འཕྲིན་ལས་ལགས། ངས་ཀྱང་ཡུན་རིང་ཞིག་ལ་འདིའི་བསྐོར་ལ་སེམས་འཁྲལ་དང་བསམ་བློ་མི་ཉུང་བ་ཞིག་བཏང་མྱོང་ཡོད་ལ། དེ་བས་མི་ཚད་རང་གི་ཟིན་བྲིས་ནང་དུ་ཡང་བོད་ནང་གི་ལག་ལེན། བྱེས་པའི་ཁ་ཟེར་བའི་རྩོམ་ཡིག་ཞིག་ཀྱང་སྤེལ་ཁུལ་བྱས་མྱོང་ཡོད་མོད། རེད་དེ། བཙན་བྱོལ་བ་ཆེས་མི་ཉུང་བ་ཞིག་དཔལ་འབྱོར་གྱི་བྲན་གཡོག་དུ་འཚུད་དེ་རང་རིགས་ཀྱི་སྐད་ཡིག་སྲུང་སྐྱོབས་ནི་ནམ་རྒྱུན་ཚོགས་ཐོག་གི་གཏམ་བཤད་སྐབས་སུ་མ་གཏོགས་ལག་ལེན་འདེབས་མཁན་དངོས་ནས་དཀོན་པོ་ཆགས་ཡོད་པ་རེད། རེ་ཟུང་ཡོད་ཀྱང་དེ་དག་ཡར་ལངས་ཐུབ་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ནི་བྱེས་པ་དག་གི་རང་སྐད་ལས་གཞན་སྐད་ལས་མཐོང་ཆེན་དང་བརྩི་མཐོང་བྱེད་ཀྱི་ཡོད་པས་རེད་ལགས། ད་དུང་། རྒྱ་ནག་བོད་དུ་འཛུལ་བ་ལས། བོད་ཡིག་ལ་དབྱིན་ཡིག་གི་བཙན་འཛུལ་ཐེབས་པ་སྡུག་ཟེར་བའི་ཟིན་བྲིས་ཤིག་ཀྱང་སྤེལ་བ་ཡིན། དེ་དག་ནི་གཙང་བོའི་ནང་དུ་རྡོ་འཕངས་པ་ལྟར། ང་ནི་ཤེས་ཡོན་གྱི་ཆུ་ཚད་དམའ་བའི་ཡིན་རྒྱུ་རེད། དེའི་བསྐོར་ལ་གླེང་མོལ་ཤུགས་ཆེན་བྱེད་མཁན་ཞིག་མི་འདུག་ལགས། དེ་ལས་དགོད་སྤྱད་རེ་དང་ཉིན་མ་འགྲོ་ཐུབ་ཀྱི་སྐད་ཆ་རེ་བཤད་མཁན་ལ་ལྟ་མཁན་དང་ཉན་མཁན་ཇེ་མང་རེད་འདུག་ལགས། དངོས་ནས་འུ་ཅག་བྱེས་ལ་གྱར་བ་འདི་ནི་ནོར་འཁྲུལ་ཡིན་ས་རེད།
བོད་ཡིག་བོད་སྐད་ལ་བོད་པའི་གོང་ཆེན་མི་བྱེད་པ་དང་བོད་གཞས་དང་བོད་གླུ་ལ་བོད་པའི་ཉན་འདོད་མེད་པའི་བོད་མི་གཞོན་སྐྱེས་མི་ཉུང་བ་ཞིག་རང་རང་གི་ཁོར་ཡུག་འཚར་ལོངས་བྱུང་དེ་འོང་བ་མཐོང་དུས་སྐུ་ཉིད་ཀྱི་སེམས་ཁོང་དུ་ག་རེ་དྲན་གྱི་འདུག་ལགས། འུ་ཅག་བྱེས་ལ་བཅར་བ་ནོར་བ་རེད་དམ་སྙམ་བཞིན་ཡོད་དམ་ལགས།
སྤུན་ཟླ་ཚོ་ཁྱེད་ཅག་གི་སྐད་ཆ་དྲང་མོ་རེ་ཤོད་དང་། འུ་ཅག་གིས་བྱེས་ནས་བོད་ཡིག་དང་བོད་སྐད་ལ་ཞབས་འདེགས་ག་རེ་སྒྲུབ་ཐུབ་ངེས་ཡིན་ལགས།
ཡང་ཡང་བཀླགས་པ་ཡིན། བློ་འབབ་ཅིག་བྲིས་འདུག མུ་མཐུད་སྒུག་ནས་ཡོད།
ཆུ་ཁོལ་མའི་སྟེང་ཆུང་གྲང་བླུགས་པ་དང་ཆ་རེད།།
སེམས་ཤུགས་དང་ནུས་ཤུགས་ལ་དཔག་པའི་འཕགས་ཚགས་རྒྱག་མཁན་ནི་བོད་ནང་ལ་བཞུགས་པའི་སྤུན་གྲོགས་རྣམས་རེད།
ཁོང་རྣམས་འཕགས་ཚར་ནས་ཚེ་སྲོག་གི་དམུ་ཐག་ཆད་ཚར་བ་རེད།
རང་དབང་ལུང་པར་བཞུགས་མཁན་རྣམས་
གཅེན་པོ་ལགས། སེམས་ཤུགས་ཞན་པའི་ཁོར་ཡུག་ནས་མི་རིགས་ཤིག་གི་དོན་དག་བྱེད་རྒྱུ་དེ་ནི་ལས་སླ་བོ་ཞིག་མིན་ཡང་། སེམས་ཤུགས་ཡོད་མཁན་གྱི་སྤུན་ཟླ་དག་གིས་སྣེ་དྲངས་དེ་འོང་ན། སྤུན་ཟླ་གཞན་དག་ལ་སེམས་ཤུགས་འཕར་ངེས་ཡིན་ལ། རང་ཉིད་ཀྱང་བོད་ཡིན་པ་དྲན་ངེས་ཡིན། རྒྱུ་མཚན་ནི་རང་ཉིད་བོད་ཀྱི་ཁོར་ཡུག་དུ་བསྡད་ཡོད་པ་དང་བོད་པ་སྤུན་ཟླ་དག་གིས་ལས་འགུལ་སྤེལ་ནས་འོང་དུས་བསྡོད་བཟོ་མེད་པ་ཆགས་ངེས་ཡིན་ལགས། རེད་དེ། འུ་ཅག་གི་ཁོར་ཡུག་དུ་ང་རང་ལྟ་བུ་ཁ་སྐྱག་ལང་དུ་ཤོར་མཁན་མང་བ་ལས། ལག་འགུལ་ནས་ལམ་དུ་ཞུགས་མཁན་དངོས་ནས་དཀོན་པོ་རེད་ལགས། རེ་ཟུང་ཞིག་ཡོད་ཀྱང་དབུགས་ཐག་ཐུང་གི འདི་དག་བསམ་དུས་མཚམས་རེར་རང་གི་རང་ལ་ཡང་ཚུགས་པ་སེམས་གཏིང་ནས་ཟ་གི་འདུག་ལགས།
ཤ་ཁྲག་ལགས་ཁྱེད་རང་གི་གསུངས་པའི་རྒྱུ་མཚན་ལ་གནས་ལུགས་ཆེན་པོ་འདུག
