ་རྒྱབ་ལྗོངས་གང་འཚམ་འདུག ཡིནའང་ཁག་ཅིག་ནི་འགྲོ་བ་མི་ཞིག་གི་རིན་ཐང་ལ་རྩིས་མེད་བྱས་ཏེ་རང་འདོད་ཁོ་ན་གླེང་མཁན་ཡང་འདུག གང་ལྟར་ཡང་ཁྱོད་ལྟ་བའི་མི་གཞི་ཡོད་མཁན་ཚོས་ལམ་ཁ་འམ་མིག་དཔེ་བཟང་བོ་ཞིག་སྟོན་ཐུབ་ན་ང་ཚོའི་གཞོན་སྐྱེས་རྣམས་ཉིན་རེ་བཞིན་ཤེས་ཚད་བཟང་དུ་ཡོང་ཐུབ་པའི་རེ་བ་མཆིས།
ཨ་རོགས་ཤ་ཁྲག་ལགས། ཁྱོད་བདེ་མོ་ཡིན་ནམ། ཁ་སང་དེ་རིང་ཁྱོད་ལ་ཁོམ་པ་ཞེ་དྲག་མེད་པ་འདྲ་བས། ག་རེ་གནང་གི་ཡོད། ཞི་མོར་ན་བ་འདྲ་མེད་པར་འཚར་བཞིན་ཡོད་དམ། སྔར་བཞིན་དྲ་ཐོག་ན་མཐོང་རྒྱུ་མེད་པས་སེམས་ཅུང་བདེ་མ་སོང༌། དེའི་ཕྱིར་ཁམས་འདྲི་ཞིག་བྱས་པ་ཡིན། བདེ་མོ། རྗེས་མར་མཇལ། ཁ་སང་གཟའ་ཉི་མར་ནོར་གླིང་གི་ཨ་ཁུ་ཚང་ངའི་སར་ཡོང་སྟེ་ཁྱོད་ཀྱི་གནས་ཚུལ་འདྲི་བཞིན་འདུག ཁོས་ཁྱོད་དྲན་གྱིན་ཡོད་པ་འདྲ། ,
གཅེན་པོའི་རིགས་ལ་བཅིངས་པའི་སྙན་ངག་འདི།།
སྤུན་ཟླ་ཚང་མའི་མཚན་དང་འབྲེལ་ནས་བརྩམས།།
བརྩམས་པའི་སྙིང་བོ་ཤ་ཞེན་དྲི་མེད་པ།།
བསྐལ་བའི་མཐར་ཡང་འཇིགས་པ་མེད་པར་ཤོག།
གཉན་པོ་གཡུ་རྩེ་ཟེར་ནས་དགའ་ས་ཞིག།
མདང་བརྩེ་ཕྱི་ལ་ཕྱོགས་པའི་རིགས་ཤིག་ཡོད།།
ཕོ་བྲང་དམར་པོའི་སྟེང་དུ་སེང་དར་ཞིག།
ཉ་ཉོག་མེད་པའི་ཚུལ་གྱིས་བསྒྲེང་བར་ཤོག།
བསམ་བློའི་གོ་རྟོགས་ཚད་མཐོར་སླེབས་དང་གཅིག།
གླེན་བཤད་ངོ་མའི་བདེན་ཁ་གསལ་དང་གཉིས།།
འབྲོང་ཕྲུག་རྒོད་པོའི་བློ་སྟོབས་ཆེ་དང་གསུམ།།
དབུས་མའི་ལུགས་མཐུན་འདི་ཉིད་ངོ་མཚར་རྨད།།
མི་ནག་ལུང་གི་རྒྱབ་རྟེན་ཆེ་དང་གཅིག།
གངས་ཅན་ལོ་རྒྱུད་ལུང་ཁུངས་བཙུན་དང་གཉིས།།
ཆུ་སྐྱེས་དུངས་ཤིང་སྨྲ་བའི་འགྱུར་ཁུག་གསུམ།།
རང་དབང་སྨྲ་བརྗོད་འདི་ཡི་ངོ་མཚར་རྨད།།
ཚུར་ལེན་ཐབས་ལ་ཉིན་མཚན་བྲེལ་དང་གཅིག།
སློབ་ཆེན་ན་ཆུང་བརྩོན་འགྲུས་ཆེ་དང་གཉིས།།
ཕྱེ་ལེབ་དཀར་མོས་གཤོག་རྩལ་ངོམ་དང་གསུམ།།
ཆུ་རྒྱུན་ལྟར་དུ་མི་ཆད་ངོ་མཚར་ཆེ།།
ལ་བཏུས་ལུང་བཏུས་རིགས་ཞེན་དཀར་དང་གཅིག།
རིག་པའི་ཕོ་བྲང་ནོར་གྱི་གཏམས་དང་གཉིས།།
སྟག་མོའི་འཛུམ་དྲུག་སྡེར་རྩལ་འཁྱུགས་དང་གསུམ།།
འོ་མའི་རྒྱ་མཚོར་འཁྱིལ་བ་ངོ་མཚར་རྨད།།
མེ་འོད་ཟེར་མདངས་གོ་ལར་འཕྲོ་དང་གཅིག
དུག་ཆེན་རྨོངས་པའི་ཀློང་ལས་མཐར་དང་གཉིས།།
བརྩེ་སྐར་མཛུམ་མདངས་མངོན་དུ་གྱུར་དང་གསུམ།།
ས་མཐའི་བརྩེ་སེམས་འདི་ཡི་ངོ་མཚར་རྨད།།
གངས་རིའི་གླིང་བུ་རྣ་བའི་བུ་རམ་གཅིག།
སྙིང་གཏམ་ཚིག་གསུམཡིད་ཀྱི་བདུད་རྩི་གཉིས།།
སྦག་སྦག་འཁོར་ལོ་བདེ་བའི་མྱུར་རྟ་གསུམ།།
རྭ་ལོའི་གསོས་སུ་གྱུར་བའི་ངོ་མཚར་རྨད།།
དྲ་གྲོགས་གཞོན་ནུའི་ལྷག་བསམ་དཀར་དང་གཅིག།
གཟིན་བྲིས་ལྡུམ་རྭའི་མཚར་སྡུག་བཀྲ་དང་གཉིས།།
མ་འོང་ལམ་བུའི་མདུན་ལམ་མཐུན་དང་གསུམ།།
ངོ་མཚར་བཀྲིས་འདི་ནི་གངས་རིའི་རྒྱན།།
ཕྱི་ལུས་གནས་ཚང་གངས་ལྗོངས་འཛིན་མའི་གཞི།།
ནང་སེམས་གནས་ཚང་ཤ་ཁྲག་རུས་ཀྱི་སྒྲོམ།།
འཇིག་རྟེན་འདི་ན་ཇི་སྲིད་ནམ་འཚོའི་བར།།
གནས་ཚང་གཉིས་ཀྱི་དཀའ་དྲིན་ཕ་མཐའ་ཡས།།
ཤ་ལྟར་མཚུངས་པའི་མཐོང་སྒང་བོད་ཡུལ་འདིར།།
ཁྲག་རྒྱུན་རྒྱས་ལྟར་ཆོལ་གསུམ་མཛའ་སེམས་ཟབ།།
རུས་ལ་དུངས་ཞེན་ཆེ་བའི་མི་རིག་འདིའི།།
བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡོད།།
བསེ་རུའི་རྭ་ལྟར་ཆིག་བསྒྲིལ་ངོ་མཚར་གཅིག།
ཤ་ཁྲག་རྒྱས་ལྟར་ལ་རྒྱའི་གཏམ་གླེང་གཉིས།།
ཆུ་མོའི་རྒྱུན་ལྟར་ཆད་མེད་འབེལ་གཏམ་གསུམ།།
ཁ་བའི་བུ་ཡི་རང་གཤིས་འདི་ཉིད་རྨད།།
གྲྭ་སྨྱོན་ཕ་མཁར་དམར་པོ་དྲན་དང་གཅིག།
ས་མཐའི་འཚོ་བར་སྐྱོ་སྣང་མཐོང་དང་གཉིས།།
སྐད་ཡིག་སྲོག་བཞིན་སྲུང་སྐྱོབས་བྱེད་པ་གསུམ།།
ཕ་གཞིས་སྲུང་བའི་ངོ་མཚར་འདི་ཉིད་རྨད།།
བསམ་བློའི་གོ་ར
པ་ཕས་བུ་མོ་གསོས་ནས།།
ཕ་བུའི་འདུ་ཤེས་སྐྱོང་སོང་།།
བ་རའི་འོ་བ་སྤྲད་ནས།།
མ་འོངས་རྨི་ལམ་སྒུག་སོང་།།
འདི་འདྲ་རེད་དམ་་་་་་་་་་་་་་་་་་་་་འོ་ན་་་་་་་་་་་
