་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
མི་ཚེ་ནི་དབྱར་ཁའི་གནམ་སྔོ་ལྟ་བུ་ཞིག་ལས་ཆེས་ཡིད་རྟོན་བྱེད་རུང་བ་ཞིག་གཏན་ནས་མིན་པ་ལྟར། ད་ནི་རྒན་པོ་དོན་འགྲུབ་ཀྱི་ཞེ་དགུ་ཚང་ནས་བུ་མོ་གཉིས་རང་རང་གི་སར་ལམ་དུ་ཆས་རན་ཡོད་ལ། བློ་བཟང་དང་མགོན་སྐྱབས་གཉིས་ཀྱིས་ཀྱང་སྔར་བཞིན་རྒན་པོ་འདས་རྗེས་ཀྱི་བདུན་ཕྲག་གཅིག་གི་རྒྱབ་ནས་བཟུང་དེ་ཟ་ཁང་གི་སྒོ་སྔར་བཞིན་ཕྱེ་ནས་བསྡད་ཡོད།
བུ་མོ་ཆེ་བ་ནི་རང་གི་ཕ་རྒན་གྱི་འདས་མཆོད་ལ་རྐང་བཙུགས་དེ་ཡོང་བ་མིན་ན་ཡང་། དོན་དངོས་དེ་འདྲ་ཞིག་ཆགས་སོང་སྟབས། སེམས་པ་གྲང་མོ་ཞིག་དང་རླུང་བུ་རྩུབ་མོ་ཞིག་དང་འགྲོག་ནས་སླར་ཡང་ཕྱི་རྒྱལ་དུ་འཕུར་སོང་བ་དང་། བུ་མོ་ཆུང་བ་ཡང་རང་གི་སློབ་ཆེན་འདོན་ཏུ་བུད་སོང་བའི་ཤུལ་དུ། ཨ་ཅག་ཚེ་འཛོམ་དང་ཁོ་མོའི་བུ་དང་མནའ་མ་བཅས་མཉམ་དུ་བློ་བཟང་དང་མགོན་སྐྱབས་གཉིས་ཀྱི་བར་ཐག་ལེ་བར་བཅོ་ལྔ་ཙམ་ཞིག་ན་ཡོད་པའི་ཟ་ཁང་དང་འདུག་ཁང་ལྷན་དུ་ཡོད་པ་དེར་བསྡད་ཡོད་ན་ཡང་། དེ་དག་གི་ཁྲོད་ནས་བཞུར་དེ་འོང་བའི་གཏམ་རྒྱུད་དག་ནི་བློ་བཟང་གི་རྣ་བའི་ལམ་དུ་འཁུར་ནས་ཡོང་མཁན་ནི། ཨ་ཅག་ཚེ་འཛོམ་མོ་རང་དང་རྒན་པོ་སངས་རྒྱས་གཉིས་ཡིན།
བློ་བཟང་གིས་ཉིན་ལྟར་དེའི་བསྐོར་ལ་བསམ་བློ་བཏང་ནས། ད་ནི་ཁོ་རང་དང་གྲོགས་པོ་མགོན་སྐྱབས་གཉིས་ཀྱིས་མུ་མཐུད་དུ་ཟ་ཁང་གཉར་ནས་འདུག་རྒྱུ་དེ་ནི་ཁོང་ཚོ་ལ་འཁོན་འཛིང་ཞིག་བཟོ་བཞིན་པའི་ངང་ཚུལ་ཞིག་མཐོང་ནས། ཨ་ཅག་ཚེ་འཛོམ་ལ་ཁོ་གཉིས་ས་ཁུལ་དེ་དང་ཁ་གྱེས་འདོད་ཡོད་ཚུལ་དང་། རྗེས་ཕྱོགས་དངོས་ནས་དོན་དག་