ངེད་རང་ཚོའི་དབུ་འཁྲིད་༧གོང་ས་མཆོག་འདྲ་བ་ཕལ་ཆེར་འཛམ་གླིང་འདི་ཉིད་སྟེང་ཡོད་མ་རེད་ཟེར་བཤད་ནའང་བཤད་མཆོག་མཆོག་རེད། འོན་ཀྱང་ངེད་གཞི་བྱེས་གཉིས་ཀྱི་མི་མང་རྣམས་ཀྱི་རང་ཉིད་གཅིག་པུའི་ཁེ་དབང་ལ་བསམ་ནས་སྤྱི་དོན་ལ་དེ་ཙམ་གྱི་དོན་ཆེན་མ་བྱས་པས་ངེད་ཚོའི་ལམ་དེར་ཡང་དག་པ་ཞིག་འགྲོ་ཐུབ་གི་མི་འདུག ལྷག་པར་དུ་རང་དབང་ལུང་པར་ཡོད་པ་རྣམས་སེམས་ཤུགས་གཞན་ཙམ་འདུག
སྨད་མཆོག་ལགས། གསར་དུ་ཕེབས་པའི་སྤུན་ཟླ། འདི་རུ་ཕེབས་པ་སེམས་གཏིང་ནས་དགའ་ནི་ཡིན། རྗེས་ཕྱོགས་ཀྱང་གང་ཐུབ་ཅིག་ཕེབས་རྒྱུ་མ་བརྗེད་ཅིག དཔར་སྙིང་རྗེ་མོ་འདུག་ན་ཁྱེད་རང་ལ་སྤྲད་ཡིན་འཁུར་ནས་སོང་ན་འགྲིག
ཁྱེད་ཀྱི་རྩོམ་ཡིག་ཧ་ཅང་ལེགས། དེ་བས་ང་རང་བལྟ་འདོད་པ་ནི་མདུན་གྱི་འདྲ་པར་དེ་རེད།་ ཀུ་རེ་ཡིན་ཨ་རོ།། བདེ་མོ་བྱོས། ཚེ་རིང།
གཅེན་པོ་ལགས། ངེད་ཅག་ལ་གྷན་དྷི་ལས་ལྷག་པའི་དབུ་ཁྲིད་ཅིག་ཡོད་ཀྱང་། ངེད་ཅག་གིས་ཁ་ཙམ་༧ཁོང་གིས་རྗེས་སུ་འགྲོ་བཞིན་ཡོད་པ་ལས། ད་ལྟའི་བར་དུ་རྐ་ལག་ཚང་མ་༧ཁོང་གིས་བསླབ་སྟོན་འོག་དུ་གཞུང་དམངས་གཉིས་ཀྱིས་སུ་ཞིག་ཡིན་རུང་སོང་མེད་པ་དེའི་ལན་པ་རེད་ཟེར་ན་འགྲིག་གི་ཡོད་ལགས། སྐུ་ཉིད་ལ་དེའི་ཐད་དུ་བསམ་ཚུལ་ག་འདྲ་ཡོད་ལགས། བདག་གིས་ནམ་རྒྱུན་དུ་དེ་འདྲ་ཞིག་དྲན་གྱི་ཡོད་ལགས།
གཅན་བཟོད་རྒྱམ་ལགས། ད་གཟབ་གཟབ་བྱོས་མ་གཏོགས། རྡ་ས་མི་ཚོགས་འདུ་ས་ནས་མཇེ་མགོ་དེ་བདག་པོ་རྒྱོབས་དང་མ་གཏོགས་བུ་མོ་ཤ་འདྲ་བོའི་དེའི་ནད་ཚ་དུག་འདྲ་ཞིག་འགོས་མ་སོང་ན་ཁེ་བཟང་རེད་ལགས། དངོས་ནས་གཟབ་རྒྱུ་གལ་ཆེན་པོ་ཡིན། བོད་པ་ཚང་གི་བྱེས་པའི་ཁྲོད་དུ་ཁྱེད་ཉིད་ལྟ་བུའི་བོད་ཡིག་གི་ལས་དབང་ལ་ཁ་ཞེ་གཉིས་ཀྱི་འགན་འཁུར་མཁན་ཉུང་བས་ཁྱེད་རང་མགྱོགས་པོ་ཤི་མི་རུང་། དེ་ངས་འདོད་པ་ཡིན། བུ་མོ་དགོས་ན་རང་གི་རིགས་ལ་སྙིང་གཏམ་རེ་ཤོད་དང་། དེ་ནི་འདྲིས་བདེ་བ་དང་ཚོར་བ་དེ་ཡང་དེ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་སྟེར་ངེས་ཡིན། དངོས་ནས་ཟ་ལེ་རྒྱལ་འཁྲབ་རྒྱུ་ཡིན་ན་ནི། ཟ་ལེ་རྒྱལ་ལགས་ཀྱི་དྲ་ཚིགས་ལ་ཐོ་འགོད་བྱོས་དང་དེ་ནས་ཟ་ལེ་འཁྲབ་ས་ཞིག་རེག་ཁོ་ཐག་ཡིན་ནི་རེད།
ངེད་ཅག་ཚོ་བྱེས་ལ་འབྱོར་བ་དངོས་གནས་ནོར་བ་དང་འགྲིགས་པ་བཤད་ཚོད་དཀའ་མོར་གདའ། རྒྱ་གར་གྱི་སྐད་གྲགས་ལྡན་པའི་གྷན་དྷི་རྗེའི་འཚེ་བ་མེད་པའི་འཐབས་རྩོད་བྱེད་སྟངས་ལ་ལྟ་ན།
ངེད་ཚོ་བྱེས་སུ་འབྱོར་བ་ནོར་བ་འདྲ་པོ་འདུག
གང་ཡིན་ཟེར་ན། གྷན་དྷི་མཆོག་གིས་རང་ཉིད་འགྱེལ་སའི་གནས་ནས་རང་ཉིད་ཡར་ལངས་པ་རེད། མ་ཟད་རྒྱབས་སྐྱོར་ལ་མི་དམངས་དུངས་འཕྱུར་མང་པོ་ཡོད་པ་རེད། ངེད་ཚོ་འཐབས་རྩོད་བྱེད་ས་གཞན་གྱི་ཡུལ་དང་འཐབས་རྩོད་བྱེད་མི་ས་ཡ་དྲུག་དེའང་ཁ་ཐོར་དུ་ལུས་པ་ལ་བསམ་ན་ཧ་ཅང་བཤད་ཚོད་དཀའ། གྲོགས་ཤ་ཁྲག་ལགས།
ཤ་ཁྲག་ལགས་དེ་རིང་དྲ་ཐོག་ན་ཡོད་ན་ངེད་ཚ་ལ་ཅིག་ཤོག་དང་། འདྲ་པར་འཇོག་སྐབས་མཐའ་ཤན་ཆེ་ཆུང་གི་ཨང་གྲངས་ཇི་ལྟར་གདམ་དགོས་པ་རེད་དམ། ལན་ཞིག་གནང་རོགས། མདང་དགོང་ཁོ་རི་ཡའི་ཞི་མོ་ཤ་འདྲ་བ་བཤད་ན་རྣར་མི་འགྲོ་བ་ཞིག་ཐོབ་བྱུང་། ད་ལྟ་དྲན་བཏང་ན་ད་ལྟ་རང་རྒྱུགས་བཏང་ན་འདོད་གི མོ་ཉི་མ་གསུམ་བཞི་ཞིག་ལ་འདུག་རྒྱུ་ཟེར་གི ངེད་གཉིས་ཀྱིས་སྐྱིད་ཇི་ལྟར་རྒྱབ་པ་རྗེས་སུ་བཤད་ཆོག ཨིན་ཨིན་་་་མོའི་ནུ་མ་དང་བརླ་ཤ ད་དུང་མྱིང་གི་མི་འཛིན་རྒྱུའུ་དེ། ང་ཐོག་ན་འགུལ་བཞིན་པའི་སྐབས་ཀྱི་ཁོ་མོའི་ཧུན་སྒྲ་དེས། ངའི་མཇེ་ངན་ཟེར་ནོ་ཇེ་སྦོམ་ནས་ཇེ་འཁྲག་སོང་སྟེ། ཨ་ཨ་་་་་་ང་ཟེར་ནོ་དྲན་པའང་ཐོར་སོང་ཟིག ད་གཞུག་ནས་བཤད་གཞུག་ནས་བཤད།
འབུར་ཐོ་ལགས། དཀའ་བའི་ལས་དེ་སྒྱིད་ལུག་ངང་དུ་བཞག་པ་ཡིན་ན་ནི། གྱོང་རྒུད་བོད་སྤྱི་ལ་འཕོག་པ་ལས་རྒྱའི་སྲིད་གཞུང་ལ་མི་འཕོག་པ་མ་ཟད། ཆོས་ལུགས་ལ་རང་དབང་སྤྲོད་དགོས་ཀྱི་ཡོད་པ་རེད་ཟེར་ནས་གཡམ་རྒྱུགས་བྱེད་མཁན་གྱི་མགོ་སེར་དེ་ཚོས་གང་ཡང་བྱེད་ཐུབ་ཀྱི་མ་རེད་ལ། ཁོང་ཚོ་ལ་བོད་འདི་བ་ཚང་གི་ཆོས་ལུགས་ཀྱི་རང་དབང་ཟེར་བ་དངོས་དེ་གང་རེད་ཟེར་ནས་དྲི་བ་གསལ་བོ་ཞིག་བཏང་བ་ཡིན་ན་ང་ལ་ནི་གསལ་བོ་ཞིག་བཤད་རྒྱུ་མེད། ཁྱེད་ཅག་བོད་པ་ཚང་གི་བླ་རྒན་དེ་ཚོས་སྐད་རྒྱག་གི་འདུག་སྟབས། དེ་ལ་གདུང་སེམས་མཉམ་བསྐྱེད་ཅིག་བྱས་པ་ལས་རྒྱུ་མཚན་གཞན་པ་གང་ཡང་མེད་ཟེར་ནས་འདུག་ངེས་ཡིན། བོད་མི་གླེན་རྒན་རེ་ཟུང་གིས་རང་གི་ཚེ་འདིའི་སྐྱིད་སྡུག་ཡིན་མིན་ཡང་གསལ་བོ་ཞིག་བཤད་དཀའ་བའི་གཟུགས་མེད་གདོན་འདྲེའི་རིགས་སུ་ཡིད་ཆེས་རྨོངས་འཐོམ་བྱེད་པ་འདི་དག་ལ་དངོས་ནས་སྙིང་རྗེ་བའི་ཡུལ་ཞིག་རེད་མི་འདུག་གམ་ལགས།
ཤ་ཁྲག་རུས་གསུམ། ངས་དེ་རིང་གོང་གི་ཁྱོད་ཀྱི་རྩོམ་ཡིག་དེ་བཀླགས་རྗེས་དུས་རྟག་ཏུ་ངའི་སེམས་ནང་ན་འཇགས་མི་ཐུབ་པའི་ནད་ཚ་དེ་ཁྱོད་ཀྱིས་སླར་ཡང་དཀྲུགས་སོང་། ཡིན་འང་། དེ་བདེ་ཐབས་དཀའ་ཧ་ཅང་དཀའ་ཁི་ཡ།
གཉན་འདང་ཕོ་ཉ་ལགས། ༧རྒྱལ་བའི་བཀའ་ལས་སྒོར་མོ་དྲིན་དུ་ལྟ་བའི་མི་མི་ཉུང་བ་ཞིག་གིས་དེང་སང་སྒོར་རྡོག་ཆ་རེ་རེག་རྗེས་ཁ་ནས་གང་བཤད་དང་ལག་ནས་ཅི་བྱེད་སོགས་ལ་ལྟ་གསོ་མེད་མཁན་ཡང་། སྐུ་ངོ་ཚོ་གཅིག་བུ་མ་རེད་ཡ་་་
དངོས་ནས་འདི་རིགས་མཐོང་ནས་འོང་དུས། དམིགས་བསལ་གྱིས་སྲུང་མ་ཁ་ལ་འཁྱེར་མཁན་གྱི་སྲུང་མའི་དམག་མི་དེ་ཚོ། སྲུང་མ་ཟེར་ནས་རང་གི་བླ་མ་ཡིན་ན་འགྲིག བོད་མི་རིགས་ཀྱི་བདེ་སྡུག་ལ་ཡང་ཁ་ཡ་མི་བྱེད་མཁན་དེ་ཚོ་དངོས་ནས་སེམས་བསམ་པའི་གཏིང་ནས་སྐྱོ་དགོས་པ་ཞིག་རེད། མི་འདིའི་རིགས་བོད་ལ་ཕན་པ་ལས་གནོད་དུ་འགྱུར་བཞིན་ཡོད། ཁོང་ཚོས་ཆོས་ལུགས་ཀྱི་རང་དབང་ཟེར་ནས་སྐད་རྒྱག་གི་འདུག་པ་ལས། སྲུང་མ་ངན་ནེ་ངུན་ནེ་ཞིག་གི་དེ་འདྲ་ཞིག་གི་ཆེད་དུ་ཕྱི་རྒྱལ་བ་མགོ་སེར་གསར་བ་ལ་དགའ་མཁན་མི་ཉུང་བ་ཞིག་་གིས་ཀྱང་བདེན་ཚོད་དུ་བཟུང་དེ་ཧོལ་རྒྱུགས་བྱེད་བཞིན་པ་དེ་དག་མཐོང་ནས་འོང་དུས། ནང་ཆོས་བྱེད་མཁན་གྱི་དགེ་འདུན་པ་ཡིན་ཟེར་མཁན་འདི་དག་གི་རྒྱུད་དུ་འདྲེ་ཞུགས་པ་འདི་ལ་ཡ་མི་མཚན་ནམ།
ད་དངོས་ནས་ཁྱེད་རང་ལ་ཁག་མི་འདུག ཁ་སང་དེ་རིང་རྨི་ལམ་ཚུན་ཆད་དུ་མགོ་སེར་མ་ཞིག་རྨི་ལམ་དུ་རྨིས་བཞིན་ཡོད་པ་འདྲ། གང་ཡིན་ན་ཡིན། ད་ངས་ཁྱེད་རང་ལ་མཇེ་དུད་སྒམ་ཆུང་འདི་སྤྲད་པ་ཡིན། དེ་རིང་ནས་བཟུང་སྐུ་ཉིད་ལ་དབང་བ་ཡིན། ལྡི་ལིར་སོང་ན་བུད་མེད་ལ་དགོས་པའི་ཅ་དངོས་ཡོད་མེད་མི་ཤེས་དེ། ཕོ་རྐྱང་དག་ལ་དགོས་པའི་རྒྱ་གར་བུད་མེད་མཛེས་མ་མང་རབས་ཡོད་པ་རེད། དེ་དུས་ཁྱེད་རང་གིས་མགོ་སེར་མ་དེ་ཚོ་བརྗེད་སྲིད་པ་ཡིན། ཧཧཧཧཧ
ཧཧཧཧཧ
གཅན་བཟོད་རྒྱམ་ལགས། ཁྱེད་ཀྱི་གནབ་སེམས་མ་བྱེད་དང་། ང་ད་ཆ་ལྡི་ལི་ལ་ཡོད། གལ་སྲིད་འདི་ཕྱོགས་ལ་མཇེ་ཐལ་དེ་འདུག་ན་ངས་ཁྱེར་ཡོང་། འོ་རེད་ཁྱོད་ཀྱི་མཚན་མ་ཁྱིས་སོས་སོང་ངམ།
ཧཧཧཧཧཧ་་་་་་་་་་་་
བོད་ཤ་ཁྲག་ལགས།
མགོ་སྒུར་བྱེད་ནས་སྐུ་ངོ་ཟེར་མཁན་ནི། ངོ་དགའ་ཙམ་རེད། དེར་བརྟེན་བཙན་བྱོལ་སྤྱི་ཚོགས་ནང་གི་ཁྲིམས་ཁང་གིས་ཉེས་ཅན་པར་བཀའ་རྒྱ་བཏང་ཡང་ཉན་མཁན་མེད་པ་ཐོས་རྒྱུ་འདུག
འདི་ཚོ་ལའང་སྐུ་ངོ་ཚོའི་མཛད་རྗེས་དང་འབྲེལ་བ་ཡོད་དྲན།
གཞན་སྐུ་ངོ་ཚོའི་བུ་ཕྲུག་དེ་ཚོ་ཕྱི་རྒྱལ་གྱི་མཐོ་སློབ་དང་རྒྱ་གར་གྱི་སློབ་གྲྭར་བཏང་ནས་ཁྱིམ་ནང་དུའང་དབྱིན་སྐད་རྒྱབ་བཅུག་གིན་འདུག
དེ་ནི་མི་ཆེན་དང་དཔོན་ཆེན་གྱི་ཉམས་ཁུལ་མིན་ནམ་སྙམ།
འདི་ཚོ་ལ་༧རྒྱལ་བའི་བཀའ་ཕབ་ཀྱང་ལྡོག་ཤེས་མི་འདུག
བྱས་ན་དགོན་པ་ཁག་གི་དགེ་སྐོས་ཚོ་ལ་རེ་བ་བཅོལ་ན་བཟང་གི་དྲན།
ཧཧཧཧཧཧཧཧཧཧཧཧ
ཐ་མ་མཇེ་མགོ་ཅན་དེ་སྒམ་གཅིག་ཡོད་རྒྱུ་ན་ད་ངས་མགོ་སེར་མ་ཤ་འདྲ་བ་ཞིག་ཁུགས་མི་ཁུགས་ཡོད་རྒྱུ་མ་རེད། ཨ་ཤུ་རེ་ཁོ། རྡ་ས་ཁུག་མ་འདྲ་པོ་འདི་ན་ཞི་མོ་ཚོ་དགའ་བའི་ཅ་ལག་ཅིག་ར་ཉོ་རྒྱུ་མེད་ཀི སང་ཉིན་ལྡི་ལི་ལ་ཅོག་འགྲོ་དགོས་ས་རེད།
གཉན་འདང་ཕོ་ཉ་ལགས། ཉིད་ཀྱིས་བསམ་ཚུལ་གནང་བ་དེ་ལ་དགའ་བསུ་ཞུ་ལགས། ཡིན་ཡང་། འུ་ཅག་གིས་ད་ལྟའི་བར་དུ་བོད་མིས་བོད་ཡིག་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་དགོས་པར་གཞུང་སྒེར་ཚང་མའི་ངག་ལ་ཆུ་རྒྱུགས་རྒྱུགས་བཞིན་དུ་བྱང་ཆ་ལྡན་ཡོད་ཀྱང་། དམིགས་་བསལ་གྱིས་གཞུང་འབྲེལ་སྐུ་ངོ་དག་གིས་བཀའ་སློབ་གང་དུ་གནང་ན་ཡང་བོད་ཀྱི་རིག་གཞུང་ཉམས་པ་སོར་བཅུད་མི་ཉམས་གོང་འཕེལ་ཟེར་བ་ནི་རླུང་ལྟར་གྲགས་ཀྱི་ཡོད་ཀྱང་། དོན་དངོས་སུ་བོད་ཡིག་ལ་རིན་གོང་མི་སྤྲོད་མཁན་དང་བདག་པོ་མི་རྒྱག་མཁན་དེ་ཡང་དེ་དག་གི་གྲངས་དེ་ཆགས་ཡོད་ན་དེ་ལ་སྐུ་ཉིད་ཀྱིས་བསམ་ཚུལ་གང་ཞིག་གཟིགས་ཀྱི་ཡོད་དམ་ལགས། དཔེར་ན་བཀའ་བློན་ཁྲི་ཟུར་དག་དང་མི་ཆེན་དཔོན་ཆེན་མི་ཉུང་བ་ཞིག་གིས་བུ་ཕྲུག་དག་གིས་བོད་སྐད་ཤེས་མཁན་ཉུང་བ་མ་ཟད། བོད་ཡིག་ལ་དུངས་ཞེན་ཡོད་མཁན་ནས་བོད་ཡིག་ཤེས་མཁན་དཀོན་པོ་ཆགས་ཡོད་ཀྱང་། ད་དུང་བོད་པ་དག་གིས་མགོ་བོ་སྒུར་སྒུར་བྱེད་ཞོར་དུ་སྐུ་ངོ་ཟེར་ནས་བཀུར་དོན་གང་ལ་ཐུག་འདུག་སྙམ་གྱི་ཡོད་ལགས།
བོད་ཤ་ཁྲག་ལགས་ངས་ཚིག་ཁ་ཤས་ཤིག་བཤད་པ་ལས་དུས་ཚོད་མང་པོ་མེད།
དེ་ཡང་ཡིག་གི་གནད་དོན་གསོ་སྐྱོང་ཡག་པོ་ཡོང་བ་ལ་གཞུང་སྒེར་རྡོག་རྩ་ཆིག་བསྒྲིལ་གྱིས་ལས་དོན་སྒྲུབ་དགོས་པ་ཡིན། དེ་ཡང་གཞུང་གིས་བོད་ཡིག་དང་བོད་སྐད་ཀྱི་ཁོར་ཡུག་དུས་རབས་མཐུན་པའི་མང་པོ་དང་ཡག་པོ་འཛུགས་བསྐྲུན་བྱེད་རྒྱུ་དང་། དེ་ཡང་བོད་ཡིག་ཚད་ལྡན་ཅན་ལ་མཐོང་ཆེན་དང་ལས་གནས་ཡག་པོ་སྤྲད་དགོས་པ་སོགས་དང་།
སྒེར་གྱིས་ནམ་རྒྱུན་ནས་ར་མ་ལུག་སྐད་ཀྱི་རྩ་མ་ཚང་བའི་བོད་སྐད་མི་རྒྱག་པ་དང་། བོད་ཡིག་དང་བོད་སྐད་ནི་རང་གི་མི་ཚེ་ཞིག་བགོ་སྐལ་དེ་ཡིན་བསམ་པའི་ཐོག
སློབ་ཡག་པོ་ཡོད་མཁན་ཚོས་རིས་མེད་ཀྱིས་སློབ་གསོ་སྤྲད་པ་དང་། གཞན་བོད་ཡིག་གི་ཆུ་ཚད་ཡག་པོ་མེད་པའི་མི་ཚོས་ནམ་ཡང་དོན་གཉེར་གྱིས་མི་ཚེའི་རིན་ཐང་འདིས་བསྐྲུན་ཨང་བསམ་པའི་ཆོད་སེམས་དང་སྤོབས་པའི་ངང་སྦྱོང་བརྩོན་བྱེད་དགོས་དྲན།
དེའི་ནང་ནས་གཞུང་ཕྱོགས་ལ་རག་ལས་ཆེ་བ་འདོད།
གང་ཡིན་ཟེར་ན་གཞུང་ཕྱོགས་ནས་བོད་ཡིག་ལ་བརྩི་མཐོང་དང་བོད་དགེ་དག་ལ་མཐོང་ཆེན། ད་རུང་བོད་ཡིག་གཅིག་པུ་ལས་མ་ཤེས་ཀྱང་གཞུང་ཞབས་ཀྱི་ལས་གནས་གང་ལའང་འཛུལ་ཞུགས་ཆོག་པའི་གོ་སྐབས་དང་གླ་ཕོག་འདོད་བློ་གང་བ་སྤྲད་དགོས་པ་སོགས་ཡིན་སྙམ། དེ་ལྟར་མ་བྱུང་ཚེ་ས་མཐའ་རྒྱུས་མེད་ཀྱི་ཡུལ་ནས་མི་ཚོས་སོ་སོའི་མི་ཚེ་དང་བུ་རྒྱུད་ཀྱི་མདུན་ལམ་ལ་བསམ་ཁུལ་གྱིས་སྐད་ཡིག་གཞན་པའི་ཐོག་འཐམ་ནས་འགྲོ་བཞིན་ཡོད།
ངས་དྲང་པོར་བཤད་ན། འདི་ཚོ་ལའང་རྒྱུ་མཚན་ཆེན་པོ་འདུག་དྲན་གྱི་ཡོད་་་་་་་་་་་་
དེ་ཙམ་ཡིན་་་་་་་་
ཟུངས་ཁྲག་ལགས། སྐུ་ཉིད་འདི་རུ་ཕེབས་པའི་སྤུན་ཟླ་གསར་བ་ཞིག་རེད། ཐོག་མར་འཚམ་འདྲི་ཡོད། དེས་ན་སྐུ་ཉིད་གསུང་ཚུལ་དེ་ནི་གཞུང་གི་ལོངས་ཕྱོགས་དང་རྩ་འཛིན་ལ་གསུང་གི་ཡོད་དམ། ཡང་ན། མི་མང་གིས་བྱེད་སྟངས་ལ་གཟིགས་ནས་གསུང་བཞིན་ཡོད་ལགས། དེ་གཉིས་ཁག་ཁག་བྱས་དེ་གསལ་བོ་ཞིག་སྤུན་ཟླ་དག་ལ་འགྲེལ་དུ་ཡོད་ན་དགའ་བ་ལའང་།
གཉན་འདང་ཕོ་ཉ་ལགས། དཔར་ལ་བལྟས་དེ་ཡོང་བ་བཟང་གི ཡིན་ཡང་། དཔར་ལ་འགྲེལ་བཤད་ཇི་ལྟར་རྒྱག་མིན་དེ་ནི་སྐུ་ཉིད་ཀྱིས་འདོད་བློ་དང་བསྟུན་ན་འགྲིག་གི་རེད། ཡིན་ཡང་། བོད་ཡིག་གི་གནད་དོན་ཐད་དུ་དངོས་ནས་འུ་ཅག་གིས་གང་ཞིག་བྱེད་དགོས་ཀྱི་ཡོད་མེད་ཐད་དང་། བོད་བྱེས་པ་ཚང་གི་ད་ལྟའི་འཁོར་ཕྱོགས་འདི་ལ་མ་འགྲིག་པ་དང་མ་འཐུས་པ་བྱུང་རྐྱེན་གཙོ་བོ་གང་ལ་ཐུག་འདུག་ལགས། དེའི་བསྐོར་ལ་བསམ་ཚུལ་རེ་གནོངས་རོགས་ཞུ།
གངས་རིའི་གླིང་བུ་ལགས། འུ་ཅག་ཡོད་དོ་ཅོག་ལ་འདིའི་ཐད་དུ་འགན་ཞིག་ཡོད་པ་རེད་དེ། འུ་ཅག་གིས་འགན་གང་ཞིག་འཁུར་ཐུབ་ཀྱི་ཡོད་མེད་ཐད་དུ་སྐུ་ཉིད་ཀྱིས་བསམ་གཞིགས་གང་ཞིག་གནང་ཡོད་དམ་ལགས། བྱེས་པ་ཚང་གི་བོད་ཡིག་དགེ་རྒན་གྱི་རྐུབ་སྟེགས་སྟེང་དུ་བཞུགས་མཁན་དེ་དག་ལ་ལྷག་བསམ་མེད་པ་ཡིན་ནམ། ཡང་ན། བོད་ཡིག་གི་བསྐོར་ལ་དེ་འདྲའི་ཤེས་ཚད་ཀྱི་མ་འདང་ཡིན་ནམ། ཡང་ན། གཞུང་གིས་ཁོང་ཚོར་མཐུན་རྐྱེན་ལེགས་པོ་ཞིག་མ་སྤྱར་བ་རེད་དམ། སྐུ་ཉིད་གང་ཞིག་གཟིགས་ཀྱི་འདུག་གམ་ལགས།
འུ་ཚོས་ཁ་ནས་བོད་ཀྱི་རིག་གཞུང་ཉམས་ཆགས་སུ་བཏང་འདུག་ཞེས་རྒྱ་དམར་ལ་སྡིག་ར་བྱས་བ་ལས་དོན་གྱིས་རང་ཉིད་ཀྱིས་འཐུས་ཤོར་བཏང་བའི་གནོད་སྐྱོན་ཚབ་ཆེ་འདུག་བསམ་གི/
བོད་ཡིག་ཉམས་ཆག་འགྲོ་བ་ནི་གཞུང་ཕྱོགས་ཀྱི་ཁོར་ཡུག་གིས་རེད་ལ།
དེར་བརྟེན་རང་རང་སོ་སོའི་ལྟོ་གོས་གདམས་ཤེས་པའི་མི་བུ་ཚོས་རིམ་པས་གཡོལ་ནས་འགྲོ་བཞིན་ཡོད། དེ་འདྲའི་གནས་ཚུལ་འོག་བོད་ཡིག་སྟེ། ནམ་ཞིག་བདག་མེད་དུ་ལུས་ངེས་པའི་ཁྱི་རྒན་རྒྱ་བོ། སྙིང་རྗེ།
ངས་བཀའ་འདྲི་ཞུ་རྒྱུར།
བོད་ཤ་ཁྲག་ལགས་ཀྱིས་ནམ་རྒྱུན་ནས་པར་རེ་གོང་དུ་བཀོད་ཀྱིན་འདུག
ངའི་བསམ་པར། པར་འདི་དང་འབྲེལ་ཡོད་ཀྱི་བརྗོད་བྱ་ཞིག་ཡོད་ངེས་བསམ་ནས་སླེབས་དུས་དེ་ནི་རེད་མི་འདུག
བྱས་ན་གང་བྱུང་འདྲ་རེད་དམ།
ཡང་ན་་་་་་་་་་་
སྐད་ཡིག་ལ་གས་ཆག་ཤོར་སོང་ སྐད་ཡིག་ཉམས་རྒུད་དུ་ཕྱིན་སོང་ སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་འོ་དོད་སྒྲོགས་ནས་མི་ལྔ་བཅུ་ལྷག་ཕྱིན་པ་རེད།ཡིན་ན་ཡང་ ད་དུང་ཁ་ཡོད་ལག་ཡོད་དང་མངོན་ལྐོག་རྒྱབ་མདུན་མེད་པའི་སྒོ་ནས་ལས་དོན་དང་བྱ་བཞག་ལ་གཞོལ་མཁན་ཉུང་ཉུང་རེད། དེ་བས་འདིའི་སྐོར་ལ་ཤེས་ལྡན་མི་སྣ་དག་གིས་མ་སྐུལ་དང་བླངས་ཀྱིས་ཧུར་བརྩོན་ཞིག་བྱེད་རྒྱུ་མཁྱེན།
གཉའ་འབྲོང་ཐུ་བུ་ལགས། དེས་ན་འུ་ཅག་གིས་རང་ཡུལ་སྐྱུར་ནས་གཞན་ཡུལ་དུ་སླེབས་པ་ནས་བཟུང་དེ་རང་དོན་ལས་རང་ཡུལ་རྩོད་ལེན་བྱེད་མཁན་གྱི་མི་གྲངས་ཤིག་ཚོད་རྩིས་བྱེད་དགོས་བྱུང་ན་བརྒྱ་ཆའི་ཚད་ག་འདྲ་ཞིག་ལ་སླེབས་ས་རེད་སྙམ་གྱི་ཡོད་ལགས། ང་རང་གིས་རང་གིས་རང་ལ་བལྟ་ཐེངས་རེར་རང་ཡུལ་ནས་གཞན་གྱིས་ས་མཐར་བསྒྲད་པ་མ་ཡིན་པར། རང་གི་འདོད་པ་བཞིན་དུ་བྲོས་ཡོང་བ་ཡིན་པར་འདོད་ཀྱི་ཡོད་ལ། འདོད་པ་དེ་ཡང་རང་དབང་སླར་གསོའི་ཆེད་དུ་ཡོང་ཡོད་མཁན་ཡང་དངོས་ནས་ཆེས་ཉུང་བ་ཞིག་ལས་མེད་ཚོད་དུ་མཐོང་གི་འདུག་ལགས། འདི་ནི་ང་རང་གི་སེམས་པ་མ་དྲང་བའི་མ་ཡིན་པར་རང་གིས་རང་ལ་བརྟག་དཔྱད་བྱོས་དེ་་བསྡད་དུས་དངོས་ནས་དེ་འདྲ་ཞིག་རང་དབང་མེད་པར་དྲན་བཞིན་འོང་གི་འདུག་ལགས་ན། སྐུ་ཉིད་ལ་དེའི་ཐད་དུ་རང་གིས་རང་ལ་ལྟ་ཚུལ་ག་འདྲ་ཞིག་བྱུང་གི་འདུག་ལགས།
ཤ་ཁྲག་ལགས་མ་གཞི་ནས་མི་ཞིག་རང་ཡུལ་དང་བྲལ་ནས་ཡུལ་གཞན་ལ་གྱར་དགོས་བྱུང་བ་དེ་ནོར་འཁྲུལ་ཟེར་ནའང་འདྲ་གང་ལྟར་བདེ་བོ་རང་མེད། ཡིནའང་ང་ཚོ་ཕྱི་ཡུལ་དུ་གྱར་བ་ནི་ང་ཚོའི་ནོར་འཁྲུལ་ཕལ་ཆེར་མ་རེད། དེ་ནི་རང་ཡུལ་དུ་སྡོད་འདོད་མེད་ཡང་མ་རེད། རང་ཡུལ་མ་སྐྱིད་པ་ཡང་མ་རེད། ང་ཚོ་དབང་ཡོད་བྱེད་མཁན་རྒྱ་དམར་གུང་ཁྲན་གྱིས་མཐའ་ལ་སྤྱུགས་པ་དེ་ང་ཚོས་ངེས་པར་བརྗེད་མི་སྲིད།
གཡུ་དུག་སྤྲང་ལགས། དུ་བ་འཐེན་མཁན་ཞིག་ཡིན་རབས་འདུག དུ་མཇེ་འདིའི་རིགས་འཐེན་འདོད་ཡོད་ན་ང་རང་ལ་ལྐོག་མ་ཞིག་བརྫོངས་དང་ངས་བུད་མེད་མཛེས་མ་ཞིག་གི་ས་ནས་ཉོས་དེ་ཁྱེད་རང་ལ་སྐུར་ཐབས་བྱེད་ཆོག ཧཧཧཧ
འཕྲིན་ལས་ལགས། ངས་ཉིད་ཀྱི་རེ་འདོད་དེ་སྒྲུབ་རྒྱུར་ཁས་ལེན་གནང་དེ་འདྲ་དཔར་གང་དག་ཡིན་མིན་ང་ལ་གསལ་བོ་ཞིག་གསུང་དང་དེ་ནས་གསུབ་ཆོག་ཞུས་ཡོད་ཀྱང་སྐུ་ཉིད་ཀྱིས་དེའི་ལན་གང་ཡང་མེད་པར་ཀུ་རེ་ཞིག་རྩེད་ནས་ཕེབས་འདུག་དོན་གང་རེད་ལགས། དཔར་དེ་དག་མ་གསུབ་ན་འགྲིག་གི་དོན་རེད་དམ་ལགས།
ལྷ་ཆབ་ལགས། དེ་འདྲའི་མཇེ་དོ་ཞིག་འཐེན་མྱོང་མེད་ཀྱང་། སྩོལ་བ་བྱས་པ་ཡིན་ན་ཕལ་ཆེར་འཐེན་རྒྱུ་རེག་འདུག་ཁ་ཤིག་བཤད་ཀྱི་འདུག དེ་ཡང་བུད་མེད་མ་གཏོགས་བུ་ལ་བཙོང་གི་མི་འདུག་ཟེར། ང་རང་བུ་ཞིག་ཡིན་སྟབས། བུད་མེད་མཛེས་མ་ཞིག་ལ་རེ་བ་བརྒྱབ་དེ་ཉོ་རོགས་གནོངས་ཟེར་ནས་ཞུ་རྒྱུ་ན་རེ་བ་འདྲ་ཡོད་ས་རེད་ལགས།
ང་་་་་་་དུ་བ་ཟིག་གི་འདང་སོང་ང་ཟིག་མེད་ཁུ་ར་་་་་མཇེ་དོ་དུ་བཙན་པོ་ཟིག་ཨེ་རེད་། གང་ན་བཙོང་རྒྱུ་འདུག་་་་་་་ཧཧཧཧཧཧཧ
གོང་གི་པར་དེ་ཚོ་ལྷ་ཆབ་ཀྱི་ཟིན་བྲིས་སྟེང་དུ་བདེ་ས་རེད།
ཀུ་རེ་ཡིན།
བསམ་ཚུལ་ཤིན་ཏུ་ལེགས། དུད་སྒམ་དེའི་ནང་གི་མཇེ་དུད་དེ་ཁྱོད་ཀྱིས་འཐེན་མྱོང་ཡོད་དམ། གལ་སྲིད་ཡོད་ན་ཅི་འདྲ་རེད། ཧ་ཧ་ཧ།
འཕྲིན་ལས་ལགས་ཉིད་ཀྱིས་བལྟས་ན་ངས་དཔར་གང་དག་གསུབ་དགོས་ཀྱི་འདུག་ལགས། དེ་ལྟར་བཞིན་གསུང་དང་། ངས་ད་ལྟ་རང་གསུབ་ཆོག
རེད་ལགས། ཉིད་ཀྱིས་དྲི་ལན་བཏབ་པ་དེ་ནི་དངོས་ནས་བདེན་པ་ཞིག་རེད་འདུག་ཟེར་ཀྱང་མི་ཆོག་པ་མི་འདུག་ལགས། འོན་ཀྱང་། འདི་དག་ལ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཆུ་ཚད་མེད་པར་སློབ་གྲྭ་ཁག་ནས་འཛིན་གྲྭ་བཅུ་གཉིས་ཤིག་ཐར་ཕྱིན་པའི་མིང་ཞིག་འཁུར་ནས་སྤྱི་ཚོགས་ནང་དུ་འོང་དུས། འདི་དག་གིས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་ནུས་པ་ཕར་ཞོག་རང་གི་ལྟོ་གོས་ལ་ཡང་འགོ་ཐུབ་ཀྱི་མིན་འདིས། ད་ནི་བོད་བྱེས་པ་ཚང་གི་མ་འོངས་པའི་གསོན་རྩ་ཟེར་ནས་སྐད་རྒྱགས་བཞིན་པ་དེ་དག་ནི་དངོས་ནས་སྟོང་བ་ཞིག་རེད་འདུག་པ་ལྟ་བུ་སྣང་ན། ཉིད་ཀྱིས་བསམ་ཚུལ་ཡིན་ན་ད་ནི་བོད་བྱེས་པ་ཚང་གི་འདི་དག་ལ་ཁ་ལོ་བསྒྱུར་བའི་ཐབས་ཤེས་ར་འདུག་གམ་ལགས།
ཡང་བསྐྱར་བཤད་རྒྱུ་ཞིག་ག་ཁྱེད་ཀྱིས་བཞག་པའི་པར་དེ་ཚོའི་ནང་གི་ཁ་ཤས་ཤིག་དྲ་ཚིགས་འདིའི་སྟེང་དུ་འོས་འཚམས་མ་རེད།
ཤ་ཁྲག་རུས་གསུམ་ལགས། ངས་ཡར་རྒྱས་དང་ཉམས་རྒུད་ཀྱི་རྒྱུད་རིམ་མང་པོ་ཞིག་མི་ཤེས། དེ་ནི་ང་འདིར་སླེབས་ནས་མང་པོ་སོང་མེད་པས་ཡིན། འོན་ཀྱང་། ད་ལྟ་དངོས་སུ་མཐོང་ཐུབ་པ་ནི་བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་མཚར་ལངས་བྱུང་དང་འབྱུང་བཞིན་པའི་བོད་པའི་མི་རབས་རྗེས་མ་འདི་ཚོར་ཕྱོགས་ཡོངས་ནས་སློབ་སྦྱོང་ཡག་པོ་སྤྲོད་ཐུབ་མེད་པ་གསལ་བོ་རེད། སློབ་མ་དང་སློབ་མཐར་ཕྱིན་པ་ཚོས་བོད་ཡིག་གི་སྟེང་དུ་སྐུར་ཡིག་འབྲི་མི་ཤེས་ཞེས་བཤད་ཀྱིན་ཡོད་མོད། དོན་དངོས་སུ་བོད་ཡིག་གཅིག་པོ་མ་རེད། ཁོང་ཚོས་དབྱིན་ཡིག་གི་སྟེང་དུ་ཡང་སྐུར་ཡིག་དག་མོ་ཞིག་འབྲི་ཐུབ་ཀྱི་འདུག འདིར་ལྟར་བཤད་ན་སློབ་གསོའི་གནས་བབ་གང་དུ་ཡོད་པ་ཁྱེད་ཀྱིས་མཁྱེན་གསལ་རེད།
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས། ཉིད་ཀྱིས་བདག་ལ་དེ་ལྟར་བདེན་ཁ་ཞིག་གནང་དེ་ཕྱི་ནུར་བརྒྱབ་འདུག་ལགས། འདིའི་ཐད་དུ་རང་གི་བསམ་ཚུལ་ཐུང་ཐུང་ཞིག་གསུང་ཡོད་ན་དགའ་བ་ལའང་། རེད་དེ་སྐུ་ཉིད་ཕེབས་ནས་འདི་ཉིད་གཟིགས་པ་དེ་ཡང་དགའ་འོས་པ་ཞིག་ལོས་ཡིན་ལགས།
གཡུ་སེང་ཨ་ལགས། ཉིད་ཀྱིས་འུ་ཅག་བྱེས་ལ་བཅར་བ་ནོར་ཡོད་པར་ཁས་ལེན་བྱེད་ཀྱི་ཡོད་དམ་ལགས། ཡོད་ན་ཇི་ལྟར་ནོར་ཡོད་མེད་ཀྱི་ཐད་དུ་བསམ་ཚུལ་ཞིག་གནང་ན་འགྲིག་གི་རེད་དམ་ལགས།
ཁ་བྱང་ལ་བཙན་ཤེད་ཆེ་བར་གསུང་འདུག་ལགས། དེ་ནི་དེ་འདྲའི་བཙན་ཤེད་ཅིག་ཡོད་པ་བདག་གིས་ཞེ་དྲག་ཤེས་ཀྱི་མི་འདུག་ལགས།
བསེ་རུ་ལགས། ཁྱེད་ཀྱི་ལྷག་བསམ་ལ་འགྱུར་བ་མེད་ལ་ཁྱེད་རང་ལྟ་བུ་མི་ཉུང་བ་ཞིག་གི་བཙན་བྱོལ་ཚང་གི་སློབ་གྲུ་ཁག་གི་བོད་དགེ་རུ་བསྐོས་ཡོད་རྒྱུ་ན་དངོས་ནས་རེ་བ་མི་ཉུང་བ་ཞིག་མངོན་གསལ་དོད་པོའི་སླེབས་རྒྱུར་ཡིད་ཆེས་བྱེད་ཆོག་ན་ཡང་། ཁྱེད་རང་ལ་ཡང་བྱེས་ནས་ཐར་ཕྱིན་དབུང་ཡིག་ཡོད་རྒྱུ་མ་རེད་ལ། སྐྱབས་བཅོལ་ལག་ཁྱེར་རེག་ཡོད་སྲིད་ཀྱང་། གནས་ངེས་མེད་ཀྱི་མི་ཞིག་ཆགས་ཡོད་སྲིད་ངེས་རེད་དམ་ལགས། ཉིད་ཀྱིས་གཟིགས་ཚུལ་ཡིན་ན་བྱེས་ཀྱི་སློབ་གྲྭ་ཁག་ད་ལྟ་ག་རེ་བྱེད་དགོས་ཀྱི་འདུག་ལགས།
འཕྲིན་ལས་ལགས། འོ་ན་ད་ལྟའི་འཆར་བྱེས་ཀྱི་སློབ་གྲྭ་ཁག་ཡར་རྒྱས་སུ་སོང་ཡོད་པ་རེད་དམ། ཡང་ན་ཡར་རྒྱས་་སུ་འགྲོ་བཞིན་སྒང་རེད་དམ། ཡར་རྒྱས་སུ་འགྲོ་བཞིན་ཡོད་ན་ཇི་ལྟར་འགྲོ་བཞིན་པ་གཟིགས་ཀྱི་འདུག་ལགས། མེད་ན་མེད་ཚུལ་བསྐོར་གྱི་བསམ་ཚུལ་ཞིག་ཡོད་པ་ཞུ།
སྐར་ཁྲི་བཙན་ལགས། འུ་ཅག་གིས་རང་ནུས་གང་ཡོད་ཀྱི་འཕག་བཞིན་ཡོད་ལ། རང་གི་ནུས་པ་དེ་ཙམ་གྱིས་རང་གི་ཁོར་ཡུག་ལ་ཡང་འགུལ་བསྐྱོད་རེ་ཐེབས་མིན་ཐད་དུ་སྐུ་ཉིད་ཀྱིས་བསམ་བློ་ཞིབ་མོ་ཞིག་འཁོར་ཨེ་མྱོང་ལགས། མྱོང་ན་དངོས་སུ་མཐོང་བ་ཁག་ལན་ཞིག་འདེབས་རོགས་ཞུ།
རེད་ཡ།ཁྱེད་ཀྱིས་སེམས་ཁྲལ་བྱེད་སའི་མི་དེ་ཚོའི་གྲས་སུ་ང་ཡང་གཏོགས་འདུག་པས་ངས་འདི་ནས་ཁྱེད་ལ་འོས་འཚམས་ཀྱི་ལན་ཞིག་གཏན་འདེབས་ཐུབ་མ་སོང་།
འུ་ཅག་བྱེད་ལ་གཅར་བ་ནོར་ཡོད་མེད་ལ་དོགས་ལངས་དགོས་བ་མ་རེད་།ཕྱོགས་གཅིག་ནས་མཐུས་ཤོར་ལ་ཡང་འགྲོ་གི་ཡོད་བ་གསལ་པོ་རེད་དེ་གང་ལ་གང་མཚམས་འགྲིགས་བསྡད་ཡོད་རེད་བསམ་ཡོད།ཁྱེད་ཀྱི་མི་རིགས་ལ་ཤ་ཚ་བའི་སྐད་ཆ་རེད་དེ་མགོ་རྒྱན་ཤེན་ཚ་བོ་འདུག་ཡ་་་་་་་་་་་་་།
བོད་ཡིག་ལ་ཞབས་འདེགས་ཞུ་དགོས་ན། བོད་ཡིག་ཚད་ལྡན་ཤེས་མཁན་ཚོས་རང་རང་གི་ས་ནས་འཕག་འཚག་རྒྱག་གིན། གཅིག་ནས་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་སོགས་རིམ་པར་སྐུལ་ལྕག་རེ་བྱེད་དགོས་པ་ཁ་ཡོད་ལག་ཡོད་ཀྱི་ལས་འགན་ཞིག་ཏུ་མཐོང་།
ཨ་ཙི་ཡིག་ནོར་འདི་དག་བཅོས་པ་དེ་ཡང་བོད་ཡིག་ལ་ཞབས་འདེགས་ཀྱི་ཆེད་དུ་ཡིན།
བསྐོར་ལ་སེམས་འཁྲལ། སྐོར་ལ་སེམས་ཁྲལ།
སྲུང་སྐྱོབས། སྲུང་སྐྱོབ།
དམའ་བའི་ཡིན་རྒྱུ་རེད། དམའ་བས་ཡིན་རྒྱུ་རེད།
དེའི་བསྐོར། དེའི་སྐོར།
བོད་པའི་ཉན་འདོད། བོད་པས་ཉན་འདོད།
འཕྲིན་ལས་ལགས་ཀྱི་མཆན་ནང་།
འཐུར་ཤོར། འཐུས་ཤོར།
བཙན་བྱོལ་དུ་གཞི་རིམ་སློབ་གྲྭ་ཁག་ཏུ་འཐུར་ཤོར་སོང་བ་རེད། འཐུར་ཤོར་དུ་སོང་བ་འདི་ཡང་༧རྒྱལ་བ་རིན་པོ་ཆེས་མ་གསུངས་པར་དུ་བཙན་བྱོལ་གྱི་དབུ་ཁྲིད་ཚོས་གང་ཡང་གླེང་གི་མེད། ཁོང་ཚོས་རྒྱུན་དུ་འཇོན་ཡོད་པ་དང་རིག་གཞུང་སྲུང་སྐྱོབ་ཡ་མཚན་ཞིག་བྱས་ཡོད་པ་སོགས་བཤད་ཀྱིན་ཡོད། དོན་དངོས་སུ་ཁོང་ཚོས་རིག་གཞུང་ཞེས་ན་ཅི་ཞིག་ལ་ཟེར་གི་ཡོད་པ་ངས་མི་ཤེས། གཅིག་བྱས་ན་དབྱིན་ཇིས་ཤན་ཞུགས་ཆེ་དྲགས་པས་བོད་སྐད་དུ་རིག་གཞུང་ལབ་དུས་དབྱིན་ཡིག་གི་རིག་གཞུང་ཞེས་པ་གོ་གི་ཡོད་པ་འདྲ། ང་ཚོས་བཤད་པའི་རིག་པའི་གཞུང་ལུགས་དང་དབྱིན་སྐད་དུ culture ཞེས་པའི་དོན་རྦད་དུ་ལོགས་ཀ་རེད། ཡ་ད་མང་པོ་བཤད་ན་ཉོག་འགྲོ་གི
དྲ་གྲོགས་གཞན་པ་ཚོས་འདིའི་སྐོར་ལ་སྐད་ཆ་རེ་ཤོད་དང་། འདི་ནི་ང་ཚོ་ཚང་མའི་འོས་འགན་ལྡོག་མེད་གཅིག་རེད།
བྱེས་པ་སུ་ཞིག་གིས་བོད་ཡིག་ལ་དོ་སྣང་མ་བྱ་ཡང་ང་ཚོའི་ངོས་ནས་རང་ནུས་གང་ཡོད་ཀྱི་བོད་ཡིག་སྦྱོང་ཁ་བྱས་དང་བྱ་བཞིན་མོད། མཁའ་མཉམ་པ་རེ་ཟུང་གིས་ང་ཚོ་ལ་ཐུབ་ཚོད་བྱ་ཡི་འདུག་ག
ངས་ལྟས་ན་སྐུ་ཞབས་ལུང་རིག་རྒྱལ་གྱིས་དྲ་ཚིགས་འདི་བཟོས་པའི་དམིགས་ཡུལ་གཙོ་བོ་རང་གི་སྐད་དང་ཡི་གེ་ཉམ་ང་ཉག་ཕྲ་བའི་དུས་འདིར་བོད་ཡིག་ལ་དོ་སྣང་བྱ་མཁན་རེ་ཡོད་ན་བསམ་ཡོད་རྒྱུ་རེད་མ་གཏོགས་ཁོང་གི་དྲ་ཚིགས་འདི་མཁས་པའི་དབང་བོ་ས་ན་མི་ཤོང་བ་ཁག་ཅིག་གི་ཆེད་མིན་པ་གསལ་བོ་རེད། ཆེན་པོ་ཚོས་ཆེ་ས་ནས་བཅོ་བརྒྱད་འགོད་ཀྱི་ཡོད་རྒྱུ་རེད། ང་ཚོ་ཆུང་ཆུང་ཚོས་ཀྱང་བྱི་བ་ལག་ལོའི་ཁུང་བུ་འགོ་ལོ་དྲུ། གང་ལྟར་སྐབས་ཀྱི་གནས་སྟངལ་གཞིག་ན་ང་ཚོ་རང་ངོས་ནས་ནུས་པ་གདོན་རྒྱུ་ལས་ཐབསགཞན་ཡོད་ནི་མ་རེད།