ཙ་་་་
ཚ་་
འབུར་བཞིན་འོང་དུས་སུ་ཡིན་བསམ་སོང་མོད།།
ཐོ་འགོད་ཟིན་པའི་བོད་ཀྱི་བུ་ཞིག་རེད།།
ལས་དང་སྐྱིད་སྡུག་གཅིག་པ་རིགས་གཅིག་བུ།།
ནམ་ཡང་མ་ལྷོད་མདུན་་བསྐྱོད་བྱེད་པར་འཚལ།།
ཆུ་ཡི་རླབས་རིས་བཞིན་དུ་འཕྱོ་བཞིན་འདུག།
ཐིགས་ཕྲེང་ནག་པོ་བཞིན་དུ་གསལ་ལེར་འདུག།
སྔོན་མེད་རིག་པའི་བུ་ཞིག་ཡིན་རབས་འདུག།
མོ་མ་ལུང་བསྟན་འཆད་ལ་ཐོག་མེད་འདྲ།།
ཤ་ཁྲག་རུས་གསུམ་ཁྱོད་ཀྱིས། །
ཤ་རུས་གཅིག་པའི་ཆེད་དུ། །
ཤ་ཡང་མ་སྐམ་བར་དུ། །
ཤ་ཚའི་ཟིན་བྲིས་སྤེལ་སོང་། །
ཐུགས་རྗེ་ཆེ་ད་དུང་མུ་མཐུད་ནས་གཞོན་སྐྱེས་ཚོ་ལ་ཕན་པའི་རྩོམ་ཡིག་རེ་སྤེལ་ཐུབ་པའི་རེ་བ་ཤིན་ཏུ་ཆེ།
ཤ་རུས་ཐམས་ཅད་བོད་ཀྱི་ཡིན་རབས་ཟེར།།
བཤད་ཚད་ཐམས་ཅད་བོད་སྐད་ཡིན་རབས་ཟེར།།
བྱས་ཚད་ཐམས་ཅད་བོད་དོན་ཡིན་རབས་ཟེར།།
བོད་མི་ལ་རྒྱ་ཅན་པོ་ཁྱོད་བདེ་བོ།།
བཅོས། ང་ལ་བར་གསེང་སྐར་མ་སུམ་བཅུ་ཡོད།།
ད་ལྟ་ང་ལ་བར་གསེང་སྐར་མ་སུམ་བཅུ་ཡོད།།
སུམ་བཅུའི་རྗེས་སུ་སླར་ཡང་ལས་ཀ་རུ།།
སོང་ནས་སྒོར་རྡོག་ཆ་བོ་ལེན་ཆེད་དུ།།
རྐ་ལག་ཡོད་ཚད་འགུལ་ནས་འབད་དགོས་རེད།།
ད་ལྟ་ཕར་སོང་ཚུར་སོང་རྗེས་ཤིག་ལ།།
ཉིད་ཀྱིས་མཆན་ཞིག་བཏབ་པ་མཐོང་མ་ཐག།
ལན་གྱི་ཚུལ་དུ་གློག་ཀླད་སྲེད་སློང་འདིས།།
ཉིད་ཀྱི་བརྡ་ལན་དེ་ཡང་དུས་ཐོག་མཐོང་།།
ད་ལྟ་མེད་ལ་ད་ལྟ་མཐོང་བའི་ཚིག།
དྲ་ཁང་འདི་ནས་མིག་གིས་བཟུང་བའི་སྐབས།།
སྐུ་ཉིད་དྲ་ཐོག་ཡོད་པའི་ངེས་ཤེས་ཀྱིས།།
མྱུར་བ་ཉིད་དུ་མཆན་འདི་བཏགས་པར་ཐལ།།
བསེ་རུ་ལགས།
གློག་ཀླད་བུད་མེད་ཅིག་ཡིན་རྒྱུ་ན།།
ཉིན་མཚན་དཔྱེར་མེད་ཅིག་འགྲོག་འདོད་ཡོད།།
ཁ་ཁོག་མེད་པ་ཡི་སེམས་གཏམ་དག།
བུད་མེད་འདི་ཉིད་ལ་བཤད་འདོད་འདུག།
བསེ་རུ་འདོད་པ་ཡི་སྤུ་ལོང་ཅིག།
གློག་ཀླད་སྙིང་སྡུག་གི་བཞིན་རས་སུ།།
ཡང་ཡང་ཕེབས་པ་འདི་བསམ་ཐེངས་རེ།།
བཅོས་མེད་དྲི་མེད་ཀྱི་ངོ་གསོ་བསྟོད།།
ཤ་ཁྲག་རུས་གསུམ་གློག་ཀླད་བུ་མོའི་དྲུང་།།
མིག་ཟུང་གཅེར་བཞིན་ཟིན་བྲིས་ངང་མོ་ཟུང་།།
ཡང་ཡང་འཕུར་བཞིན་དགའ་བདེར་ལོངས་སྤྱོད་སྐབས།།
བསེ་རུ་ཡང་འདོད་པའི་སྤུ་ལོང་གཡོ།།
ལི་མའི་སྐུ་བརྙན་བཞིན་དུ་རང་ཚུགས་ཅན།།
ཐང་ཀ་རྩ་ཆེན་བཞིན་དུ་རིན་ཐང་ཅན།།
བཤད་ཚུལ་རིག་ལམ་ལྡན་པ་གངས་ཅན་བུ།།
སྒྲུབ་པ་ཉམ་ལེན་ཅན་གྱི་བཙུན་པ་བསྟོད།།
གནས་ཚང་ལ། གནས་ཚང་ལགས་སུ་བཅོས་རོགས།
ཧ་ཧ་ཤ་ཁྲག་ལགས་ད་ལྟ་དྲ་ཐོག་ཏུ་ཡོད་དམ།
འདི་ནི་ཕོ་མོ་ཕན་ཚུན་ཚིག་རྒྱག་བྱེད་པའི་རྩོམ་གཞིའི་འགྲོས་ལྟ་བུར་གྱུར་འདུག་པས། ལྷག་པར་གནས་ཚང་ལ་བུ་མོ་ཞིག་ཡིན་ན། བརྩེ་དུང་གི་ཚོར་འདུ་དང་བསྲེས་ནས་ཕན་ཚུན་ཚིག་རྒྱག་གཏོང་རེས་གནང་ན་ཅི་འདྲའི་ཕུན་སུམ་ཚོགས་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་འགྱུར་རྒྱུ་མ་ཡིན་ནམ།
སྐར་ཁྲི་བཙན་ལགས། ནངས་ཇ་མ་འཐུང་གོང་དུ་ཁ་ཕྱེ་ནས་བརྡ་ཞིག་བཞག ནངས་ཇ་འཐུང་རྗེས་བསམ་ཚུལ་ཐུང་ཐུང་བཀོད་དེ་ཐེབས་ཟིན་འདུག ངེད་ཅག་གི་རང་གི་རིགས་ལ་ནམ་ཡང་འཁོན་འཛིན་བྱེད་མི་སྲིད་ལ། བྱེད་ཀྱང་རུང་བ་མིན་ནོ། དེའི་ཕྱིར་བསམ་ཚུལ་མི་མཐུན་པ་ཞིག་ལ་ཁག་བཞག་ནས་འཁོན་འཛིན་བྱེད་མཁན་དག་ནི་ཁོག་སྟོང་རེད་ཟེར་ན་མ་ཆོག་པ་མེད་པར་འདོད་ལགས།
འཁོན་འཛིན་མེད་ན་རྩོད་པ་འདི་ཡག་གི་སྙན་གྱི། ཡར་རྒྱལ་ལ་ཕན་ཐོགས་ཀྱི་རེད།
ནོར་བཅོས
རང་རིགས་སྐད་ཡིག་ནོར་བུའི་ཁྲོད་དུ།།
སྤུན་ཟླ་བོད་ཤ་ཁྲག་རུས་གསུམ་ལགས།།
དྲ་ཐོག་ནས་གནས་ཚང་དང་འཕྲད་པ།།
སྙན་འཇེབས་ཀྱི་གཏམ་གླིང་སྙིང་པོ་རེེ།།
བོད་ཡིག་གི་མཛེས་རྒྱན་རུ་གྱུར་འདུག།།
རང་རིགས་སྐད་ནོར་བུ་ཡི་ཁྲོད་དུ།།
མི་རིགས་ཀྱི་ལས་དབང་ལ་བསམ་ནས།།
བོད་ཡིག་གི་རིན་ཐང་དེ་ངོམ་ན།།
བོད་ཤ་ཁྲག་རུས་གསུམ་དངོས་མཚོན་པ།།
དྲ་གྲོགས་ཤ་ཁྲག་རུས་གསུམ་ཞོགས་པ་བདེ་ལེགས། ཕེབས་ན་ངོ་མ་དགའ་ནི་ཞིག་རེད། འོ ངས་ནང་ཆུ་འཐུང་རྗེས་ཡར་བསྐྱར་ཡོང་གི་ཡིན།