གལ་ཆེན་རེ་དང་འཕྲད་དེ་རོགས་བྱེད་དགོས་འདྲ་ཐུག་ན་སླར་ཡང་འབྲེལ་བ་བྱོས་ན་ཁོ་རང་ཡོང་ངེས་ཡིན་ཚུལ་བཤད་དེ་བློ་བཟང་གིས་རེ་འདོད་ལྟར་གྲོགས་པོ་མགོན་སྐྱབས་ཁོ་གཉིས་དར་རྒྱས་གླིང་གི་ཕྱོགས་སུ་ཕྱིན།
ལམ་བར་དུ་བློ་བཟང་གིས་རང་གི་གྲོགས་པོ་མགོན་སྐྱབས་ལ་དར་རྒྱས་གླིང་ནི་བོད་མ་ཤོར་གོང་ནས་བཟུང་དེ་བོད་པ་མི་ཉུང་བ་ཞིག་ཡོང་ས་ཆགས་ཡོད་པ་དང་། ས་གནས་དེར་མཁས་དབང་དགེ་འདུན་ཆོས་འཕེལ་ཡང་བཞུགས་མྱོང་རབས་བཤད་ཀྱི་ཡོད་པ་སོགས་ཀྱི་གཏམ་རྒྱུད་རྣ་ཐོས་མི་ཉུང་བ་ཞིག་བཤད་ཀྱིན་སོང་བ་དང་། དེ་ནས་བོད་ཡུལ་ཕྱོགས་ཀྱི་གངས་རིའི་སྣེ་མོ་མི་ཉུང་བ་ཞིག་ཀྱང་མཐོང་རབས་ཡོད་ཚུལ་བཅས་བཤད།
ཁོ་གཉིས་དར་རྒྱས་གླིང་གི་ལམ་བར་དུ། ཤི་རུ་རྒོ་རུས་ཟེར་སའི་༧གོང་ས་མཆོག་གི་དུས་དབང་གནང་ཡུལ་དེར་ཆེད་དུ་མཇལ་དུ་སོང་དུས། དུས་དབང་གནང་ཡུལ་གྱི་དུས་འཁོར་ལྷ་ཁང་ནི་སློབ་གྲྭར་སྒྱུར་ནས་ནང་དུ་སློབ་གྲྭའི་ཅོག་རྩེ་དང་མདུན་ཅོག་དག་ལས་མི་རིག་རྒྱུ་མེད་པ་དང་། སྒང་གི་དུས་འཁོར་གྱི་ཞལ་ཐང་ཡོད་སར་མཇལ་མ་ཐུབ་པར། ར་བསྐོར་དུ་སྐྱེ་ཡོད་པའི་རྩྭ་ལྡུམ་དག་ལ་ལྟ་ཞོར་དུ། བློ་བཟང་གི་སེམས་སུ་མི་ལ་རྒྱུ་དགོས། རྒྱུ་ལ་བདག་པོ་དགོས་ཟེར་བ་ཅིས་མ་བདེན་སྙམ་ཞོར། བློ་བཟང་གིས་རང་ཉིད་གནས་དེར་དུས་འཁོར་དབང་ཆེན་དུ་བཅར་དུས་ཀྱི་ངང་ཚུལ་དེ་དང་བསྡུར་ནས་བལྟས་ན། ད་ནི་གནས་འདིའི་ཁ་དབུགས་ཀྱང་ཤི་འདུག་ཟེར་ཞོར་ཁོ་གཉིས་ཉིན་དེར་བོད་པའི་མགྲོན་ཁང་ཞིག་དུ་བསྡད།
དར་རྒྱས་གླིང་གི་རི་སྒང་གྲོང་ཁྱེར་ནས་ཕར་བལྟས་པ་ཡིན་ན་དངོས་ནས་བོད་གངས་ཅན་ལྗོངས་ཀྱི་གངས་རིའི་སྣེ་ལོས་ཡིན་སྙམ་པའི་བརྗིད་ཆགས་གངས་རི་ཞིག་མཐོང་ཐུབ་པ་དེ་ནི། ས་ཁུལ་དེས་མིས་ཁོ་གཉིས་ལ་བཤད་ན། དེ་ནི་བལ་ཡུལ་གྱི་གངས་རི་ཞིག་ཡིན་རབས་དང་ཕར་རྒྱབ་དུ་བོད་ཡོད་ཚུལ་བཤད་དུས། ཁོ་གཉིས་ཀྱི་ལྷག་དུ་རང་གི་ཕ་ཡུལ་དྲན་དུ་བཅུགས།
ཁོ་གཉིས་བསྡོད་སའི་མགྲོན་ཁང་ནི་ཨ་མདོ་བླ་བྲང་ཐ་བ་ནས་ཡིན་པའི་རྒན་པོ་ཞིག་དང་ས་ཁུལ་དེ་ནས་སྐྱེ་བའི་གཞིས་ཆགས་བུད་མེད་ཆུང་མ་ཡིན་མཁན་ཞིག་གི་མགྲོན་ཁང་ཡིན་པ་རེད། མགྲོན་བདག་གིས་ཁོ་གཉིས་ལ་དར་རྒྱས་གླིང་དུ་ལས་དོན་གང་ཞིག་གི་ཆེད་དུ་ཡོང་རབས་སོགས་མི་ཉུང་བ་ཞིག་དྲིས་དུས། བློ་བཟང་གིས་ཁོ་གཉིས་ས་ཁུལ་དེར་འཁྱམ་འཁྱམ་དུ་ཡོང་བ་ཁོ་ན་ཡིན་རབས་དང་། ཉིན་གཉིས་གསུམ་ལས་མི་འགོར་བར་བུད་འགྲོ་ཞེས་བཤད་དུས། ཁོ་གཉིས་ལ་སྐྱབས་བཅོལ་ལག་ཁྱེར་ཡོད་མེད་ཐད་ཀྱི་སྐད་ཆ་ཞིག་དྲིས།
བློ་བཟང་གིས་རང་གི་སྐྱབས་བཅོལ་ལག་ཁྱེར་བསྟན་ནས། ངའི་གྲོགས་པོ་ད་ལྟ་སློབ་གྲྭ་རུ་ཡོད་པའི་སྐྱབས་བཅོལ་ལག་ཁྱེར་ཡོད་པ་མ་རེད་ལ། བོད་ནས་ཡོང་དེ་ལོ་ངོ་གསུམ་ལས་འགྲོ་བཞིན་ཡོད་པ་མ་རེད་ཅེས་སྐྱག་རྫུག་འགྲིག་འགྲིག་ཞིག་གིས་རྒན་པོ་དེའི་ལན་བཏབ་ནས་རང་ཉིད་ཀྱི་སྐྱབས་བཅོལ་ལག་ཁྱེར་བསྟན།
རྒན་པོ་དེའི་རྒན་མོ་ཁོ་ལས་ལོ་ན་བཅོ་ལྔ་ཙམ་ཞིག་གི་ཆུང་བ་མ་ཟད། ཁོ་གཉིས་ལ་བུ་དང་བུ་མོ་བློ་བཟང་དང་མགོན་སྐྱབས་འདྲ་བ་ཁ་ཤས་ཤིག་ཀྱང་ཡོད་པ་དེ་དག་ཁོ་གཉིས་ཀྱིས་མགྲོན་ཁང་ནང་ནས་ཟ་མ་ཟ་སྐབས་སུ་གསལ་བོ་ཤེས་པ་རེད། དེ་ནས་བློ་བཟང་གིས་ཁོང་ཚོས་ནང་ཁུལ་དུ་བཤད་བཞིན་པའི་སྐད་ཆ་ནི་བོད་སྐད་མ་ཡིན་པ་དེ་རིག་ནས་ཆེད་དུ། བུ་ཞིག་གི་སར་སོང་དེ་ང་རང་གི་ཟས་རིན་རྩིས་རྒྱག་རོགས་ཟེར་ནས་བཤད་དུས། བུ་དེས་གང་ཡང་མ་གོ་བར་ཨ་མར་སྐད་བཏང་།
བློ་བཟང་གིས་རྩིས་རྒྱག་ཞོར་དུ། ཨ་ཅག་ཁྱེད་རང་གི་བུ་རེད་དམ་ཟེར་ནས་ཨ་ཅག་དེར་སྐད་ཆ་དྲིས། ཨ་ཅག་དེས། རེད། ངའི་བུ་རེད། ཕར་ཕྱོགས་ཀྱི་དེ་ཡང་ངའི་བུ་རེད། གློག་བརྙན་ལ་བལྟ་བཞིན་པའི་བུ་མོ་དེ་ཡང་ངའི་བུ་མོ་ཡིན།
ཤེས་ནི་མ་རེད།
ཁྱེད་ཀྱི་ཡག་པོ་བཤད་ཀྱི་འདུག་མོད།
ངས་ཀྱང་སྔོན་ཆད་མི་ཤེས། འདི་ལ་མནའ་མ་ཡོང་བ་ནས་རང་གི་རྒན་པོ་དང་ལྷན་དུ་གསར་དུ་བོད་སྐད་བཤད་ཤེས་པ་རེད།
ཁོང་ཚོ་བོད་གཞུང་གི་སློབ་གྲྭར་སོང་མྱོང་ཡོད་པ་མ་རེད་དམ།
འདི་ཁུལ་ནས་ཁོང་ཚོ་དང་ལོ་ན་མཉམ་པའི་བོད་པ་གཞོན་སྐྱེས་མང་ཤོས་ཤིག་བོད་གཞུང་གི་སློབ་གྲྭར་འགྲོ་མྱོང་ཡོད་པ་མ་རེད། དེའི་སྟབས་ཀྱི་ནང་དུ་སླེབས་ནས་ཕ་མ་དག་གི་མཉམ་དུ་རང་སྐད་བཤད། ཕ་མ་དག་གིས་ཀྱང་བུ་ཕྲུག་དག་ལ་རང་སྐད་{བལ་ཡུལ་གྱི་སྐད་ལ་གོ་དགོས}ཀྱི་ལན་བཏབ། བོད་སྐད་བཤད་ས་མེད་པ་ལྟ་བུ་ཞིག་ཆགས་པའམ། ས་ཁུལ་འདིར་དགོས་འཁོ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་ཡིན་དུས། ཁོང་ཚོས་བོད་སྐད་རེ་ཟུང་ཞིག་བཤད་ཤེས་ཀྱང་། བཤད་རྒྱུར་ངོ་ཚ་བྱེད་ཀྱི་ཡོད་པ་རེད་ཅེས་ཨ་ཅག་དེས་རང་གི་བུ་དང་བུ་མོ་དག་གི་རྒྱབ་དུ་བླངས་པའི་སྐད་ཆ་བཤད།
བློ་བཟང་གི་སེམས་ཁོང་དུ་བརྗིད་སྟིག་གེར་འགྲོ་ཞོར་དུ། ཕྱིར་རང་གི་གྲོགས་པོ་མགོན་སྐྱབས་དང་འགྲོག་ནས་མགྲོན་ཁང་ནང་གི་ཁོ་གཉིས་ཀྱི་ཉལ་ཁང་དུ་འགྲོ་ཞོར་མགོན་སྐྱབས་ཀྱིས་རང་གི་གྲོགས་པོ་ཞིག་གི་ཁ་པར་ཨང་གྲངས་ཤིག་ཡོད་པ་དེ་བློ་བཟང་ལ་སྟོན་ཞོར། ཁོ་རང་དར་རྒྱས་གླིང་དུ་ཡོད་ཟེར། ང་རང་གལ་སྲིད་དར་རྒྱས་གླིང་དུ་ཡོང་ན་ཁོ་ལ་ཁ་པར་རྒྱོབས་ཤོག་ཟེར་ནས་སྤྲད་པ་རེད། ཚོད་ལྟ་ཞིག་བྱེད།
ཁོང་གསུམ་གྱིས་སྤི་རག་ཞིག་འཐུང་ཞོར་དུ། ས་ཁུལ་དེའི་བོད་པ་གཞོན་སྐྱེས་དག་གི་བོད་སྐད་བཤད་མི་ཤེས་པའི་བསྐོར་ཞིག་ཞོར་དུ་གླེང་དུས། མགོན་སྐྱབས་ཀྱི་གྲོགས་པོས། དེའི་བསྐོར་བཤད་ནས་རྒྱུ་མཚན་ཡོད་ནི་མ་རེད། འདི་ཁུལ་གྱི་ལོ་ན་རྒན་པ་རེ་ཟུང་ཞིག་མ་གཏོགས་བོད་དོན་བསྐོར་ལ་དོན་སྣང་ཡོད་མཁན་དང་བོད་ཡིག་ཤེས་མཁན་ཕར་ཞོག བོད་སྐད་བཤད་ཤེས་མཁན་ཡང་ཉུང་ཉུང་ཡིན་ལ། རང་ཉིད་བོད་པ་ཡིན་ཟེར་ནས་བཤད་རྒྱུ་དེ་ཡང་ངོ་ཚ་བྱེད་མཁན་འདུག་ཞེས་བཤད།
མགོན་སྐྱབས་ཀྱི་གྲོགས་པོས་ཁོ་གཉིས་ལ་ཁོ་རང་སང་ཞོགས་སྔ་བོ་ནས་ལས་ཀ་གལ་ཆེན་ཞིག་གི་ཕྱིར་དུ་ཤི་རུ་རྒོ་རུ་ལ་འགྲོ་རྒྱུ་གཏན་འཁེལ་ཡོད་དུས། ད་རེབས་དུས་ཚོད་ཏག་ཏག་ཞིག་གི་སྒང་ནས་ཐུག་འཕྲད་བྱས་དེ་ལྷོད་ལྷོད་ཅིག་འདུག་མ་ཐུབ་པ་དགོངས་དག་ཞུ། ཁྱེད་གཉིས་འདི་ནས་ཉིན་མ་ཁ་ཤས་ལ་འདུག་རྒྱུ་ཡིན་ན། ང་རང་བདུན་ཕྲག་གཅིག་གི་རྒྱབ་དུ་ཕྱིར་ཡོང་ངེས་ཡིན་ཞེས་བཤད་དེ་བུད་སོང་།
ས་ཁུལ་དེའི་བོད་མི་དག་གི་ཁྲོམ་རྭ་རེ་ཟུང་ཡོད་ས་ནས་བོད་མིའི་དར་ཆ་རེ་མཐོང་རྒྱུ་ཡོད་པ་ལས། བོད་ཡིག་གི་ཁོར་ཡུག་ཡོད་སའི་བོད་མི་ཞིག་གཏན་ནས་མ་མཐོང་བ་དེ་ནི་བློ་བཟང་གི་སེམས་ངོགས་ཀྱི་རེ་བ་ལས་རིང་དུ་གྱུར་ཡོད་པ་རེད།
གྲོགས་པོ་མགོན་སྐྱབས་ཀྱིས་ཕྱིར་འགྲོ་དུས། འུ་གཉིས་ཀ་ལུ་ཀ་ཏ་བརྒྱུད་དེ་ལྡི་ལུར་སོང་བ་ཡིན་ན་ག་འདྲ་འདུག་ཞེས་བློ་བཟང་ལ་བཤད་དུས། བློ་བཟང་གིས་དེ་རུ་དམིགས་བསལ་གྱིས་འགྲོ་དགོས་དོན་འདྲ་མེད་པ་རེད། ཡིན་ཡང་། སང་ཉིན་ལམ་ཁ་གསལ་བོ་ཞིག་དྲིས་ནས། འདི་ནས་ཕར་ལྡི་ལུར་སོང་བ་དང་ཀ་ལུ་ཀ་ཏ་བརྒྱུད་པ་གཉིས་ལ་ཁྱད་པར་མེད་པ་ཡིན་ན་ཁྱེད་རང་གི་བཤད་པ་ལྟར་བྱེད་ཆོག མ་གཞི་ས་ཁུལ་དེ་བརྒྱུད་ནས་གང་བྱེད་འདོད་ཡོད་ཅེས་མགོན་སྐྱབས་ལ་དྲིས།
མགོན་སྐྱབས་ཀྱིས་གར་གོར་མེད་པར། དེ་རུ་རྒྱ་མིའི་བུད་མེད་བྱང་བཙོང་མ་མང་བོ་འདུག དངོས་ནས་ཚ་བོ་ཡོད་ཀི
མུ་འགོད།
སེམས་འཁུར་དང་ལྷག་བསམ་ཟོལ་མེད་ཀྱིས་རང་རང་གི་གང་བསམ་ཐད་ཀར་གླེང་བའི་སྤུན་ཟླ་དག་ལ། ངས་བློ་བཟང་གི་ཚབ་བྱས་དེ་བཀའ་དྲིན་ཆེ་ཞུ། གེ་སར་མིང་ཅན་གྱི་སྤུན་ཟླ་ཞིག་ཀྱང་བློ་བཟང་གི་གཏམ་རྒྱུད་ཁྲོད་དུ་ཀློག་མཁན་གྱི་གྲངས་དུ་གསར་དུ་ཞུགས་པ་དེར་དགའ་བོ་བྱུང་།
ལོ་འགའ་འགོར་ཡང་ད་དུང་ཁ་ཕྱོགས་ཅི་ཡང་མེད་པར་འདི་ལྟར་སོང་ན་གྲྭ་ལོག་བྱེད་དོན་ངོ་མ་དེ་ཅི་རེད།
བཀླགས་ཟིན།
བློ་རིག་རི་ལ་མ་ཤོར་འཕྲུལ་གྱིས་མཁར་རྫོང་ན།།
ཀུན་འཛོམས་སྣ་འདས་དངོས་བྱུང་སེམས་ཀྱི་རི་མོ་ཞིག།
འདི་ལྟར་འདྲེན་བྱེད་དབང་བོར་ལམ་དུ་རྒྱུ་བའི་ན།།
ཁྱོད་ལ་བསྟོད་པའི་མེ་ཏོག་མ་ལུས་ཡང་ཡང་གཏོར།།
ད་དུང་སེམས་བྱུང་བད་མོ་ཙམ་གྱི་རེ་སྐུལ་ལ།།
བརྩོན་པའི་རྟ་ཕོ་རིག་པའི་ལྕག་གིས་མུ་མཐུད་སྐུལ།།
ཡང་བའི་ཐང་ལ་ལྷོད་ཀྱི་བཞུད་ལ་དལ་གྱིས་བགྲོད།།
ཤིས་དར་རིང་མོ་མཐོ་རུ་བཏེགས་ན་ཁྱེད་ལ་བསྒྲོན།།
ཞི་མོ་དེ་ཚོའི་སྙ་མ་ད་དུང་མིག་ལམ་ན་གསལ་ལམ་མེར་ཡོད་ནི་འདྲ་ཟིག་རེད་ཀོ མཇེ་ངན་ཁ་ནང་དུ་འཇུབ་ཀི་ཞུགས་ར། ཨིན་ཨིན་ཨིན། མགོ་ནང་ནས་ཙོ་ཅིག་བ་ནས་འཁྱེར་འགྲོ་བ་ཡ།ཧ་ཧ་་ཧ། ད་འཛག་བཤད་མི་རྒྱག་ལོ།
ཨོ་ཡ། ངས་ནི་ལྡི་ལི་འཇེ་བྷི་རོད་ཀྱི་ཨང་༥༣་དང་༦༤་གཉིས་ནས་གྲངས་ཀ་མི་ཟིན་པ་ཞིག་རྒྱོ་བ་ཡིན། ད་དུང་མན་ཇུ་ཀྲེ་ལ་ནས་བོད་མོ་ཁྱི་ཤ་ཞི་མོ་ཡང་འགའ་ལ་རྒྱོ་བ་ཡིན། རྡ་རམ་ས་ལ་ནས་ཀྱང་མགོ་སེར་དང་མགོ་ནག ཨོ་ཨོ། ད་དི་ར་ཟིག་ཙོ་བཤད་ན་ཆེ་ཧྲ་རེ། གང་ལྟར་ང་རང་གཞང་ཚོང་མའམ་གཞང་ཚོས་མཁན་ཞིག་ལ་བསམས་མ་མྱོང་། རེད་རེད། ཚོང་མཁན་དང་ཉོ་མཁན་གཉིས་ཀ་གཅིག་པ་ཡིན་ནེ་བྱོས་ཞོགས།
དགེ་ཆོས་ཀྱང་དེ་རུ་འཇར་པན་གྱི་བཤང་འཚོང་མཁན་ཞིག་ལ་ཐུག་པ་རེད། སྤྱིར་ན་ངས་བཤང་འཚོང་མཁན་དང་ཉོ་མཁན་གཉིས་ལ་བཟང་ངན་ཡག་རྩོག་གཅིག་ཀྱང་མཐོང་གི་མེད་པར་གཅིག་པ་གཅིག་རྐྱང་དུ་བལྟ་གིན་ཡོད། ངས་ཟ་ཁང་རྫོར་པོ་ཞིག་བཟུང་བ་རེད་ལ། ཁྱོས་དེ་ཤེས་བཞིན་དུ་ངའི་ཟ་ཁང་ནང་ལ་ཡོང་ནས་ཟ་མ་ཟོས་པ་རེད། འུ་གཉིས་ལ་བཟང་ངན་འདུག་གས། ཡོད་པ་མ་རེད། བཤང་ཉོ་མཁན་མེད་ན་འཚོང་མཁན་ཞིག་ཡོང་སྲོལ་ཡོད་ནི་མ་རེད། དེའི་ཕྱིར་བཤང་འཚོང་མཁན་ཟེར་ནས་སྨད་རྒྱུ་ཞིག་དང་བཤང་ཉོ་མཁན་ཟེར་དུས་ཡག་པོ་ཞིག་ཡོད་པ་མ་རེད། ཨ་རི་ནས་བཤང་ཉོ་མཁན་འཚོང་མཁན་གཉིས་ཀ་ཁྲིམས་འགལ་རེད། ཉེན་རྟོག་པས་བཟུང་ན་གཉིས་ཀ་བཙོན་ཁང་དུ་འགྲོ་དགོས་ཀྱི་རེད། ད་སོང་ངམ། བཤང་ཁང་དུ་འགྲོ་འདོད་ན་སོངས། ཡག་ཐག་ཆོད་རྒྱོ། དེ་ནས་བཟུང་སྟེ་རང་ཉིད་ཀྱི་བཤང་ཉོ་མཁན་གྱི་མི་ཞིག་ཆགས་སོང་སྙམ་ནས་དུས་རྟག་ཏུ་ཡིད་ལ་དྲན་དགོས།
བཟང་དང་འགྲོག་དང་བཟང། ངན་དང་འགྲོག་ན་ངན། བློ་བཟང་ཟབ་ཟབ་བྱོས་མ་གཏོགས་ན་ཚ་རེག་ཡོང་།