མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤུན་ཟླ་ཞིག་གིས་སྐད་བསྐུར་འདི་ལ་གཟིགས་པར་ཞུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་རྣམ་པ་ང་འབུར་ཐོ་ཡིན། དེ་རིང་ངས་བཤད་འདོད་པ་ཞིག་ལ། བོད་རྒྱལ་ཁབ་ཆེན་པོ་རྩ་གཏོར་སོང་ནས་གྲངས་ཉུང་མི་རིགས་སུ་གྱུར་ཏེ། ད་ལྟ་འཛམ་གླིང་གང་སར་ཁ་ཐོར་ཏུ་གནས་པའི་སྐབས་འདིར། ང་ཚོས་སྟོབས་ཤུགས་གཅིག་ཏུ་སྤུངས་ནས་རྒྱལ་ཁབ་སླར་གསོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་དེའི་ཕྱིར། ང་ཚོས་ཕྱོགས་ཞེན་གྱི་བག་ཆགས་རྙིང་རུལ་དེ་ཚོ་རྩ་མེད་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ལྷག་པར་ཉེ་ཆར་སྤྱི་འཐུས་ནང་ནས་མཆེད་པའི་ནད་རྙིང་དེས་གཉིད་མ་ལྡབ་ལྡིབ་ཀྱི་མི་ཚོགས་གང་མང་ཞིག་ལ་མི་རིགས་འགེས་གཏོར་བྱེད་པའི་ཆམ་རིམ་གསར་བ་ཞིག་ལག་སྐྱེས་སུ་ཕུལ་མེད་པའི་ངེས་པ་ཅི་ཞིག་ཡོད། སྤྱིར་བོད་པའི་ཤེས་ཡོན་པ་ཞིག་ལ་མཚོན་ན་བོད་པ་ཚང་གི་མདུན་ལམ་དང་དངོས་སུ་འགལ་བའི་ནད་རྙིང་དེ་དག་ཐེར་འདོན་བྱས་ཏེ། འཇིག་རྟེན་གསར་བ་ཞིག་གི་རྣེ་ཁྲིད་བྱེད་རྒྱུ་ནི་སྐབས་བབས་ཀྱི་འོས་འགན་ཞིག་རེད་མོད། ཁག་ཅིག་གིས་དེ་ལས་ལོག་སྟེ་གདོང་འབག་སྙིང་རྗེ་བོ་ཞིག་མནབས་ནས་བོད་མི་རིགས་ཀྱི་གཅིག་སྒྲིལ་དང་། སྟོབས་ཤུགས་རྦད་དེ་ཉམས་པར་བྱེད་ཀྱིན་ཡོད་པ་ནི་ང་ཚོ་ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད། འོ་ན་ང་ཚོས་ཅི་ཞིག་བྱེད་དགོས་སམ་ཞེ་ན། ད་ནུས་བཟུང་གཟུ་བོར་གནས་པའི་ཤེས་ཡོན་པ་ཚོས་རང་རང་གི་གྲོགས་སུ་གྱུར་བའི་རྙིང་ཞེན་པ་དེ་ཚོར་ལམ་སྟོན་བྱེད་རྒྱུ་དང་། གལ་ཏེ་ཁྱོད་ཀྱིས་ཁོང་ཚོར་ལམ་སྟོན་བྱེད་མ་ནུས་ཀྱང་སྐུ་ཉིད་ཀྱིས་ནད་ཚ་དེའི་སྐྱོན་ཡོན་བརྟགས་ཏེ། དྲང་བདེན་གྱི་རྣེ་ཁྲིད་པ་རྣལ་མ་ཞིག་བྱེད་ཐུབ་ན། ད་གཟོད་ང་ཚོས་དོན་དམ་པའི་གཅིག་སྒྲིལ་གྱི་མི་རབས་གསར་བ་ཞིག་བསྐྲུན་ཐུབ་པའི་ཡིད་ཆས་ཡོད། མ་མཐའ་ཡང་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་འདིའི ་རིང་ལ་ཆེས་རྨོངས་མུན་ན་མགོ་བོ་འཁོར་བའི་རྗེས་ལུས་ཀྱི་བསམ་བློ་རྙིང་བ་དེ་ཚོ་མ་གླེང་ན་ཞེས་གཟུར་གནས་རྣམས་ཀྱིས་གསུང་ན་དགེ་མཚན་ཆེ་སྙམ། ང་ཚོའི་ནང་ན་རྫིག་ཉམས་ལྡན་པའི་ བརྡ་སྤྲོད་སྐམ་པོ་རེ་དང་། ཁ་གཡང་སྟོང་བ་རེས་བརྒྱན་པའི་ཕྱོགས་ལྷུང་འབར་རྫས་ཅན་དེ་ཚོ་རྐུབ་སྟེགས་ལས་ཕབ་འདོད་ན་མི་མང་གིས་དུས་རྟག་ཏུ་དགའ་ཉེའམ་ལུང་ཚན་ཞིག་ལ་མི་གཟིགས་པར་དྲང་བདེན་གྱིས་འོས་ཤོག་འཕེན་རྒྱུ་དང་། ང་ཚོ་ཕམ་པར་རྒྱག་མཁན་གྱི་ནད་རིགས་དེ་ཚོ་ངོས་ཟིན་རྗེས་རིང་གི་སྤུན་ལ་ཐུག་ཀྱང་བོད་མི་རིགས་ལས་རྩ་ཆེན་མི་འཛིན་རྒྱུ་དེ་གལ་གནད་ཅིག་རེད། ད་སྐབས་གུས་པར་ཟིན་མེད་པས་ཁྱེད་ཀྱི་ནང་དུ་སྤེལ་བ་ལགས་ན་དགོངས་འགལ་མེད་པར་མཁྱེན། །

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 11

  1. sha tak ri sim says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན་ལགས། ཐུགས་རྗེ་ཆེ་ལགས ད་ནི་བདག་གིས་དེའི་བསྐོར་ལ་ཡག་པོ་ཞིག་ཤེས་སོང་། གསལ་བཤད་གནང་བ་ལྟར་བདག་གིས་ཀྱང་དེའི་བསྐོར་ལ་གང་ཙམ་ཞིག་ཤེས་ཡོད་ལགས།

    Reply
  2. arigman says:
    ལོ་ 16 སྔོན།

    རང་ནི་ངོ་མ་དང་རུང་ནི་སྲིད་

    Reply
  3. arigman says:
    ལོ་ 16 སྔོན།

    ཞབས་ཀྱུ་དགོས་པར་འདོད

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    གཉན་པོ་ལགས། ནམ་རྒྱུན་བདག་གིས་རུང་མི་རུང་ལ་ཞབས་ཀྱུ་འབྲི་བཞིན་ཡོད་ཀྱང་། དེ་སྔོན་སྤུན་ཟླ་ཁ་ཤས་ཤིག་གི་བསམ་ཚུལ་དང་ལམ་སྟོན་འོག་ནས་ང་རང་གི་ཞབས་ཀྱུ་མེད་པ་བཟོས་པ་ཡིན་ལགས། དེས་ན་སྐུ་ཉིད་ལ་ཞབས་ཀྱུ་དགོས་མི་དགོས་ཐད་ཀྱི་བསམ་ཚུལ་གང་ཡོད་ལགས།

    Reply
  5. rongpo says:
    ལོ་ 16 སྔོན།

    སྐད་བསྐུར་ཤི་སྐད་ཡིན་རང་བཤད་དགོས། སྐུར་མ་ལྷམ་ཚང་ཡིན་རང་འཁྱེར་དགོས།

    གོང་གི་དེ་འདི་རུ་བཅོས་ཡོད།
    སྐད་བསྐུར་ཤི་སྐད་ཡིན་རུང་བཤད་དགོས། སྐུར་མ་ལྷམ་ཚང་ཡིན་རུང་འཁྱེར་དགོས།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    འབུར་ཐོ་ལགས། གོང་དུ་ངས་ཉིད་ལ་རེ་སྐུལ་ཞིག་ཞུས་པ་དེར་ཉིད་ཀྱིས་སེམས་སུ་གཉར་རོགས་ཞུ་ལགས།

    Reply
  7. lha mo says:
    ལོ་ 16 སྔོན།

    ངས་དྲ་གྲོགས་ཁ་ཤས་ཀྱི་ཟིན་བྲིས་ནང་སྤེལ་ཡོད་ཀྱང་ཆ་ཚང་ལ་སྤེལ་ཐུབ་མེད་པར་མ་ཟད་དྲ་ཚིགས་ཀློག་མཁན་རྣམས་ཀྱིས་དེ་ཙམ་མི་མཐོང་བས་ཁྱོད་ཀྱིས་དགོངས་པ་ཆེ་བཞེས་གནང་འདུག་པར་སླར་ཡང་ཐུགས་རྗེ་ཆེ་ཞུ།

    Reply
  8. lha mo says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས། ངའི་བསམ་ཚུལ་དེ་ཁྱོད་ཀྱིས་ཟིན་བྲིས་སུ་བཀོད་པར་སྙིང་ཐག་པ་ནས་དགའ་བསུ་ཞུ།

    Reply
  9. Baichung says:
    ལོ་ 16 སྔོན།

    བཀླགས་ཡོད་ད

    Reply
  10. lhachapjinpa says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ཀྱིས་རང་གི་ཟིན་བྲིས་སུ་བཞག་པར་དགའ་བསུ་ཞུ། ཡིན་ནའང་འབུར་ཐོས་གཞན་གྱི་ཟིན་བྲིས་ཚང་མའི་ནང་དུ་བཞག་འདུག མ་གཞི་འབུར་ཐོ་ལགས་ལ་ཟིན་བྲིས་ཤིག་དགོས་འདུག དེ་མ་རེད་དམ།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། འདི་ནི་སྤུན་ཟླ་འབུར་ཐོ་ཁོང་གིས་སྐད་བསྐུར་ཞིག་ཡིན་སྟབས། བསམ་ཚུལ་འདྲ་ཞུ་རྒྱུ་ཡོད་ན་ཁོང་ལ་ཐད་ཀར་གསུང་རོགས་ཞུ། ཁོང་གིས་འདི་ནས་ལན་ཐད་ཀར་འདེབས་ངེས་རེད་ལགས།

    སྤུན་ཟླ་འབུར་ཐོ་ལགས། བདག་གིས་ཉིད་ཀྱི་རེ་འདོད་སྐོང་ཡོད་ལགས། ཉིད་ཀྱིས་ཟིན་བྲིས་ཤིག་གཉར་ན་ཡག་པོ་འདུག་ལགས། གང་ཡིན་ཟེར་ན། རང་གི་རིགས་ལ་སྐད་ཆ་ཅི་ཡོད་དག་བཤད་སའི་གླིང་ཁ་ཞིག་ཉིད་རང་ལ་དགོས་མཁོ་འདུག་ལ། འབུར་ཐོའི་མིང་ཐོག་ནས་སྤུན་ཟླ་དག་ལ་ཐུག་འཕྲད་བྱས་པ་ཡིན་ན་དངོས་ནས་ཡག་པོ་མཐོང་གི་འདུག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese