མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སོ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སོ་གཅིག


ཉིན་མཚན་ཁ་ཤས་ཀྱི་འགྲུལ་བཞུད་ལ་བརྟེན་ནས་བློ་བཟང་བདེ་བར་ཁོང་རྒན་རྒོན་གཉིས་ཀྱི་གམ་དུ་འབྱོར། ཨ་ཅག་ཚེ་འཛོམ་གྱིས་བློ་བཟང་ལ། ཁྱེད་རང་གིས་ཟ་ཁང་གོང་མའི་ནང་གི་འགན་འཛིན་གྱིས་ལས་འཁུར་བྱེད་རྒྱུ་དང་། གནས་སྐབས་རིང་ཁྱེད་རང་ལ་རོགས་བྱེད་མཁན་ནི་རྒན་པོ་སངས་རྒྱས་ལགས་ཡོད་པ་རེད། ངས་བལྟས་པ་ཡིན་ན་རྡ་ས་ནས་རང་གི་གྲོགས་པོ་ཞིག་སྐད་བཏང་ནས་རང་ལ་རོགས་བྱེད་དུ་བཅུགས་པ་ཡིན་ན་ཁྱེད་རང་ལ་ཡང་སྟབས་བདེ་བོ་ཡོད་ངེས་ཡིན།

བློ་བཟང་གིས་རང་གི་གྲོགས་པོ་མགོན་སྐྱབས་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཐར་ཕྱིན་ལ་ཉེ་བ་དེར་རོགས་པ་ཞིག་བརྒྱུད་དེ་ཁ་པར་ཁྲོད་ནས་ཐར་ཕྱིན་མ་ཐག་རང་ཉིད་ལ་རོགས་བྱེད་དུ་ཡོང་རྒྱུར་སྐད་བཞག

རྒན་རྒོན་གཉིས་གནས་བསྐོར་ལ་ཕྱིན་སོང་བ་དང་བློ་བཟང་གི་གྲོགས་པོ་མགོན་སྐྱབས་ཀྱང་ཁོ་རང་ཡོད་སའི་ས་ཁུལ་དེར་འབྱོར་ནས་ཉིན་ཁ་ཤས་ཤིག་སོང་ཡོད། ཁོ་གཉིས་ལ་དུས་རྒྱུན་དུ་རང་རང་གི་དམིགས་ཡུལ་སོགས་འདྲ་མིན་གླེང་རྒྱུར་དགའ་བོ་ཡོད་པ་རེད།

བློ་བཟང་གིས་རང་གི་དུས་རྒྱུན་གྱི་རྨི་ལམ་ཞིག་ཡོད་པ་དེ་ནི་རང་གི་མི་ཚེ་ནང་དུ་བོད་དོན་རླབས་ཆེན་ཞིག་བྱེད་འདོད་ཡོད་པ་དེ་ཡིན་པ་དང་། དུས་ཚོད་གང་ཡོད་ལ་དེའི་བསྐོར་གྲོགས་པོ་མགོན་སྐྱབས་ལ་ཁོ་གཉིས་བོད་མི་ཞིག་གི་དངོས་ནས་བོད་དོན་སྒྲུབ་ཕྱོགས་ཐད་ཀྱི་བྱེད་ཐབས་མི་ཉུང་བ་ཞིག་བཤད།

བར་སྐབས་ཤིག་ལ་བློ་བཟང་གིས་རང་ཉིད་སྔོན་ཆད་གྲྭ་སར་ཡོད་དུས་ཤིག རང་གི་གྲོགས་པོ་ཆེས་སེམས་ཐག་ཉེ་བོ་ཞིག་དང་ལྷན་དུ་བོད་དོན་ཞིག་སྒྲུབ་རྒྱུའི་གྲོས་མོལ་བྱས་མྱོང་བ་དང་རྗེས་སུ་དོན་དག་དངོས་སུ་མགོ་རྩོམ་རྒྱུར་ཉེ་དུས་གྲོགས་པོ་དེ་ནི་ཕྱི་བཤོལ་བྱས་རབས་སོགས། ད་དུང་། ཡིན་ན་ཡང་། བློ་བཟང་ཁོ་རང་ལ་གྲོགས་པོ་ཡག་པོ་ཞིག་རེག་ན་བོད་ནང་དུ་སོང་དེ་བོད་དོན་ཐད་དུ་རང་གི་འཇོན་ཚད་ཀྱི་ལས་ཀ་ཞིག་བྱེད་འདོད་ཡོད་རབས་གྲོགས་པོ་མགོན་སྐྱབས་ལ་གླེང་།

གྲོགས་པོ་མགོན་སྐྱབས་ཀྱིས་ཀྱང་། བློ་བཟང་ལ་བདེན་ཁ་སྤྲད་པ་དང་ཁོ་རང་ལ་ཡང་བོད་དོན་ཞིག་བྱེད་རྒྱུར་སྤྲོ་བ་ཡོད་ཚུལ་གླེང་མོལ་སྣ་ཚོགས་ཤིག་བྱས་པའི་མཇུག་དུ། བོད་ནང་ནས་བོད་དོན་གང་ཞིག་བྱས་པ་ཡིན་ན་བཟང་རབས་དྲིས།

བློ་བཟང་སེམས་བསམ་པའི་གཏིང་ནས་དགའ་སྣང་དང་བཅས་དེ། པོ་ཏྰ་ལའི་སྟེང་དུ་སོང་དེ་རང་ལུས་སུ་བོད་ཀྱི་རྒྱལ་དར་གྱོན་ནས། ཡུལ་བསྐོར་སྤྲོ་འཁྱམས་པ་མང་བའི་སྐབས་ཤིག་དང་བསྟུན་ནས་སྐད་འབོད་བྱེད་རྒྱུ་དང་། མཐར་གཉེན་རྟོག་པ་སླེབས་དུས་རང་ཉིད་པོ་ཏྰ་ལའི་ཡང་རྩེ་ནས་མཆོང་རྒྱུ་དང་། མགོན་སྐྱབས་ཀྱིས་ཉིན་དེར་གཙུག་ལག་ཁང་གི་འགྲམ་ནས་དུས་ཚོད་དེར་གཙུག་ལག་ཁང་གི་འགྲམ་ནས་སྐད་འབོད་ཤུགས་ཆེན་པོ་བྱེད་རྒྱུ་དེ་ཡིན། གལ་སྲིད། དེ་ལྟར་བྱེད་ཐུབ་ཀྱི་མེད་པ་ཡིན་ནའང་འགྲིག པོ་ཏྰ་ལའི་མདུན་ཐང་ནས་དཔར་ཆས་ཤིག་བཟུང་དེ་འདྲ་དཔར་བརྒྱབ་ན་འགྲིག་གི་རེད་སོགས་རང་གི་རྨི་ལམ་ཁྲོད་ཀྱི་རེ་བ་དེ་དག་གཅིག་རྗེས་གཉིས་མཐུད་དུ་བཤད།

ཉིན་མ་ཁ་ཤས་ཀྱི་རིང་དུ་ཁོ་གཉིས་ཀྱིས་བོད་དོན་སྒྲུབ་ཕྱོགས་བསྐོར་རྐྱང་རྐྱང་བཤད་དེ། དེང་ཐོག་མགོན་སྐྱབས་ཀྱིས་ཀྱང་དེར་རྒྱབ་སྐྱོར་བྱས་པ་དང་མོས་མཐུན་མི་ཉུང་བ་ཞིག་བྱས་ཀྱང་། མཐར་བློ་བཟང་གིས་རྒན་རྒོན་གཉིས་སླེབས་ནས་ཟླ་ངོ་ཁ་ཤས་རིང་དུ་ས་གནས་དེར་སྒོར་མོ་འགའ་གསོག་རྗེས་སུ་ཁོ་གཉིས་ས་ཁུལ་དེ་བརྒྱུད་ནས་ཐད་ཀར་བོད་ནང་དུ་འགྲོ་རྒྱུ་བྱས་ཀྱང་། ཉིན་མ་རིམ་གྱིས་སོང་བ་དང་གྲོགས་པོ་མགོན་སྐྱབས་ཀྱིས་བློ་ཁ་འགྱུར་བ་ཐེབས།

ཟླ་ངོ་གཅིག་ལྷག་གི་རྗེས་སུ་རྒན་རྒོན་གཉིས་ཀྱང་གནས་བསྐོར་ནས་ཕྱིར་སླེབས་པ་དང་། གནས་བསྐོར་གྱི་ལམ་བར་དུ་མེ་འཁོར་ནང་ནས་རྒན་རྒོན་གཉིས་ཀྱིས་ཅ་དངོས་མི་ཉུང་བ་ཞིག་བོར་བརླག་སོང་བའི་ཁྲོད་དུ། རྒན་པོ་དོན་འགྲུབ་ལགས་ཀྱིས་མི་ཚེ་བཀང་བོར་མ་ཎི་བསགས་པའི་གྲངས་ཐོའི་འབྲི་དེབ་ཀྱང་བོར་བརླག་སོང་བ་དེར་ལྟས་ངན་ལྟ་བུ་ཡང་བསམ་བཞིན་ཡོད་བསྐོར་སོགས་བློ་བཟང་ལ་ཨ་ཅག་ཚེ་འཛོམ་གྱིས་བཤད།

དངོས་ནས་ལྟས་ངན་ནི་ལྟས་ངན་རང་རེད། མི་རིང་བར་རྒན་པོ་དོན་འགྲུབ་ལ་ནད་ཚ་ཞིག་བྱུང་། རིམ་གྱིས་མལ་སར་ལྷུང་དེ་ཟ་མ་ཡང་ཟ་མ་ཐུབ་པར་ཉིན་མ་ཁ་ཤས་ཤིག་སོང་། སྐབས་དེར་བློ་བཟང་དང་མགོན་སྐྱབས་ཡོད་སའི་ཟ་ཁང་ནས་སྨན་ཁང་ཆེན་པོ་ཞིག་ལ་ཐག་ཉེ་ཡིན་སྟབས། རྒན་རྒོན་གཉིས་ཀྱང་དེ་རུ་གནས་སྤོས། བློ་བཟང་གིས་རྒན་པོ་དོན་འགྲུབ་ལགས་ལ་རང་གི་ཕ་རྒན་བཞིན་དུ་ཞབས་ཞུ་བྱས་པ་དང་རྐུབ་ཀྱི་བཙོག་པ་ལ་སོགས་གཙང་མ་བཟོས། བློ་བཟང་གིས་རྒན་པོ་དོན་འགྲུབ་ཀྱི་གནས་སྟངས་སྐྱོ་རུ་སོང་བ་དང་སེམས་མ་བདེ་བར་རང་གི་ཕྲེང་བ་བླངས་དེ་མོ་ཞིག་བཏབ།

མོ་ནང་དུ་འབབ་པ་ནི་རྒན་པོ་དོན་འགྲུབ་ཚེ་འདི་དང་བྲལ་རྒྱུ་ཡིན་པ་དེ་ཡིན་སྟབས། བློ་བཟང་གིས་ནང་མི་གཅིག་ལ་ཡང་དེའི་བསྐོར་བཤད་རོགས་མ་ཆོད་པར་རང་གི་གྲོགས་པོ་མགོན་སྐྱབས་ལ་གསང་བའི་སྒོ་ནས་རྒན་པོ་དོན་འགྲུབ་ད་རེབས་གསོན་ཐུབ་ཀྱི་མི་འདུག་ཚུལ་རང་གི་མོ་ལ་བབས་ཚུལ་བཤད།

རྒན་པོ་དོན་འགྲུབ་ནས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་དུ་ཕྱིན་སྟབས། བློ་བཟང་གིས་ཨ་ཅག་ཚེ་འཛོམ་ལ་སྐད་ཆ་གསལ་བོ་ཞིག་མ་བཤད་ཀྱང་། ད་ནི། བུ་མོ་གཉིས་ལ་སྐད་བཏང་ན་ཡག་ས་རེད། དེ་མིན་སང་ཉིན་ནངས་ཉིན་ཞིག་ལ་པ་ལགས་དོན་འགྲུབ་གློ་བུར་དུ་རྐྱེན་འདས་སུ་སོང་བ་ཡིན་ན། བུ་ཕྲུག་དག་གི་ཚེ་བཀང་བོར་ཁྱེད་རང་གི་སྟེང་ལ་ཁོང་ཁྲོ་སྐྱེ་ངེས་ཡིན་པ་སོགས་གནས་ལུགས་མང་བོ་ཞིག་བཤད་མཐར། ཨ་ཅག་ཚེ་འཛོམ་ཁ་པར་ཁང་ཞིག་དུ་རང་གི་བུ་མོ་གཉིས་ལ་ཁ་པར་གཏོང་དུ་འགྲོ་ཞོར་ལ་བློ་བཟང་ཁྱེད་རང་གི་བལྟས་པ་ཡིན་ན་བུ་མོ་ཆེ་བ་ཕྱི་རྒྱལ་དུ་ཡོད་པ་དེར་ཡིན་གཅིག་མིན་གཅིག་ཡོང་དགོས་པར་བཤད་དགོས་ཀྱི་འདུག་གམ།

བློ་བཟང་གིས་ང་རང་གི་ལྟ་ཚུལ་ཡིན་ན་ད་ལྟ་རང་སོང་ནས་ཁ་པར་བརྒྱབ་དེ་གང་མགྱོགས་ཇི་མགྱོགས་ངང་དུ་སླེབས་ཐུབ་པ་བྱས་ན་མ་གཏོགས་གནས་ཚུལ་ཡག་པོ་མི་འདུག་ཟེར་ནས་བཤད་ན་ཡག་གི

བུ་མོ་གཉིས་ཀྱི་ནང་ནས་ཆུང་བ་བསྟན་འཛིན་ཚེ་འཚོ་ནི་ལྡི་ལུ་ནས་གནམ་གྲུར་བསྡད་དེ་ཕྱིར་ཉིན་ཞོགས་པ་སྔ་བོ་བློ་བཟང་གི་ཟ་ཁང་ནང་དུ་སླེབས་པ་དང་། པ་ལགས་ག་འདྲའི་འདུག་ཟེར་ནས་གདོང་ལ་སྐྱོ་ཉམས་ཤིག་དང་བཅས་བློ་བཟང་ལ་དྲིས།

ཉིན་གཉིས་ཀྱི་རྗེས་སུ་བུ་མོ་ཆེ་བ་ཕྱི་རྒྱལ་དུ་ཡོད་པ་དེ་ཡང་འབྱོར་ནས་བདུན་ཕྲག་གཅིག་ལྷག་གི་རིང་དུ་ཟས་ཁམ་བཀང་ཀྱང་ཟ་མ་ཐུབ་པའི་རྒན་པོ་དོན་འགྲུབ་ཡོད་སའི་སྨན་ཁང་དུ་བཟའ་མི་འཁོར་དང་བཅས་འཛོམ་ན་ཡང་། ཕ་རྒན་ཡོད་སའི་སྨན་ཁང་ནི་ཆེས་དམིགས་གསལ་གྱི་སྨན་ཁང་ཞིག་ཡིན་སྟབས། མི་གཅིག་རེ་མ་གཏོགས་ནང་དུ་སོང་མི་ཆོག་ལ། ནང་དུ་སོང་ཡང་། ཕ་རྒན་གྱི་གདོང་ལ་བལྟ་བ་ལས་ཕ་རྒན་གྱིས་ཁོང་ཚོ་སུ་ལ་ཡང་ཁ་བརྡ་བྱེད་མི་ཐུབ། རྒན་པོ་དོན་འགྲུབ་ཀྱི་ལུས་ཡོངས་སུ་འགྱིག་ཁབ་མི་ཉུང་བ་ཞིག་བཙུགས་ཡོད་པ་དེ་དག་ཁ་ཤས་ཤིག་ནི་བཙོག་ཆུ་འཐེན་བྱེད་དང་། ཁ་ཤས་ནི་ཟ་མའི་ཚབ་དུ་ཕུང་བོའི་ནུས་པ་གསོ་བྱེད་ཡིན་པ་རེད།

བློ་བཟང་གིས་རང་གི་གྲོགས་པོ་མགོན་སྐྱབས་ལ་དེ་རིང་ཟ་ཁང་གི་སྒོ་ཕྱི་དྲོ་ཆུ་ཚོད་ལྔ་བ་མ་གཏོགས་ཕྱེ་ཆོག་གི་མི་འདུག དེའི་བར་དུ་ང་རང་རྒན་པོ་དོན་འགྲུབ་ཡོད་སར་སོང་ནས་གཅིག་བལྟས་དེ་ཡོང་ཞེས་བཤད་དེ་གླ་བྱེད་རླངས་འཁོར་ཆུང་ཆུང་ཞིག་བཀག་ནས་རྒན་པོ་དོན་འགྲུབ་དང་བཟའ་མི་ཚང་མ་ཡོད་སའི་སྨན་ཁང་གི་ཕྱོགས་སུ་ཕྱིན།

བློ་བཟང་སྨན་ཁང་དུ་སླེབས་དུས། གསར་དུ་འབྱོར་མ་ཐག་པའི་བུ་མོ་ཆེ་བ་དང་ནང་མི་ཚང་མ་སྨན་ཁང་གི་ཞབས་དུ་སྐུ་མགྲོན་འདུག་ས་དེར་བསྡད་ནས་ཁོ་མོ་ཡུན་རིང་ལ་མ་ཐུག་པའི་གནས་ཚུལ་བསྐོར་དང་། ཕྱི་རྒྱལ་གྱི་གནས་ཚུལ་བསྐོར་སོགས་གླེང་དེ་བསྡད་ཡོད་པ་དེར་བློ་བཟང་གིས་མཐོང་མ་ཐག འདི་ཚོ་ལ་སྡུག་བསྔལ་ཞིག་ཆེ་ཡོད་འདོད་པའི་ངང་ཚུལ་ཞིག་དང་བཅས། ཨ་ཅག་ཚེ་འཛོམ་ལ་རྒན་པོ་དོན་འགྲུབ་ཀྱི་གམ་དུ་སུ་ཡོད་ཅེས་དྲིས།

ཨ་ཅག་ཚེ་འཛོམ་གྱིས་ད་ལྟ་ནང་དུ་འགྲོ་ཆོག་གི་མི་འདུག སྒོ་འགྲམ་དུ་རྒན་པོ་སངས་རྒྱས་ཀྱི་སྲུང་དེ་བསྡད་ཡོད་པ་རེད། ང་རང་ལ་ད་ལྟ་རང་རྡ་རམ་ས་ལ་ནས་མོ་བཟང་གི་ཞབས་བརྟན་མང་བོ་ཞིག་འདུག དེ་ཚོ་ཚང་མ་ད་ལྟ་རང་ཁ་པར་བཏང་ནས་འབྲས་སྤུངས་ལ་བཅོལ་ཚར། པ་ལགས་ཀྱི་ཚེ་སྲོག་ལ་སྐྱོན་ཡོད་ས་མ་རེད། དོ་ནུབ་འདི་ནས་བརྟག་དཔྱད་ཀྱི་འབྲས་པུ་བཟང་བོ་ཞིག་མ་ཐོན་ན། མྱུར་སྐྱོབས་གཅེན་འཕུར་གནམ་གྲུ་ཞིག་དུ་བཞན་ནས་མངའ་སྡེ་ཆེ་ས་ཞིག་ལ་འཁྱེར་རྩིས་ཡོད་སོགས་མང་བོ་ཞིག་བཤད་པ་དེར་ཉན་རྗེས། བློ་བཟང་སྐེས་འཛེགས་རྒྱུད་དེ་རྒན་པོ་དོན་འགྲུབ་ཡོད་སའི་ཁང་མིག་ནང་དུ་འཛུལ།

བློ་བཟང་གིས་རྒན་པོ་དོན་འགྲུབ་ཀྱི་ངང་ཚུལ་དེ་དག་རིག་ནས་སེམས་གཏིང་ནས་སྐྱོ་བ་ཚད་མེད་ཅིག་སྐྱེ་ཞོར་དུ། མི་ཟེར་བ་འདི་ལ་ཡོང་རྒྱུ་འདི་ལས་འགྲོ་ས་འདི་ལས་གང་ཡོད། ཟླ་གཅིག་གི་ཡར་སྔོན་དུ་རང་གི་བཟའ་མི་བཀང་བོའི་ཆེད་དུ་ཚེ་མཇུག་ལ་ངལ་གསོ་ཞིག་ཀྱང་བྱེད་མ་ཐུབ་པར་དགུང་ལོ་དོན་གཉིས་ལ་སོན་ཡང་འདུག་ཁོམ་མེད་པར་སྒོར་མོའི་ཆེད་དུ་རྒྱུགས་པ་རེད། དེ་རིང་འདི་ན་འཇིག་རྟེན་འདི་དང་གྱེས་ཕྱག་འབུལ་རྒྱུར་སྒུག་ནས་རང་གི་སྡུག་བསྔལ་ཡོད་ཚད་རང་ཉིད་གཅིག་བུའི་མྱོང་དེ་བསྡད་ཡོད་པ་རེད་སྙམ་ཞོར་དུ། རྒན་པོ་དོན་འགྲུབ་ཀྱི་རྣ་བའི་གམ་དུ་རང་གི་ཁ་སྤྱར་ནས།

ཨ་ཁུ་དོན་འགྲུབ་ལགས། ད་ནི་འཇིག་རྟེན་འདི་ལ་ཞེན་ཆགས་མ་བྱེད། ངེད་ཅག་བོད་པ་ཚང་ལ་འདི་ཕྱིའི་གཉིས་ཀྱི་མགོན་སྐྱབས་ཤིག་ཡོད་པ་ནི་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན་པ་རེད། ཁྱེད་རང་གི་སེམས་གནད་དུ་བཞོག་དང་། ངས་ཁྱེད་རང་ལ་༧རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་བསྟོད་ཚིག་བཞི་ཞིག་འདོན་ཟེར་ནས། འཇམ་དཔལ་རྡོ་རྗེའི་ངག་ལ་དབང་སྤྱོར་ཞིང་།། བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིའི་བལྟམ།། བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།། འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས་ཅེས་སྤྱོར་ཚར་མ་ཐག རྒན་པོ་དོན་འགྲུབ་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ་མོད། མིག་ཟུང་གཉིས་ལས་མིག་ཆུ་ཆུ་བཞུར་བཞུར་ངང་མགོ་བོ་བློ་བཟང་གི་ཕྱོགས་སུ་གཡུགས་གཡུགས་བྱས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    བློ་བཟང་ལས་ངན་པོ་འདི་ཕྱི་ནུར་མེད་པར་འགྲོ་བཞིན་འདུག་ལ། ངས་ཀྱང་ཤུ་རེ་བྱོས་དེ་ཁོང་གི་གཏམ་རྒྱུད་སྤུན་ཟླ་དག་ལ་གླེང་བཞིན་ཡོད། ག་ལེར་ཀློག་དང་ངས་ཀྱང་ག་ལེར་འབྲི།

    Reply
  2. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན་རྒད་པོ་དུ་བདེ་བ་ཅན་ན་སྐྱེ་བར་ཤིག

    Reply
  3. tashi gonpo says:
    ལོ་ 17 སྔོན།

    ཁྱེད་ཀྱི་དངོས་སྒྲུང་འདི་ངོ་མ་དགའ་བོ་འདུག
    ད་ཆ་སྒྲུང་རིང་ཞིག་གི་ངོ་བོར་བསླངས་སོང་།

    ཡིད་རངས་ཆེན་པོ་ཡོད།
    ད་ཆ་ཞིབ་ཀློག་བྱེད་པའི་དུས་ཁོམས་མི་འདུག

    ཡིན་ནའང་ཁྱེད་ཀྱིས་འདི་ད་རུང་མཇུག་སྐྱོང་ནས་འགྲོ་རོགས་ཞུ་རྒྱུ་ཡིན།
    ངོ་མ་ཁྱེད་ཀྱི་འདིའི་ཐཽག་འགན་ཞིག་ཁྱེར་ཀྱིན་འདུག་བསམ་པའི་ཡིད་སྨོན་དང་དགའ་བ་ཡོད།

    ཧཧཧ
    གྲྭ་བ་མིན་སྦྱིན་བདག་དགོས་
    འདི་ནི་དེང་སང་བཙན་བྱོལ་སྤྱི་ཚཽགས་ནང་གི་གསང་གཏམ་ཞིག་གམ་
    འགྲོ་བཞིན་པའི་འཚོ་བ་ཞིག་མ་རེད་དམ།
    ཧཧཧ

    Reply
  4. tendartashi says:
    ལོ་ 17 སྔོན།

    བཟང་གི་མུ་མཐུད་དུ་ཕྲིས་ཡག་པོ་འདུག་ བློ་བཟང་ནི་ངོ་མ་བུ་རབས་ཞིག་རེད་ འོན་ཀྱང་མགོན་སྐྱབས་ རེད་རེད་འཇིག་རྟེན་ན་མི་འདི་འདྲའི་མང་རྒྱུ་རེད་།

    Reply
  5. Baichung says:
    ལོ་ 17 སྔོན།

    གལ་སྲིད་བློ་བཟང་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ཡོད་དོ་ཅོག་༸གོང་ས་མཆོག་གི་འབངས་མི་ཚད་ལྡན་ཞིག་བཟོ་ཐུབ་ན་མ་འོངས་བར་ཕྱི་ཕྱོགས་བོད་པ་འཛང་གླིང་མི་མང་གི་གཅེས་ཕྲུག་ཏུ་འགྱུར་ངེས་པས། ང་ཚོའི་སྟོབས་ཤུགས་ལ་སུ་ཞིག་གིས་འགྲན་ཟླ་ཐུབ་ཀྱི་མ་རེད་འདོད་བྱུང་། བློ་བཟང་ལྟ་བུ་དྲང་བདེན་ཅན་སྤྱི་ཚོགས་ཆུང་ངུ་འདིའི་ནང་ན་ག་ཚོད་ཡོད་ན གལ་སྲིད་ཁོ་པོ་་བོད་ནང་དུ་ཕྱིར་ལོག་ན་བོད་པའི་ནོར་བུ་ཞིག་འཕྲོ་བརླགས་སུ་འགྲོ་བའི་ཉེན་ཁ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese