མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

ཉེར་བརྒྱད།


བློ་བཟང་རྡ་སར་འབྱོར་ནས་ཕྱིར་ཉིན་སྲང་དུ་ཡང་མ་སོང་བར་ནང་དུ་གློག་ཀླད་ནང་དུ་ཡི་གེ་འབྲི་སྟངས་ཤིག་སྤྱོང་བཞིན་པའི་སྐབས་སུ། སྒོ་བརྡུང་བའི་སྒྲ་ཞིག་ཐོས་དེ། ཡར་བླངས་དེ་སྒོ་ཕྱེ་དུ་སོང་། སྒོ་འགྲམ་དུ་འབྱོར་བའི་མི་དེ་ནི་ནོར་བུ་བཟང་མོ་ཡིན་ལ། སྒོ་ཕྱེ་མ་ཐག་ནོར་བུ་བཟང་མོས་མིག་ཆུ་དང་བཅས་དེ་བློ་བཟང་གི་སྐེ་རུ་འཐམ་ནས། ངས་ཉིན་མཚན་མེད་པར་ཁྱེད་རང་དྲན་པ་མ་ཟད། རྨི་ལམ་ཡང་མང་བོ་ཞིག་རྨིས་སོང་། དེ་རིང་མེག་ལོར་གྱི་སྲང་དུ་སྔོ་ཚལ་ཞིག་ཉོ་རུ་ཡོང་སྐབས། ཁྱེད་ཀྱི་རོགས་པ་དང་འཕྲད། ཁོ་རང་ལ་རྒྱུན་ལྡན་ལྟར་ཁྱེད་རང་གི་བསྐོར་ཞིག་དྲིས་དུས། ཁྱེད་རང་སླེབས་ཡོད་པ་ཤེས་ནས་འདིར་ཡོང་བ་ཡིན།

བློ་བཟང་གིས་སྐབས་དེར་སྐད་ཆ་གང་ཞིག་ནས་བཤད་དགོས་མིན་ཀྱང་མི་ཤེས་པའི་མཚམས་སུ་བསྐྱལ་ན་ཡང་། ད་མ་ངུ། ངུས་དེ་གང་བྱེད། ནང་དུ་ཤོག ཁ་བརྡ་ལྷོད་ལྷོད་ཅིག་བྱེད་ཆོག་གི་རེད།

བློ་བཟང་གིས་ནོར་བུ་བཟང་མོའི་སྐད་ཆ་དག་ལ་ཞིབ་དུ་ཉན་ནས། མོ་རང་གིས་འདོད་ནས་འདམ་ག་བྱས་དེ་ཕྱི་རྒྱལ་བ་དེ་ལ་ཆང་ས་རྒྱག་རྒྱུ་བྱས་པ་ཞིག་གཏན་ནས་མ་ཡིན་པར། མོ་རང་གི་ཨ་ཅེ་དང་བདེ་གྲོལ་གཉིས་ཀྱིས་རེ་སྐུལ་བྱས་ལུགས། ཁོ་གཉིས་ཀྱི་གྲོགས་པོ་ཞིག་བརྒྱུད་དེ་ངོ་སྤྲོད་བྱས་ཚུལ། གོ་སྐབས་དེ་བརྒྱུད་ནས་བདེ་གྲོལ་ཕྱི་རྒྱལ་དུ་འགྲོ་རྒྱུར་མི་དེས་རོགས་པ་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཚང་མ་མིག་ཆུ་དང་ལྷན་དུ་བཤད་པ་དང་། ད་ནི་ཁྱེད་རང་ཕྱིར་ཡོང་བའི་རང་གི་གཉེན་སྒྲིག་བྱེད་རྒྱུ་མིན་ཚུལ་སོགས་མང་བོ་ཞིག་ཉན་རྗེས། དེས་ན་ཁྱེད་རང་གི་ང་ལ་འབྲེལ་བ་ཞིག་གནང་མ་ཐུབ་པ་གང་རེད་དམ།

ནོར་བུ་བཟང་མོས། ངས་ཁྱེད་རང་གང་དུ་ཡོད་མེད་ཀྱི་ཁ་བྱང་ཡང་མི་ཤེས་པ་མ་ཟད། ཁྱེད་རང་ཕྱོགས་སུ་བྲོས་དེ་ཡོང་དགོས་བསམ་ཡང་སྒོར་མོ་མེད་པ་དང་། སྒོར་མོ་ཁ་ཤས་ཤིག་ཐབས་ཤེས་འགྲིག་སྲིད་ཀྱང་། རྒྱ་གར་སྐད་ཚིག་གཅིག་མི་ཤེས་པའི་སླེབས་དགོས་སར་མ་སླེབས་གོང་དུ་བོར་བརླག་འགྲོ་རྒྱུར་སྐྲག དེ་ནས་བདེ་གྲོལ་གྱིས་ཁྱེད་རང་གི་གྲོགས་པོའི་ལག་དུ་ཁ་བྱང་ཡོད་རབས་ཟེར་སྟབས། ངས་ཡི་གེ་ཞིག་བྲིས་དེ་བདེ་གྲོལ་ལ་ཁྱེད་རང་ལ་སྐུར་རོགས་ཟེར་ནས་ཟླ་འགའི་སྔོན་དུ་ཁོའི་ལག་དུ་བཞག་པ་ཡིན། ཁྱེད་རང་ལ་་ཡི་གེ་འབྱོར་མ་སོང་ངམ།

བློ་བཟང་གིས་ད་གཟོད་དོན་དག་འདིའི་སྔ་གཞུག་ཚང་མར། བསམ་གཞིག་ནན་ཏན་བྱེད་དགོས་པའི་དོན་གནད་ཅིག་ཡོད་ཁོ་ཐག་རེད་སྙམ་ཞོར། ང་རང་ལ་ཁྱེད་ཀྱི་ཡི་གེ་ཞིག་གཏན་ནས་འབྱོར་མ་སོང་། གལ་ཏེ། འབྱོར་བ་ཡིན་ན། ངས་ཁྱེད་རང་གི་དཀའ་ངལ་དེ་དག་གི་ཟུར་ཙམ་ཞིག་ལོས་ཤེས།

སྐབས་དེ་འདྲ་ཞིག་ལ། བློ་བཟང་གི་གྲོགས་པོ་འགའ་ཁོ་རང་ཕྱིར་མེག་ལོར་དུ་འབྱོར་ཡོད་པ་གོ་ནས་སླེབས། ངོ་ཤེས་དེ་དག་གིས་ནོར་བུ་བཟང་མོའི་གདོང་གི་མིག་ཆུ་སྐམ་མེད་པའི་ངང་ཚུལ་དེ་མཐོང་ནས་ཕྱིར་འགྲོ་རྩིས་བྱས་ཀྱང་། བློ་བཟང་གིས་རེ་སྐུལ་ལྟར་བསྡད་ནས་ཁོང་ཚོས་སྐད་ཆ་གཞན་ཞིག་གི་ཁྲོད་དུ་གླེང་མོལ་བྱེད་མགོ་བཙུགས།

ནོར་བུ་བཟང་མོས་བློ་བཟང་ལ་ཉིན་གོང་ཁ་ལག་བཟོ་རོགས་བྱས་པ་དང་། བློ་བཟང་གི་གྲོགས་པོ་ཚོས་ལྷན་དུ་ཉིན་གོང་གི་ཁ་ལག་ཟ་ཞོར་དུ། ནོར་བུ་བཟང་མོ་ལ་ཀུ་རེ་མི་ཉུང་བ་ཞིག་རྩེད་ཀྱིན་ཞོར་དུ་བློ་བཟང་ལ་ཚིག་གི་མདའ་མོ་མང་བོ་ཞིག་འཕངས་ཀྱང་། བློ་བཟང་གི་འཛུམ་རེ་སྟོན་པ་ལས་ལན་གང་ཡང་མ་ལོག

བློ་བཟང་གིས། རང་ཉིད་རྡ་སར་སླེབས་ཡོད་པ་དང་ཉིན་མ་དེ་དག་གི་རིང་དུ་རང་གི་གྲོགས་པོ་འགའ་དང་འཕྲད་ཚུལ། མི་རིང་བར་དབྱིན་ཡིག་ཟུར་སྤྱོང་འཛིན་གྲྭ་སོགས་ལ་འགྲོ་འདོད་ཡོད་རབས། གལ་སྲིད། དོན་དག་གལ་ཆེན་རེ་དང་འཕྲད་དེ་ཁོ་རང་གི་རོགས་བྱེད་ཐུབ་པ་འདྲ་ཡིན་ན། གྲོགས་པོའི་ཁ་པར་ཨང་གྲངས་སྟེང་དུ་བརྡ་རེ་བཞག་ན། ཁོས་ཕར་ལ་ཁ་པར་གཏོང་ཚུལ་སོགས་རང་གི་བསམ་པ་ལྟར་རྒན་རྒོན་གཉིས་ལ་ཁ་པར་ཁྲོད་ནས་བཤད།

ཉིན་དེ་དག་གི་རིང་དུ། ཉིན་ལྟར་ནོར་བུ་བཟང་མོ་བློ་བཟང་ཡོད་སར་ཡོང་བཞིན་ཡོད་ལ། གོ་སྐབས་ཡོད་ཚད་དུ་མོ་རང་གི་སྐྱིད་སྡུག་འདྲ་མིན་སྣ་ཚོགས་ཤིག་བློ་བཟང་དང་ལྷན་དུ་བཤད་ཀྱི་ཡོད། དེ་དག་གི་ཁྲོད་ནས་ཆེས་གནད་འགག་གི་སྐད་ཆ་ནི། ནོར་བུ་བཟང་མོས་ཕྱི་རྒྱལ་བ་སྐུ་ཞབས་ཨེས་ལ་དང་གཉེན་སྒྲིག་བྱེད་རྒྱུ་མིན། ད་ནི་ཁྱེད་རང་ཕྱིར་སླེབས་ཡོད་ཟེར་བ་དེ་ཡིན།

བློ་བཟང་གིས་སྐད་ཆ་དེར་བསམ་བློ་ཆེས་མི་ཉུང་བ་ཞིག་བཏང་ནས་ནོར་བུ་བཟང་མོ་ལ། ཁྱེད་ཀྱིས་དེ་ལྟར་བྱེད་མི་ཉན། གལ་སྲིད། ཁྱེད་ཀྱིས་དེ་འདྲ་བྱེད་རྒྱུ་ཡིན་ན་ནི། ང་རང་སང་ཉིན་རྡ་ས་དང་ཁ་གྱེས་ནས་འགྲོ་རྒྱུ་ཡིན། ཁྱེད་རང་གི་ཨ་ཅེ་དང་བདེ་གྲོལ་གཉིས་ནི་ང་རང་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། ཁོ་གཉིས་ཀྱི་རེ་བ་ཡོད་ཚད་ཁྱེད་ལ་བཅོལ་ཡོད་པ་འདི། ང་རང་སླེབས་ནས་མེད་པར་ཆགས་པ་ཡིན་ན། ངས་རང་གི་གྲོགས་པོ་བདེ་གྲོལ་གྱི་གདོང་ལ་ལྟ་སྲོལ་མེད། ཁྱེད་ཀྱིས་ཨ་ཅེ་ཡི་སེམས་ལ་ཡང་སྡུག་བཞག་པ་རེད། ང་རང་འདི་ནས་ཡུན་རིང་མི་བསྡོད་པར་ཕྱོགས་གཞན་ཞིག་ལ་བུད་འགྲོ ང་རང་ཁྱེད་ཀྱི་ཆང་སའི་རྟེན་འབྲེལ་ལ་ཡང་མི་ཡོང་ཞེས་བཤད།

ནོར་བུ་བཟང་མོས། དེས་ན་ང་རང་གི་ཁྱེད་ཀྱིས་ཁ་ལ་ཉན་ཆོག ཨ་ཅེ་དང་བདེ་གྲོལ་གཉིས་ཀྱིས་འདོད་ཐོག་ལ་བཞག་ཆོག ཡིན་ཡང་། ཁྱེད་རང་ཆང་སའི་རྟེན་འབྲེལ་ཉིན་ཡིན་གཅིག་མིན་གཅིག་ལ་ཡོང་དགོས། དེ་ལྟར་མི་ཡོང་ཟེར་ན་ནི། ང་རང་ཆང་སའི་ཉིན་མོ་དེར་ཁྱེད་རང་བཙལ་དུ་ཡོང་རྒྱུ་ཡིན་ལ། ཁྱེད་ཀྱི་ཁ་ལ་མི་ཉན། ད་དུང་། ངས་གནས་ཚུལ་འདིའི་མགོ་གཞུག་ཚང་མ་སྐུ་ཞབས་ཨེས་ལར་གསལ་བཤད་ཞུ་རྒྱུ་ཡིན། དེ་ནས་དོན་དག་ཚང་མ་ཐག་བཅོད་འགྲོ་ངེས་རེད།

བློ་བཟང་གིས། ནོར་བུ་བཟང་མོའི་སྐད་ཆ་དེ་དག་ལ་ཁས་ལེན་བྱས་དེ་ཆང་སའི་རྟེན་འབྲེལ་གྱི་སྔ་གཞུག་ཀུན་ལ་བདེ་གྲོལ་དང་ལྷན་དུ་རང་གི་ཐུབ་ཚོད་ཀྱིས་རོགས་རམ་བྱས། ཆང་སའི་རྟེན་འབྲེལ་གྱི་བདུན་ཕྲག་གཅིག་གི་རྒྱབ་དུ། ནོར་བུ་བཟང་མོ་བཟའ་མིི་གཉིས་ཀྱིས་བདེ་གྲོལ་བཟའ་མི་གཉིས་དང་བློ་བཟང་། དེང་ཐོག་སྐུ་ཞབས་ཨེས་ལ་དང་ཁོ་མོ་གཉིས་ངོ་སྤྲོད་བྱེད་མཁན་གྱི་ཕོ་གསར་དོན་གོ་བཅས་ལ་དམིགས་བསལ་གྱིས་ཁ་ལག་ཞིག་བཟོས་དེ་སྐད་བཏང་། དགོང་མོ་དེར་བློ་བཟང་ར་བཟི་ནས་ནོར་བུ་བཟང་མོའི་ཁྱོ་ག་གསར་བ་སྐུ་ཞབས་ཨེས་ལ་ཡི་སྟེང་དུ་སྐྱུག་པ་སྐྱུག་ཡང་། སྐུ་ཞབས་ཨེས་ལ་ནི་མི་བཟང་བོ་གསེར་འདྲ་ཞིག་ཡིན་སྟབས། བློ་བཟང་ལ་བདག་པོ་རྒྱག་པ་ལས་རྣམ་འགྱུར་མི་ལེགས་པ་ཞིག་ཀྱང་མ་བསྟན། བདེ་གྲོལ་གྱིས་བྱེད་སྟངས་དེ་དག་ལ་འཚེར་སྣང་དང་བཅས་དེ་བློ་བཟང་ཕྱིར་ནང་དུ་བསྐྱལ།

ཕྱིར་ཉིན་བདེ་གྲོལ་གྱིས། བློ་བཟང་འདང་དགོང་ཆང་གི་བཟི་ནས་ཁྱེད་ཀྱིས་ང་རང་ལ་སྐད་ཆ་འདྲ་མི་འདྲ་མང་བོ་ཞིག་བཤད་པ་དག་དྲན་གསོས་ཀྱི་འདུག་གམ། ད་དུང་། སྐུ་ཞབས་ཨེས་ལ་ཡི་སྟེང་དུ་སྐྱུག་པ་སྐྱུག་ནོ་དྲན་གྱི་འདུག་གམ།

བློ་བཟང་གིས། རང་ཉིད་ར་བཟི་བའི་རྗེས་སུ་སྐུ་ཞབས་ཨེས་ལ་ཡི་སྟེང་དུ་སྐྱུག་པ་སྐྱུག་པ་དང་བདེ་གྲོལ་གྱིས་རང་ཉིད་ནང་དུ་བསྐྱལ་བའི་ལམ་ཁར་ཁོ་ལ་སྐད་ཆ་གང་ཞིག་བཤད་མིན་སོགས་གཏན་ནས་ཡིད་ལ་མ་དྲན་སྟབས། བདེ་གྲོལ། ང་ལ་ཀུ་རེ་མ་རྩེད། འདང་ནུབ་ངས་ཁྱེད་རང་ལ་ག་རེ་བཤད་སོང་ངམ།

བདེ་གྲོལ་གྱིས། ཞིབ་དུ་བློ་བཟང་གི་གདོང་དུ་ལྟ་བཞིན། དངོས་ནས་མི་དྲན་ནམ། ངས་ཁྱེད་རང་ལ་བཤད་ཆོག ཁྱེད་ཀྱིས་ངས་ནོར་བུ་བཟང་མོ་སྐུ་ཞབས་ཨེས་ལར་སྤྲད་ཚུལ། ཁྱེད་རང་གི་ལག་ནས་འཕྲོག་རབས། མོ་རང་དོན་དངོས་དག་ང་རང་ལ་དགའ་ཚུལ་སོགས་མང་བོ་ཞིག་བཤད་སོང་། དོན་དངོས་ཐོག ཁྱེད་རང་གིས་དངོས་ནས་དེ་འདྲ་བསམ་བཞིན་ཡོད་དམ།

བློ་བཟང་གིས་ངོ་མདོག་ཅུང་ཙམ་དམར་པོ་ཆགས་ནས། ག་བ་ག་བ། དཔེ་ཡོད་ནས། ངས་ངོ་མ་ཁྱེད་རང་ལ་སྐད་ཆ་དེ་འདྲ་ཞིག་བཤད་པ་དྲན་གྱི་མི་འདུག ནོར་བུ་བཟང་མོ་ལ་སྐུ་ཞབས་ཨེས་ལ་ལྟ་བུ་རྒན་པོ་བཟང་བོ་ཞིག་རེག་པ་དེ་ནི་ཁྱེད་བཟའ་མི་གཉིས་ཀྱིས་བཀའ་དྲིན་རེད།

བདེ་གྲོལ་གྱིས། རེད། དངོས་ནས་སྐུ་ཞབས་ཨེས་ལ་ཁོང་ནི་བོད་ཀྱི་བུ་མོ་མང་བོ་ཞིག་གི་རེ་བ་བྱེད་མྱོང་ཡོད་ས་ཞིག་རེད་ལ། མི་ཡང་གསེར་འདྲ་བ་ཞིག་ཡིན། ཁོ་མོ་བསྡོད་ཤེས་པ་ཡིན་ན་རྒན་པོ་འདི་ལས་དགའ་ཞིག་རེག་གི་མ་རེད།

བདེན་པ་རེད། བདེན་པ་རེད།

ཆང་ས་རྒྱབ་རྗེས་སུ། ནོར་བུ་བཟང་མོ་ལ་འགྱུར་བ་གང་ཡང་མེད་པར་སྔར་བཞིན་བློ་བཟང་གི་ནང་དུ་ཡོང་བཞིན་ཡོད་ལ། བློ་བཟང་དང་ལྷན་དུ་སྐད་ཆ་འདྲ་མིན་གླེང་དེ་སྡོད་པ་ནི་མོ་རང་གི་བདེ་སྐྱིད་ཆེ་ཤོས་རུ་ཆགས་ཡོད། དེ་ལ་བློ་བཟང་གིས་ཀྱང་གང་ཡང་བཤད་ཐུབ་ཀྱི་མེད་ལ། མོ་དང་གི་ཁམས་དང་བསྟུན་ནས་ཁོ་གཉིས་ཕལ་ཆེ་བ་ལ་རོགས་པ་རེ་ཟུང་དང་ལྷན་དུ་ཡོད།

ཉིན་ཞིག་བློ་བཟང་དང་ནོར་བུ་བཟང་མོ་གཉིས་ཀྱིས་བློ་བཟང་གི་ནང་དུ་བོད་ནང་གི་གླུ་དབྱངས་བརྙན་འཁོར། མོ་རང་ཆེས་དགའ་སའི་གངས་བཞུགས་ཀྱི་གླུ་དབྱངས་གློག་ཀླད་ནང་དུ་བལྟ་ཉན་བྱེད་བཞིན་བསྡད་ཡོད་པའི་སྐབས་སུ། གློ་བར་དུ་བདེ་གྲོལ་ནང་དུ་སླེབས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    ཡོང་མཁན་དང་ཀློག་མཁན། བསམ་ཚུལ་འབྲི་མཁན་ཚང་མར་དགའ་ནས་བལྟས་ཡོད། བསམ་ནས་འཚམ་འདྲི་ཡོད། དྲན་ནས་སྙིང་གཏམ་ཡོད།

    Reply
  2. free sopu says:
    ལོ་ 16 སྔོན།

    ཡོང་ཡོད།

    Reply
  3. gangdra says:
    ལོ་ 16 སྔོན།

    ཨ་རོབ།་་་་སྐུ་བདེ་འམ།
    སྐུ་ཉིད་ཀྱི་དངོས་སྒྲུང་ཉེར་བརྒྱད་པ་བཀླཊ་ཟིན།
    ད་དུང་མུ་མཐུད་འབྲི་འམ།་་་་ངལ་ཅུང་ཙམ་གསོ་མི་དགོས་སམ།
    ཧཧཧ་་་་་ཀུ་རེ་དང་བཅས།

    Reply
  4. samkhar says:
    ལོ་ 16 སྔོན།

    ཀློག་གིན་ཡོད།

    Reply
  5. kalta says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། སྒྲུང་སྙན་མོ་ཞིག་བཤད་འདུག་ཏེ་དངོས་གནས་ཡིན་མིན་ཚིག་ཐག་བཅད་དེ་ཞུ་ཐུབ་པ་མི་འདུག བློ་བཟང་ཕ་ཡུལ་གང་ནས་རེད་ཅེས་དྲིས་ཚེ་ཁྱེད་རང་གིས་ལན་ཁ་གསལ་ཞིག་རྒྱག་ཐུབ་བམ། གང་ལྟར་ཀྱང་དེ་འདྲ་བྱུང་མི་སྲིད་པ་ཞིག་ག་ལ་ཡིན།

    Reply
  6. Baichung says:
    ལོ་ 16 སྔོན།

    ད་ཐེངས་བློ་བཟང་ལམ་འགྲོ་རྒྱུག་སོང་ཞིག མི་དྲང་མོ་དེ་ཚོ་ལན་རེར་གྱོང་རེག་གི་ཡོད་པ་འདྲ་བོ་མཐོང་ཡང་། དྲང་བདེན་ལ་ཚད་མ་རྒྱབ་སྐྱོར་ཡོད་པས། ལས་རྒྱུ་འབྲས་ཞིག་ཕར་ལྟས་ན་མེད་པ་འདྲ་མོད། དོན་ངོ་མ་ཡོད་ནི་རེད་བློ་བཟང་ལྟ་བུ་མི་ཡ་རབས་ཞིག་ལ་བདེ་གྲོལ་བཟའ་མི་དང་ནོར་བུ་མཚོ་ལྟ་བུའི་གཡོ་འོག་ཏུ་ཚུད་མི་འདུག་ག ནོར་བུ་མཚོ་དང་འཆང་ས་རྒྱག་མ་ཐུབ་པ་དེ་བར་ཆད་མ་རེད། ལམ་འགྲོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese