མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


གཉིས་པ།


བློ་བཟང་གིས་རྐུབ་སྟེགས་ཀྱི་ཨང་གྲངས་རྒྱ་གར་གྱི་ཁ་ལོ་དེ་ལ་སྟོན་ཞོར་དུ་རང་གི་འདུག་སྟེགས་ཡོད་སར་ཕྱིན། སྟབས་ལེགས་ནས་ཁོ་རང་གི་འདུག་སྟེགས་སྒེའུ་ཁུངས་འཁྲིས་སུ་འཁེལ་ཡོད་པ་རེད། དེ་མིན་ཁོ་རང་རླངས་འཁོར་ཞེ་དྲག་འཕྲོད་ཀྱི་མེད་པར་མཚམས་རེར་རླངས་འཁོར་ནང་ནས་སྐྱུག་མེར་བླངས་ཀྱི་ཡོད་པ་རེད། རླངས་འཁོར་འགྲོ་གྲབས་ཡོད་པའི་སྐབས་ཤིག་ལ་མི་རྣམས་ནང་དུ་གཅིག་རྗེས་གཉིས་མཐུད་དུ་རང་གི་དགའ་ཉེ་ཚོ་ལ་ཕྱག་འཇུ་བྱེད་ཞོར་དུ་ནང་དུ་འབུད་དེ་འོང་དུས། གཞི་ནས་ཁོ་རང་གི་འདུག་རོགས་ནི་རྒད་པོ་གསར་ཉམས་ལྡན་པ་ཞིག་འཁེལ་ཡོད་པ་རེད། ལམ་བར་དུ་ཁོ་གཉིས་ཀྱི་ཕན་ཚུན་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ངག་བརྡམས་དེ་ཞོགས་པ་སྔ་བོ་རྡ་ས་མེག་ལོར་གྱི་རླངས་འཁོར་འབབ་ཚིགས་སུ་འབྱོར།

བློ་བཟང་གིས་རང་ཉིད་གང་དུ་འགྲོ་དགོས་མིན་ཡང་མི་ཤེས་སྟབས། རེ་ཞིག་རིང་རླངས་འཁོར་འབབ་ཚིགས་དེ་ནས་རྒྱབ་ཁུག་ནག་བརྡང་མ་དེར་ས་བཞག་ནས་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་དེ་མིག་གིས་རིག་རིག་ཡར་མར་གཉིས་ལ་བལྟས་དེ་རླངས་འཁོར་ནང་གི་མགྲོན་པོ་ཁ་ཤས་བསུ་རུ་ཡོང་མཁན་མཐོང་དུས་སེམས་པ་ཅུང་སྐྱོ་ན་ཡང་། ཁ་ཤས་ཤིག་རང་དང་འདྲ་བར་བསུ་མཁན་མེད་པར་རྒྱབ་ཁུག་རེ་འཁུར་ནས་སོང་ཤུལ་དུ་ཁོ་རང་ད་དུང་འབབ་ཚིགས་དེ་ནས་ཅི་ཞིག་ལ་སྒུག་བཞིན་པ་ལྟར་བསམ་བློ་བཏང་ནས་བསྡད་ཡོད་པའི་སྐབས་དེ་ཡི་སྐབས་སུ། སྟབས་ལེགས་པ་ཞིག་ལ། གྲྭ་ས་ནས་ཁང་ཚན་གཅིག་པའི་གྲྭ་བ་ཞིག་དང་གདོང་ཐུག་བརྒྱབ། དེ་དུས་གྲྭ་བ་དེས་ཁྱེད་རང་ནམ་ཡོང་བ་ཡིན། འདི་ན་ཅི་བྱེད་ཀྱི་ཡོད་ཅེས་དྲིས།

བློ་བཟང་ནི་རང་གི་ཕ་མ་དང་སྤུན་མཆེད་ཅིག་རང་ཉིད་བསུ་རུ་སླེབས་པ་ལྟ་བུའི་ཚོར་བ་དང་བཅས་དེ། ང་རང་ད་ལྟ་རང་འདིར་འབྱོར་བ་ཡིན། ད་འདི་ནས་གང་དུ་འགྲོ་དགོས་མིན་མ་ཤེས་པར་བསྡད་ཡོད་ཅེས་བཤད་དུས། གྲྭ་བ་དེས་་ཡ་ཡ་ དེས་ན་ང་ཡོད་ས་འགྲོ ང་འདུག་ས་དངོས་ནས་བཟང་རྒྱུ་མེད་ཀྱང་། གནས་སྐབས་རིང་འགྲིག་འགྲོ་ནི་རེད་ཅེས་བཤད་དུས། བློ་བཟང་གི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟར། ལགས་སོ། ལགས་སོ་ཟེར་ཞོར་དུ་རྒྱབ་ཁུག་ནག་བརྡང་མ་རྒྱབ་དུ་འཁུར་ནས། གྲྭ་བ་དེའི་རྗེས་སུ་སྙེགས། ལམ་བར་དུ་ཁོ་རང་རྡ་སར་ཡོང་དོན་སོགས་གསལ་བོ་ཞིག་གྲྭ་བ་དེར་ཞུས་དུས། གྲྭ་བ་དེས་སྐྱོ་ཉམས་དང་བཅས་དེ། ངོ་མ་ཁྱེད་རང་གིས་སེམས་ཐག་བཅད་ཟིན་པ་ཡིན་ན། ད་གང་བྱེད་ཟེར་ནས་སྐད་ཆ་བཤད་ཞོར་དུ། ཁོ་གཉིས་སྟོད་པ་གྲོང་གསེབ་ནང་གི་གྲྭ་བ་དེའི་གཟིམ་ཤག་གི་སྒོ་དྲུང་དུ་འབྱོར།

དངོས་ནས་དྲང་གནས་ཀྱི་གྲྭ་བ་ཁོང་གི་གཟིམ་ཤག་ནི་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། ནང་དུ་མི་བཞི་ལྔ་ཞིག་ལྷན་འཛོམ་བྱེད་རྒྱུ་ཡང་དཀའ་བ་མ་ཟད། ཁང་བ་དེ་ཡང་ལྕགས་ཤོག་གི་བཟོས་པ་ཞིག་ཡིན་ལ། ཁང་བདག་བོད་པ་ཞིག་གིས་བསམ་ཤེས་བྱས་དེ་གྲྭ་རྐྱང་ཁོང་ལ་ཧིན་སྒོར་བཞི་བརྒྱ་བྱས་དེ་གཡར་བ་ཞིག་ཡིན་པ་རེད། གང་ལྟར། བློ་བཟང་ཁོ་རང་ལ་བསྡོད་ས་ཞིག་རེག་སྟབས། དངོས་ནས་དགའ་བ་མ་ཟད། གྲྭ་བ་ཁོང་གིས་ཀྱང་བློ་བཟང་ལ་ཁོ་རང་དབྱིན་ཡིག་སྤྱོང་ས་གང་དུ་འགྲོ་དགོས་མིན་དང་དུས་ཚོད་ག་དུས་ཡིན་མིན་སོགས་གསུངས་པ་དང་། དགོང་མོ་དེར་བློ་བཟང་ཁོ་གཉིས་ཀྱིས་ཁ་བརྡ་ལྷོད་ལྷོད་ཅིག་བྱས་དེ་བསྡད།

ཕྱིར་ཉིན་བློ་བཟང་རྡ་ས་མེག་ལོར་གྱི་ཁྲོམ་དུ་སོང་དེ། འབྲི་དེབ་དང་སྨྱུ་གུ་སོགས་དབྱིན་ཡིག་འཛིན་གྲྭ་འགྲོ་བའི་རྒྱུ་ཆ་འགའ་ཞིག་སྒྲིག་ནས་ཕྱི་དྲོ་དེར་ཡོངས་གླིང་སློབ་གྲྭར་དང་བླང་འཛིན་གྲྭ་ལ་ཕྱིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. tashi gonpo says:
    ལོ་ 17 སྔོན།

    ཡ་ཡ་ཁ་ཤས་མཐོ་རླབས་མི་འདུག་ཟེར།
    དེ་ནི་དངོས་སྒྲུང་གི་བརྗོད་བྱ་ལ་རག་ལས་པ་ལས་ལོ་རྒྱུས་སྨྲ་བ་པོས་བྱེད་རྒྱུ་ཞིག་ཅང་ཡོད་དམ་དྲན།
    ད་རུང་རེ་བ་རུམ་གང་ཁྱེར་ནས་ལེ་ཚན་གསུམ་པའི་ནང་འགྲོ་གིན་ཡོད།
    ཡིན་ནའང་སྒྲུང་འདི་རང་རྣམ་འདྲ་མིན་ནམ་སྙམ་པའང་བྱུང་།
    གང་ཡིན་ནའང་དེར་ཇུས་གཏོགས་མེད་ད
    ཧཧཧཧཧཧ

    Reply
  2. chentsasopa says:
    ལོ་ 17 སྔོན།

    ཞོགས་པ་བདེ་ལེགསསསསསསསསསསས།
    རེད། བཤད་ཚད་སེམས་ན་ཉར་རྒྱུ་ཡིན་ཟེར་བ་དེ་ཁྱེད་ཀྱིས་རང་གཤིས་བཟང་པོ་ཞིག་རེད། དངོས་གནས་བཟང་གི བརྩམས་སྒྲུང་ནང་གི་མཐོ་རླབས་ཟེར་དེ་སྒེའུ་ཁུང་ནང་ནས་མར་ལྟ་བའམ་གཤམ་ནས་ཡར་ལྟ་བ་སོགས་ཀྱི་བཤད་སྟངས་ཤིག་ཡོད་ནི་མ་རེད། རྒན་མོའི་སྟུ་ཁུང་ནང་དུ་འཛུལ་སྐབས་ཀྱི་བྱུང་ཞིག་བརྗོད་སྐབས་ཀྱང་མཐོ་རླབས་ཟེར་བ་ཞིག་འབྲི་ཆོག་གི་རེད་སྙམ། དཔེར་ན། འཛག་གིན་འཛག་གིན་ཁྱེད་ཀྱི་ཟེ་བཅུད་འཐོན་ཁ་མ་དེ་ལ་མཐོ་རླབས་ཟེར་ན་ཅིའི་མི་ཆོག ཧ་ཧ་ཧཧ་ཧ ཀུ་རེ་ཡིན་དཱ།
    ཨོ་རེད། ཁྱོད་ཀྱིས་བློ་བཟང་ལ་ཁྱོད་ལ་རྡ་ས་ནས་དཀའ་ངལ་འདྲ་འཕྲད་དུས་བཟོད་རྒྱམ་ལ་འབྲེལ་བ་བྱས་ཟེར་ཤོག་རོགས། སྔོན་ཆད་ང་ལའང་དཀའ་ངལ་འདྲ་མིན་འཕྲད་ཀྱང་དེང་སྐབས་ཨེན་ཙམ་ཡོད། ཟ་སྤྱད་འཐུང་སྤྱད་རེར་དཀའ་ངལ་མེད། དེ་བས་བློ་བཟང་ཁོ་ལ་ཟ་འཐུང་ཙམ་རེས་ཕན་གི མིག་སྟོན་མ་བྱེད་ཟེར་ཤོག་རོགས།
    དེ་དུས་ཁོ་ངའི་རྩར་ཡོང་དུས་ད་ང་གཉིས་ཐུག་དང་ནི་རེད། དེ་ཨེ་རེད་ཤ་ཁྲག་ལགས།ཧ་ཧཧ་ཧ་ཧ ཆང་ངན་དེའི་བཟི་ད་རུང་དུངས་མི་འདུག འོམ་ཀྱང་དེ་རིང་གུང་གསེང་ཡིན་པས་རྒྱགས་ཙད་ཅིག་ཉལ་ཆོག
    ཨོ་རེད། ད་ངས་ཉོག་བཤད་མི་ཡི། ངའི་ཞི་ལིས་སྒྲུང་གི་མཇུག་མཐུད།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། མཐོ་རླབས་ཟེར་ནས་ངས་སྒེའུ་ནང་ནས་མར་བལྟས་ན་ནམ་རྒྱུན་རིག་པའི་རྒྱ་མཚོའི་རླབས་རྒྱུན་ཡང་ཡིད་དུ་ཤར་སོང་། དེ་ནས་སྐུ་ཉིད་ཀྱིས་གསུངས་པ་དེར་སེམས་སུ་གཉར་ཡོད། ཉལ་དུ་འགྲོ་དགོས་ཟེར་ནས་ཕེབས་ཞོར་དུ་སྒྲུང་གི་བཟོད་རྒྱམ་དེ་སྐུ་ཉིད་ཡིན་ན་འགྲིག་གི་ཡོད་ཟེར། ལགས་སོ་དེ་འདྲའི་དགོངས་གཞིའི་གནང་བ་དེར། རྗེས་ཕྱོགས་ཤིག་ལ་བློ་བཟང་བཟོད་རྒྱམ་ལ་འཕྲད་ངེས་ཡིན། སྐུ་ཉིད་ཀྱིས་བལྟས་ན། ཁོ་རང་སླར་ཡང་འཕྲད་རྒྱུར་ལོ་ངོ་ག་ཚོད་ཅིག་འགོར་སྲིད་པ་རེད་ལགས། ཡང་ན། ཟླ་བ་ཁ་ཤས་ཤིག ཡང་ན་ཉི་མ་ཁ་ཤས་ཤིག ཡང་ན། དེ་ལས་ཀྱང་རིང་བོ་ཞིག

    གཅན་བཟོད་རྒྱམ་ལགས། ནུས་པའི་ཡོང་ཚོད་ཅིག་ཤུ་རེ་བྱེད་ངེས་ཡིན་ལགས།

    Reply
  4. chentsasopa says:
    ལོ་ 17 སྔོན།

    གཉིས་པ་འདི་ལ་ཁ་སང་གི་དང་པོ་དེ་ནང་བཞིན་བྲོ་བ་ཞིག་མི་འདུག སྒྲུང་གང་ཞིག་བྲིས་ཀྱིན་བྲིས་ཀྱིན་འཁྲུག་ཆ་ཇེ་དོད་དང་”མཐོ་རླབས་”རང་བཞིན་དུ་སྐྱོད་པར་ཤུགས་རྒྱག་དགོས་པ་རེད། ཉོབ་སྣང་སྟེར་ཉན་ནི་མ་རེད། སང་ཉིན་མཇུག་དེ་དེ་རིང་གི་འདི་འདྲ་མིན་པར་སྨོན། མུ་མཐུད་ནས་འབྲི་རོགས།
    ཨོ་རེད། སྒྲུང་ནང་གི་བཟོད་རྒྱམ་ཟེར་བ་དེ་ང་ཡིན་ཀྱང་སྐྱོན་མི་འདུག གཙོ་བོ་བརྗོད་སྙིང་ལ་ལྟ་དགོས་པ་རེད། ད་ང་ཉལ་གི་ཡིན། དེ་དགོང་སྦི་རགས་ཤིག་ཀྱང་འཐུང་བསྡད་ཡོད། མང་པོ་འབྲི་ཁུལ་བྱས་ན་འཁྲུག་ཡོང་། གཟིམས་འཇགས་གནང་དགོ

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    སྐར་ཁྲི་བཙན། རི་བོང་། ལྷ་ཆབ་སྤྱིན་པ། བསེ་རུ། གངས་སྒྲ འདྲེ་ཤིག་གསོན་པོ། སྤུན་ཟླ་ཁྱེད་ཅག་འདི་རུ་ཕེབས་སེམས་གཏིང་ནས་དགའ་བཞིན་ཡོད། སྤྲོ་བཞིན་ཡོད། ལག་པ་བརྡེབས་ཀྱིན་ཡོད།

    སྐར་ཚོགས་ཁྲི་ལ་བཙན་པོའི་མིང་ཞིག་ཡོད།།
    རི་བོང་བློ་ལྡན་ཟེར་བའི་གཏམ་རྒྱུད་མང་།།
    ལྷ་ཆབ་དངས་པའི་སྤྱིན་པ་གཏོང་བ་འདི།།
    བསེ་རུ་ཇི་བཞིན་དཀོན་པའི་རི་དྭགས་བཞིན།།
    གངས་རིའི་ཡུལ་གྱི་འབོད་སྒྲ་ཐོས་ན་ཡང་།།
    འདྲེ་ཤིག་གསོན་པོ་རྒྱ་དམར་སྲིད་གཞུང་གིས།།
    བོད་རིགས་སྤྱི་ཡི་ཤ་ཁྲག་ལོངས་སྤྱད་དེ།།
    འུ་ཅག་ས་མཐའི་ཡུལ་དུ་སྐྱུག་པ་སྐྱོ།།

    Reply
  6. wanderer1958 says:
    ལོ་ 17 སྔོན།

    ང་ནི་དངོས་སྒྲུང་དང་རྩམ་སྒྲུང་གང་ཞིག་ཡིན་རུང་བཀླག་རྒྱུར་ཤིན་ཏུ་དགའ་བས་སྐུ་ཉིད་ཀྱིས་དུས་ལྟར་འགོད་རོགས་གནང་།

    Reply
  7. gangdra says:
    ལོ་ 17 སྔོན།

    ཤ་ཁྲག་ལཊ།
    བཀླགཊ་ཟིན་པའི་ཁྱོད་ཀྱི་དངོས་སྒྲུང་ད་དུང་ཆུ་མོ་བཞིན་བཞུར་ཀྱིན་འདུག་ཨང།
    མུ་མཐུད་ཤུགས་རྒྱོབ་དང།་་་་་་་་་དངོས་སྒྲུང་གིས་ཁྱོད་ལ་བརྩེ་དུང་སྟེར་ངེས།

    Reply
  8. samkhar says:
    ལོ་ 17 སྔོན།

    འདི་ནི་དངོས་སྒྲུང་སྙན་པོ་ཞིག་དང་།
    སྟེང་ལྷ་ཡུལ་ནས་འོག་ཀླུ་ཡུལ་ལ་ཕེབས་སྟངས་ཤིག་ཡིན་པ་འདྲ།།

    Reply
  9. lhachapjinpa says:
    ལོ་ 17 སྔོན།

    ཨ་རོགས་ཤ་ཁྲག་ལགས།ཁྱོད་ཀྱིས་སུའི་ལོ་རྒྱུས་འབྲི་བཞིན་ཡོད།ངས་བལྟས་ན་འདི་ལས་ཁྱོད་ལ་ཚིགས་སུ་བཅད་པའི་རང་རྣམ་ཞིག་ཡོད་པ་དེ་བཀོད་ན་མི་ལེགས་སམ།དེའི་ནང་ན་ངས་ད་དུང་མི་བརྗེད་པ་ཞིག་ཡོད་པ་ནི་ཚོས་ཞིང་ནང་ནས་ལ་ཕུག་བརྐུས།།ཅུང་ཙམ་མིན་ན་ཚེ་སྲོག་ཤོར་།།སོགས་རེད།གཅིག་བྱས་ན་ལོ་ངོ་བཅུའི་ཡར་སྔོན་གྱི་ཉིད་ཀྱི་རྩོམ་དེའི་སྐོར་དྲན་མི་སྲིད་མོད།གང་ལྟར་ངས་བརྗེད་མེད།་

    Reply
  10. sangsar says:
    ལོ་ 17 སྔོན།

    འདི་ནི་འཚོ་བ་དངོས་མ་ཞིག་རེད། དེང་སང་འདི་འདྲ་མང་ཡཱ།

    Reply
  11. Baichung says:
    ལོ་ 17 སྔོན།

    མུ་འགོད་ཡིན་ན་ཅིག་ཉི་མ་མཚོའི་རྗེས་སུ་རྒྱུག་ཨ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese