་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
སྒོ་འགྲམ་གྱི་རྒན་པོ་སངས་རྒྱས་ལ་བདེ་མོ་བྱོས། ང་རང་ཕྱིར་ཟ་ཁང་ནང་དུ་འགྲོ་རྒྱུ་ཡིན། ཕྱི་དྲོ་ཟ་ཁང་གི་སྒོ་ཕྱེ་དགོས་ཀྱི་ཡོད་ཅེས་བཤད་དེ་སྐེས་འཛེགས་ལས་མར་བབས། ཨ་ཅག་ཚེ་འཛོམ་བཟའ་མི་ཚོ་ཡོད་སར་སོང་དེ་གདོང་ལ་སྐྱོ་བའི་ཉམས་ཤིག་དང་བཅས་དེ། ཨ་ཅག་ལགས། ཁྱེད་ཚོའི་ནང་གི་གང་རུང་ཞིག་ཡིན་གཅིག་མིན་གཅིག་ཨ་ཁུ་དོན་འགྲུབ་ཀྱིས་སར་སོང་དེ་ལྟ་རོགས་གནོང་།
ཨ་ཅག་ཚེ་འཛོམ་གྱིས། ཡ་ཡ་ ང་ཚོ་བསྐོར་རྭ་བྱེད་ཀྱི་ཡོད། རེད་དེ། མི་གཅིག་ཡིན་རུང་ནང་དུ་གཏོང་གི་མི་འདུག སྒོ་འགྲམ་ནས་སྨན་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་ལ་ཉན་ནས་སྒུག་རྒྱུ་ལས་མི་འདུག ཕལ་ཆེར། ནད་ཚ་དྲགས་རྒྱུར་རེ་བ་ཆེན་པོ་ཡོད་རབས་འདུག་མོད། ཁྱེད་རང་གིས་དེའི་ཐད་དུ་སེམས་འཁྲལ་མ་བྱེད།
བློ་བཟང་གིས་དེར་འདུས་ཀྱི་ཨ་ཅག་ཚེ་འཛོམ་གྱི་ནང་མི་དག་ལ་བདེ་མོ་བཞག་ནས་ཕྱིར་ཟ་ཁང་དུ་ཆས། མགོན་སྐྱབས། ཕལ་ཆེར། ད་ནི་མི་རིང་བར་དབུགས་ཆད་ས་རེད་ཅེས་རང་ཉིད་ཀྱིས་སྨན་ཁང་ནས་མཐོང་བའི་རྒན་པོ་དོན་འགྲུབ་ཀྱི་ངང་ཚུལ་དེ་དག་མགོན་སྐྱབས་ལ་ཞིབ་དུ་བཤད།
བློ་བཟང་དང་མགོན་སྐྱབས་གཉིས་ཀྱིས་ཟ་ཁང་གི་སྒོ་ཕྱེ་མ་ཐག་ཡིན་ལ། སྐུ་མགྲོན་ཡང་མི་ཉུང་བ་ཞིག་ནང་དུ་སླེབས་ཡོད། ཁ་པར་གྱི་སིང་སྒྲ་གྲགས་དེ་འོང་དུས་བློ་བཟང་གི་སྙིང་གི་ནང་དུ་ཚ་ཤད་རྒྱག་ཞོར་དུ་ཁ་པར་ཡར་བཀྱག ཁ་པར་ལས་ཐོས་པ་ནི་ཨ་ཅག་ཚེ་འཛོམ་ངུ་བཞིན་པའི་སྐད་ཡིན་ལ། བུ་ལགས། ཁྱེད་རང་གིས་ད་ལྟ་མྱུར་དུ་ཟ་ཁང་གི་སྒོ་བརྒྱབ་དེ་སྨན་ཁང་དུ་ཡོང་རོགས། ལམ་བར་དུ་བུ་མོ་བདེ་སྐྱིད་ཚང་ལ་ཡང་བརྡ་ཞིག་རྒྱོབས།
བློ་བཟང་གིས་དེ་མ་ཐག མགོན་སྐྱབས་ལ་ཟ་ཁང་གི་སྒོ་རྒྱོབས། སྐུ་མགྲོན་དེ་དག་ལ་དགོངས་དག་ཞུས་དེ་ཕྱི་འཕུད་རོགས། རྒན་པོ་དོན་འགྲུབ་གྲོངས་འདུག ང་རང་མྱུར་དུ་འགྲོ ཁྱེད་རང་ནང་དུ་བསྡོད་ལ། སྒོ་ཚང་མ་གཏན་པོ་རྒྱོབས་དེ་བསྡོད་ཅེས་བཤད་དེ་ལྡེ་མིག་མགོན་སྐྱབས་ལ་སྤྲད་དེ་ཟ་ཁང་གི་སྒོ་རུ་བུད་མ་ཐག རྒྱུགས་ཤར་བྱས་དེ་ལམ་བར་ནས་བུ་མོ་བདེ་སྐྱིད་ཚང་ལ་བརྡ་བྱས་དེ་སྨན་ཁང་བར་དུ་ངལ་གསོ་ཙམ་ཡང་མ་བྱས་པར་རྒྱུགས།
ནད་ཁང་གི་སྒོ་འགྲམ་དུ་ཨ་ཅག་ཚེ་འཛོམ་དང་ཁོ་མོའི་བུ་དང་བུ་མོ་གཉིས། མནའ་མ་བཅས་ཚང་མ་འདུས་ཡོད་ཀྱང་། ནང་ལ་ད་དུང་ཡང་མི་མང་བོ་ཞིག་གཏོང་གི་མེད་པར་སྒོ་འགྲམ་དུ་འཚངས་ཁ་བརྒྱབ་དེ་བསྡད་ཡོད་པ་མཐོང་ནས་བློ་བཟང་ནད་ཁང་གི་ནང་དུ་ཤར་རྒྱག་འཛུལ་དུས། སྨན་པ་ཞིག་དང་སྨན་གཡོག་མ་གཉིས་ཀྱིས་ཁྱེད་རང་ག་རེ་ཡིན་ཟེར་ནས་དྲིས་དུས། བློ་བཟང་གིས་ང་རང་ཁོང་གི་ཚ་བོ་ཡིན་ཞེས་བཤད་སྟབས་ནང་དུ་བཏང་།
བློ་བཟང་རྒན་པོ་དོན་འགྲུབ་ཀྱི་ཕུང་བོའི་འགྲམ་དུ་སོང་དེ་ཕུང་བོ་ལ་ལག་པ་ཞིག་ཐུག་དུས། ཕུང་བོ་འཁྱག་པར་གྱུར་ཡོད་པ་དེ་མཐོང་དུས་ཁོ་རང་སོང་རྗེས་གྲོངས་པ་ཡིན་པ་གཞི་ནས་རྟོགས། རྒན་པོ་དོན་འགྲུབ་ཀྱིས་མིག་ཟུང་གཉིས་ཀ་བཙུམ་ནས་གདོང་ན་ཡང་སྐྱོ་ཉམས་སོགས་གང་ཡང་མེད་པའི་ངང་ཚུལ་ཞིག་དང་བཅས་འདུག་པ་དེས་བློ་བཟང་གི་སེམས་སུ་དྲོད་ཐིགས་ཤིག་རྒྱས་སུ་བཅུགས། བློ་བཟང་དང་སྨན་གཡོག་མ་གཉིས་ཁོང་ཚོ་གསུམ་གྱིས་ཕུང་བོ་ལ་གཙང་མ་བཟོས་ཚར་མ་ཐག ནང་མི་དག་ནད་ཁང་དུ་སླེབས་ནས་ཨ་ཅག་ཚེ་འཛོམ་གྱིས་རྒན་པོ་དོན་འགྲུབ་ཀྱིས་རྐང་སྣེ་རུ་འཇུས་དེ་ངུས།
མཚན་མོར་དེར་བློ་བཟང་གཏན་ནས་གཉིད་མ་ཁུགས་པར་རྒན་པོ་དོན་འགྲུབ་ཀྱི་ཕུང་བོའི་འགྲམ་དུ་བསྡད་དེ་བསམ་བློ་མང་བོ་མང་བོ་ཞིག་གཏོང་ཞོར་དུ། འཇིག་རྟེན་མིའི་ཚེ་སྲོག་གི་ནུས་པ་དང་ནུས་པ་དེའི་བསྐྱེད་པའི་ཁོར་ཡུག་དང་། ནུས་པ་དེ་ཉིད་ཀྱི་བསྐྱེད་པའི་སྡུག་བསྔལ་སོགས་མི་ཉུང་བ་ཞིག་སེམས་ཁོང་ནས་དྲན་ཞོར་དུ། རྒན་པོ་དོན་འགྲུབ་ཀྱི་ཕུང་བོའི་འགྲམ་ནས་རང་གི་སེམས་ལ་འདི་ལྟར་བཤད།
རྒན་པོ་དོན་འགྲུབ་ལགས། ཁྱེད་རང་གི་རྣམ་ཤེས་ཀྱིས་ངའི་སྐད་ཆ་གོ་བཞིན་ཡོད་ན། ཁྱེད་རང་གིས་སེམས་པ་གཏན་ནས་མི་ཚང་འདིར་ཕྱིར་ཞེན་ཆགས་བྱེད་མི་ཉན། དེ་ནི་ཕན་ཁེ་གང་ཡང་མེད་པ་མ་ཟད། གསོན་པོ་འདུག་མཁན་དག་གིས་ཉིད་ཀྱི་རྣམ་ཤེས་ད་དུང་ཁོང་ཚོ་དང་འགྲོག་ནས་ཡོད་པ་ཤེས་ན་དེ་ལས་ཀྱང་སྡུག་བསྔལ་བྱེད་ངེས་ཡིན། སྐུ་ཉིད་ཀྱིས་ཞེན་ཆགས་མེད་པར་རང་གི་ལས་གང་བསགས་པ་དེར་ཕེབས་ཤིག་དང་། ངས་ཁྱེད་རང་གི་བཞག་ནས་སོང་བའི་ཁྱིམ་ཚང་འདིར་ཁོང་ཚོ་ལ་མཁོ་རེག་བར་དུ་རོགས་བྱེད་ངེས་ཡིན།
ཕྱི་དྲོ་ཉི་མ་མཇལ་རྒྱུར་ཐག་ཉེ་བའི་སྐབས་དེར། ཕུང་བོ་བསྐྱེལ་ཕྱོགས་བསྐོར་ལ་རྒན་མོ་ལོ་ན་དྲུག་བཅུ་ལ་སོན་པ་ཞིག་གིས་རྒན་པོ་དོན་འགྲུབ་ཀྱི་ཕུང་བོ་ཁང་བའི་ཕྱི་རུ་ཐོན་ནས་ཁང་བའི་ཕྱི་ནས་ནང་མི་དག་གིས་ཕྱག་གསུམ་རེ་འཚལ་དགོས་ཚུལ། དེ་ནི་བོད་པའི་སྲོལ་རྒྱུན་ཡིན་རབས་ཤིག་བཤད་དུས། བློ་བཟང་གིས་དེ་ལྟར་གཏན་ནས་མིན་ཚུལ་དང་རང་ཉིད་ལ་རྒྱུས་མངའ་དེ་འདྲའི་ཆེན་པོ་མེད་ཀྱང་། བོད་ཡུལ་ན་སྲོལ་རྒྱུན་དེ་འདྲ་ཞིག་ཡོད་པ་ད་ལྟའི་བར་དུ་རྣ་ལ་གོ་མྱོང་མེད། འདས་པོ་ལ་ནང་མིའི་ཕྱག་གསུམ་རེ་འཚལ་ན་དེ་ནི་འོས་པ་ཞིག་རེད་ལ། ཕྱག་འཚལ་དགོས་ཀྱང་ཕུང་བོ་ཕྱི་རུ་གཏན་ནས་འཁྱེར་དགོས་དོན་མེད། འདི་ནས་རེ་རེ་བྱས་དེ་བཟའ་མི་དང་ཉེ་འབྲེལ་དག་སུ་ཡོད་ན་དེ་དག་གིས་རྒན་པོ་ལ་ཕྱག་འཚལ་རོགས་ཞེས་བཤད།
དེ་དུས་རྒན་མོ་དེས་བློ་བཟང་གི་སྐད་ཆ་དེ་ལ་ངོ་རྒོལ་གྱིས་ཚུལ་དུ། ངས་ཤི་བོ་བསམ་ནས་བཤད་པ་ཡིན་མ་གཏོགས། གསོན་པོ་ཚོ་ཉིན་མ་རེ་གཉིས་ཤིག་ལ་ངུ་མོ། དེ་ནས་ཚར་བ་རེད། ཤི་བོ་སྙིང་རྗེ་ཟེར་ནས་ཚིག་བསྐོར་ལོག་དུ་འཁྱེར་དུས། བུ་མོ་ཆེ་བ་དེ་བློ་བཟང་གི་རྒྱབ་ལོག་དུ་བླངས་ནས་སྐད་ཆ་ཞིག་བཤད་རྩིས་བྱས་དུས། བློ་བཟང་གིས་ད་གཡུགས་ཤོག དེ་རིང་སྐད་ཆ་འདྲ་མིན་བཤད་པའི་དུས་མ་རེད་ཟེར་ནས་བུ་མོ་ཆེ་བ་དེའི་ལག་མགོ་ནས་འཇུས། བུ་མོ་ཆེ་བ་དེ་ནི་ངུ་ཞོར་དུ་བློ་བཟང་ལ་འཐམ།
ཨ་ཅག་ཚེ་འཛོམ་གྱིས་མགོ་བྱས་པ་དང་བློ་བཟང་གི་མཇུག་བྱས་དེ་རྒན་པོ་དོན་འགྲུབ་ལ་བཀའ་དྲིན་ལ་རྗེས་སུ་ཡི་རུང་ཟེར་ན་རེད། རང་གི་གཅེས་པའི་ཕ་ལོ་དེར་སྲི་ཞུ་མཚོན་བྱེད་ཟེར་ན་འགྲིག ཁོང་ཚོས་རེ་རེ་བྱས་དེ་ཕྱག་གསུམ་རེ་འཚལ་ནས། དེར་ཡོད་ཀྱི་བོད་པ་དག་གིས་རྒན་པོ་དོན་འགྲུབ་ཀྱི་ཕུང་བོ་ཕྲག་དུ་འཁུར་ནས་དུར་ཁྲོད་ཕྱོགས་སུ་ལམ་དུ་ཆས། བློ་བཟང་དང་རྒན་པོ་དོན་འགྲུབ་ཀྱི་བུ་གཉིས་ཀྱིས་ཀྱང་ཕྱོགས་ངོས་གཉིས་སུ་འཁུར་ནས་སོང་།
མེ་ལྕེ་ལྷབ་ལྷབ་ཅིག་གི་ཁྲོད་དུ་མི་ཞིག་གི་མི་ཚེ་ནི་དེ་ལྟར་མཇུག་བསྡུས་སོང་ལ། བློ་བཟང་ཡང་བཟའ་མི་དེ་དག་གི་ཁྲོད་ཀྱི་མི་སྣ་སེམས་ཐག་ཉེ་ཤོས་ཤིག་ལ་གྱུར་ཡོད་པ་རེད། བུ་མོ་ཆེ་བའི་བློ་བཟང་ལ་ད་ནི་ང་རང་བོད་པའི་ཆོས་ལ་རྩ་བ་ནས་ཡིད་ཆེས་བརླག་སོང་ཟེར་ནས་བཤད།
བློ་བཟང་གིས་ག་རེ་བྱས་ནས་དད་པ་བརླག་པའི་རྒྱུ་མཚན་དྲིས་དུས། མོ་བཏབ་དེ་ཁོ་མོའི་ཕ་རྒན་གྱི་ཚེ་ལ་བར་ཆད་མེད་པར་བཤད་པ་དེ་ལ་རྒྱུ་མཚན་དུ་བྱས་ནས་བཤད་ཀྱི་ཡོད་པ་ཤེས་ནས། བློ་བཟང་གིས་རང་གི་ཤེས་ཚོད་ཅིག་ཁོ་མོ་ལ་ནང་ཆོས་ལ་དད་པ་བྱེད་སྟངས་ནི་དེ་འདྲ་ཞིག་མིན་ཚུལ་དང་མོ་བ་དང་ལྷ་བ། རྩིས་པ་སོགས་ཚང་མ་ཐམས་ཅན་མཁྱེན་པ་མིན་རབས་དང་། དེ་དག་གི་ཁྲོད་དུ་མོ་ཐུག་དང་མི་ཐུག་སོགས་མི་ཉུང་བ་ཡོད་པ་དང་། ཁ་ཤས་ཀྱིས་མོ་ཐུག་ན་ཡང་མོ་ལ་བབས་པ་ལྟར་ནང་མི་ལ་བཤད་ཆོག་གི་མེད་པའི་བསྐོར་སོགས་ཞིབ་དུ་འགྲེལ་བཤད་མི་ཉུང་བ་ཞིག་བྱས།
བུ་མོ་ཆུང་བ་བསྟན་འཛིན་ཚེ་འཚོ་ཡིས་རང་ཉིད་མ་གཏོགས་ཕ་རྒན་གྱིས་ནང་མི་ཚང་མ་བོད་དུ་འཁྲིད་ཚར་བ་དང་། རང་ཉིད་ཀྱང་ཕ་རྒན་གྱིས་བོད་དུ་འཁྲིད་རྒྱུའི་ཁས་ལེན་བྱས་ཡོད་རབས་སོགས་བཤད། བློ་བཟང་གིས་ཀུ་རེ་དང་བསྒྲགས་ནས་ཁྱེད་རང་དངོས་ནས་བོད་དུ་དེ་འདྲའི་འགྲོ་འདོད་ཅིག་ཡོད་ན། ཉིན་ཞིག་ངས་ཁྱེད་རང་འཁྲིད་ཆོག་ཞེས་བཤད།
མུ་འགོད།
སྤུན་ཟླ་དག་ཕེབས་པ་ཐུགས་རྗེ་ཆེ་ལགས། དམིགས་བསལ་གྱིས་ཟ་ལེ་རྒྱལ་གྱིས་གྲྭ་ལོག་དག་གི་སྒང་ལ་ནོར་འཁྲུལ་ཡོད་པ་དེར་གསལ་སྟོན་གནང་དེ་བས་ཀྱང་དགའ་ནི་ཡིན། རེད་དེ། མ་ཤི་ནས་ཉིན་མ་དེ་ཡི་སྐད་ཆ་ཞིག་ཡིན་རྒྱུ་མ་རེད། ངས་བློ་བཟང་ལ་གསལ་བོ་ཞིག་དྲིས་དེ་ཁྱེད་རང་ལ་ལན་ཞིག་སྤྲོད་ཆོག མི་ཤེས་ནོ་དངོས་ནས་ཁག་མེད་ཀི འཇིག་རྟེན་འདིའི་ནང་གི་བྱ་བ་མང་བོ་ཞིག་ད་དུང་འུ་ཅག་གིས་གཏན་ནས་ཤེས་མེད་པ་རེད་ལགས། ཤུ་རེ་བྱེད། ནམ་ཞིག་མ་ཤི་གོང་དུ་ཉུང་ཉུང་ཞིག་ཤེས་སྲིད་པ་ཡིན། རེད་དེ། དེ་དག་འཁུར་ནས་གང་དུ་འགྲོ
ཨ་ཕ་ཤི་བའི་ཉིན་དེར་བུ་མོར་ཀུ་རེ་རྩེས་བ་ནི་ངོ་མ་གྲྭ་ལོག་ཅིག་གི་རྟགས་རེད།
སྒྲུང་རྩོམ་འདིའི་མགོ་ནས་ད་ལྟའི་བར་གྲྭ་ལོག་གི་གཤིས་ཀ་ཏག་ཏག་བྲིས་འདུག་པ་མཐོང་ན་གྲྭ་ལོག་ཚོས་མི་ཚེ་འདིར་ཅི་ཞིག་འཚོལ་བཞིན་པ་ངོ་མ་ཤེས་མི་ཐུབ་པ་ཞིག་རེད། ངས་མཐོང་བའི་གྲྭ་ལོག་ཚོའང་འདི་མོ་འདི་ཏག་ཏག་རེད། མཐའ་ན་གྲྭ་ལོག་བྱེད་དོན་ཡང་བཤད་རྒྱུ་མི་འདུག། བློ་བཟང་གིས་ཀྱང་དཀོར་ཟས་ཁོ་ནར་འཛེམ་པ་ཡིན་ན་དགོན་པའི་བ་རྫི་བྱས་ནས་རང་ཁ་གསོས་ན་གཉིས་ཕན་རེད་མོ། ད་ངོ་མ་བཤད་མི་ཤེས་ཀི
བཀླགས་ཟིན།
བློ་བཟང་དེས་ ད་ཅི་ཞིག་བྱེད་ཀི་དཱ།
ཡ་ཡ་དུ་མོ་ཞིག་རེད། བློ་བཟང་ཀུ་རེ་དེའི་གསང་ན་ད