མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སོ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སོ་བཞི།


བློ་བཟང་གིས། དེས་ན་ཁྱེད་རང་གིས་རྒྱ་ནག་གི་བུད་མེད་བཤང་འཚོང་མ་ཞིག་ལ་འཁྲིག་པ་ཇི་ལྟར་སྤྱད་མྱོང་བའི་བསྐོར་ཞིག་ཤོད་དང་བཅས་མགོན་སྐྱབས་ལ་བལྟ་ཞོར་དུ། ལག་ནང་གི་འབྲི་དེབ་དེ་ཕར་བཞག་ནས་མགོན་སྐྱབས་ཀྱི་གདོང་ལ་ཅེར།

མགོན་སྐྱབས་ཀྱིས་དེང་ཐོག་ང་རང་ཁྱེད་རང་གི་སར་ཡོང་སྐབས་སུ་ཀ་ལུ་ཀ་ཏ་བརྒྱུད་དེ་ཡོང་བ་ཡིན། ཉིན་དེར་ཆུ་ཚོད་ཁ་ཤས་ཤིག་གི་རིང་དུ་རླངས་འཁོར་ལ་སྒུག་དགོས་ཀྱི་འདུག་སྟབས། ང་རང་ཀ་ལི་ཀ་ཏ་ནས་ཕྱི་རོལ་ཁྲོམ་དུ་སོང་ནས་རྐང་གསུམ་འཁོར་ལོ་བ་ཞིག་ལ་གཟུགས་པོ་བཀྲུ་ས་ཞིག་དུ་བསྐྱེལ་རོགས་གནོངས་ཟེར་ནས་བཤད་དུས། རྐང་གསུམ་འདྲུད་མཁན་གྱི་མི་དེས་ཁྱེད་རང་ལ་བུད་མེད་དགོས་སམ། དགོས་ན་རྒྱ་ནག་གི་བུད་མེད་ཡོད་པ་རེད་ཅེས་བཤད་པ་ལྟར། ཁོ་རང་ལ་ས་ཁུལ་དེ་རུ་བསྐྱལ་དུ་བཅུགས་པ་ཡིན།

དབྱིན་ཇིའི་མི་རིགས་ཀྱིས་རྒྱ་གར་ལ་བཙན་འཛུལ་བྱེད་སྐབས་སུ་བརྒྱབ་པའི་ལྕགས་རིང་གི་ཟམ་པ་དེ་བརྒལ་ནས་མགྲོན་ཁང་ཐེབས་ཆག་ཞིག་གི་སྒོ་འགྲམ་དུ་བསྐྱལ་སོང་། ཁོས་བཤད་ན་ཁྱེད་རང་ནང་དུ་སོང་དེ་རང་ཉིད་ལ་རྒྱ་ནག་གི་བུད་མེད་དགོས་རབས་བསྐོར་ག་ལེར་ཐོ་འགོད་བྱེད་སའི་མི་དེར་སྐད་ཆ་དྲིས་ཤིག་དང་། ཁྱེད་རང་ལ་ཏན་ཏན་རེག་ངེས་ཟེར་ནས་བཤད་པ་ལྟར། ང་རང་ལ་གཟུགས་པོ་བཀྲུ་ས་དང་རྒྱ་ནག་གི་བུད་མེད་བཤང་འཚོང་མ་ཞིག་བཅས་རེག་སོང་། བུད་མེད་དེས་ང་རང་ཁང་ཆུང་འཛོར་བོ་དེའི་ནང་ནས་དོར་མའི་ཁ་ནས་སྐེད་བཅིངས་ཀྱང་མ་གྲོལ་བར་གཅུན་པ་གཏོང་སའི་དོར་མའི་སྲུབ་ཀ་ནས་ངའི་མཇེ་མགོ་ནས་བཟུང་དེ་ཁོ་མོའི་ཁ་ནང་དུ་བཅུགས་མ་ཐག ང་རང་གི་ཀླད་གཙུག་ནས་རྐང་འཐུལ་བར་དུ་འདར་སིག་ཞིག་བརྒྱབ་པ་མ་ཟད། བཤང་ལམ་དུ་སྤྱོད་དབང་མ་བྱིན་པར་ཁུ་བ་མོ་རང་གི་ཁ་ནང་དུ་གཏོང་དགོས་ཤིག་བཟོས་སོང་།

བློ་བཟང་ཧ་ལས་ཞོར་དུ། ལྟས་ངན་ཁྱོད། བལྟས་ན་འཇམ་འདོག་ཁ་བོ་ཞིག་ཡོད་ཀྱང་། བཤང་འཚོང་མ་དག་ལ་དངོས་ནས་རྒྱུས་ཡོད་ཅིག་རེད་འདུག དོ་ནུབ་ངས་འདི་ནས་ལྡི་ལུར་བརྒྱུད་པ་དང་ཀ་ལི་ཀ་ཏ་བརྒྱུད་པ་གཉིས་ཀྱིས་གང་སྟབས་བདེ་མིན་རྩར་གཅོད་བྱས་དེ་མེ་འཁོར་འཛིན་བྱང་ཉོས་ཆོག

བློ་བཟང་གིས་མགྲོན་བདག་ལ་སྐད་ཆ་ཞིག་དྲིས་ཀྱང་། མགྲོན་བདག་གིས་འདི་ནས་ལྡི་ལུར་ཤར་རྒྱགས་དུ་འགྲོ་མཁན་གྱི་མེ་འཁོར་ཤི་རུ་རྒོ་རུ་ནས་ཉིན་ལྟར་རེག་གི་རེད། ཀ་ལི་ཀ་ཏ་བརྒྱུད་དེ་སོང་བ་ཡིན་ན་ལམ་ཁ་ཐོལ་བ་ཡིན་པ་ཡོད། ཡིན་ཡང་། ལས་ཀ་འདྲ་ཡོད་ན་མི་ཤེས་མ་གཏོགས་ཐད་ཀར་ཤི་རུ་རྒོ་རུ་ལ་སོང་དེ་ལྡི་ལུར་འགྲོ་བའི་མེ་འཁོར་ནང་དུ་སོང་ན་ཡག་པོ་ཡོད་པ་རེད།

མགོན་སྐྱབས་ཀྱིས་མེ་འཁོར་ནང་ནས་བློ་བཟང་ལ་འུ་གཉིས་ལྡི་ལུ་ནས་ཉིན་མ་གཉིས་གསུམ་ཞིག་ལ་ལྷོད་ལྷོད་ཅིག་བསྡད་དེ་རྡ་སར་སོང་བ་ཡིན་ན་ག་འདྲ་འདུག རྗེས་ཕྱོགས་ལྡི་ལུར་ཡང་ཡང་སླེབས་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་པ་ལྟར། ཁོ་གཉིས་ལྡི་ལུར་སླེབས་ནས་ལྷ་ས་མགྲོན་ཁང་ནང་དུ་ཉིན་གསུམ་རིང་གི་ཐོ་འགོད་བྱས།

བློ་བཟང་གིས་བསམ་པར་རང་ཉིད་ད་ནི་གྲྭ་བ་མ་རེད། བུད་མེད་ཚོར་ལུས་འབྲེལ་མ་བྱས་པར་བསྡད་པ་ལས། བུད་མེད་བཤང་འཚོང་མ་མང་སའི་ལྡི་ལུ་ཟེར་ནས་སྐད་གྲགས་ཡོད་དུས། ད་རེབས་བཤང་འཚོང་ཁང་ཞིག་དུ་སོང་ནས་ཚོད་ལྟ་ཞིག་བྱེད་སྙམ་ཞོར། མགོན་སྐྱབས་ཁྱེད་རང་གིས་ལྡི་ལུར་སྐད་གྲགས་ཡོད་པའི་བཤང་ཁང་དྲུག་བཅུ་རེ་བཞི་ཨེ་ཤེས།

མགོན་སྐྱབས་ཀྱིས། དེ་འདྲའི་རིགས་ལ་ང་རྒྱུས་མངའ་ཡོད་པ་རེད། སྔོན་ཆད་ལྡི་ལུར་སློབ་སྤྱོང་བྱེད་སྐབས་སུ། གཟའ་ཉི་མ་མཚམས་རེར་ང་ཚོ་ཕོ་གསར་ཁ་ཤས་རེ་དྲུག་བཅུ་རེ་བཞིའི་ནང་དུ་ངལ་གསོ་བྱེད་ས་ལྟ་བུ་རེད། དེས་ན་དངོས་ནས་བུད་མེད་ཡག་མ་མང་བོ་ཞིག་ཡོད། ཕལ་ཆེ་བ་ནས་བལ་མོ་ཡིན་ལ། རྒྱ་གར་ས་ཕྱོགས་གང་ས་ནས་ཡོང་བའི་བུད་མེད་ཆེ་མ་ཆུང་གསུམ། ཤ་རྩ་དཀར་ནག་གཉིས་ནས་གང་དགོས་འདམ་ག་བྱེད་ཆོག་གི་རེད།

རྐང་གསུམ་སྤག་སྤག་ཞིག་ལ་ཧིན་སྒོར་ལྔ་བཅུ་སྤྲད་དེ་བཤང་འཚོང་མ་མང་སའི་སྲང་བར་དུ་བསྐྱལ་དུ་བཅུགས། སྐེས་འཛེགས་ཤིག་བརྒྱུད་དེ་ཁོ་གཉིས་ཐོག་ཁང་གཉིས་ཅན་ཞིག་གི་ནང་དུ་ག་ལེར་སོང་དུས། སྐེས་འཛེགས་ཀྱི་ཞོད་དང་སྐེད། སྒང་བཅས་སུ་བུད་མེད་ཁ་ཤས་རེ་ཚོགས་ནས་གསར་དུ་སླེབས་པའི་སྐུ་མགྲོན་དག་ལ་རྣམ་འགྱུར་འདྲ་མིན་གྱི་བསུ་བ་བྱེད་བཞིན་པ་དེ་དག་བློ་བཟང་གིས་མིག་ལམ་དུ་མངོན་དེ་འོང་དུས། ལོ་འགའི་སྔོན་དུ་ཁོ་རང་གི་ལས་རོགས་ཤིག་དང་ལྷན་དུ་བཤང་ཁང་ཞིག་དུ་སོང་བ་དེ་དང་མི་འདྲ་བའི་ངང་ཚུལ་ཞིག་གཞི་ནས་དྲན་དུ་བཅུགས།

དེར་འདུས་ཀྱི་བུད་མེད་དེ་དག་ནི་རང་རང་གི་ས་ནས་གཙང་གྲྭ་དོད་པོའི་ཚུལ་གྱིས་གོན་པ་གྱོན་ལུགས་དང་། རྣམ་འགྱུར་སྟོན་ལུགས། གསར་དུ་སླེབས་པའི་སྐུ་མགྲོན་དག་ལ་མིག་བརྡ་འཕེན་སྟངས་སོགས་ཚོང་ལ་གོམ་ཟིན་པའི་བཤང་འཚོང་མ་རྐྱང་རྐྱང་ཡིན་པའི་སྣང་བ་འགོག་མེད་དུ་སྤྲོད་ཀྱིན་ཡོད་པ་རེད། ཁོ་གཉིས་ཁང་མིག་གཉིས་གསུམ་ཞིག་གི་ནང་དུ་ཕར་ཉུལ་ཚུར་ཉུལ་བྱས་རྗེས་སུ། ཁང་མིག་གཅིག་གི་ནང་ནས་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་དེ། ཐ་མག་རྐང་རེ་འཐེན་ཞོར་དུ་བུད་མེད་སུ་ཡག་གི་སྐད་ཆ་འདྲ་གླེང་ནས་བསྡོད་སྐབས། གཞི་ནས་བུད་མེད་རེ་ཟུང་རེ་ཁོ་གཉིས་སར་ཡོང་ནས་མགོ་ལ་རེག་པ་དང་རྐུབ་ལ་རེག་པ། སྟེང་དུ་བསྡད་ནས་ཕུར་ཕུར་གཏོང་བ་སོགས་འདྲ་མིན་བྱས་ཀྱང་། བློ་བཟང་གིས་རང་ཉིད་བཤང་འཚོང་ཁང་ཞིག་དུ་སླེབས་ཡོད་པ་བརྗེད་ཡོད་པ་ལྟར་རང་ཚུགས་བཟུང་དེ་བསྡད་ཡོད།

བློ་བཟང་གིས་བཤང་འཚོང་ཁང་ནང་གི་བུད་མེད་ལོ་ན་ཆེ་བའི་རིགས་ཀྱི་བྱེད་སྟངས་དང་། ལོ་ན་གཞོན་པ་དག་གི་ཆགས་པའི་ཉམས་འགྱུར། ཐ་མག་འཐེན་སྟངས། ཡག་ལས་བྱེད་པའི་ཚུགས་ཀ རེ་རེ་བཞིན་ཞིབ་དུ་ལྟ་ཞོར་དུ། སེམས་ནང་དུ་སྙིང་རྗེ་ཞིག་ཀྱང་སྐྱེ་བ་མ་ཟད། བུད་མེད་འདི་ཚོ་སུ་ཞིག་ཡིན་ཡང་། རང་ཉིད་ལ་བརྩེ་བའི་ཁྱིམ་ཚང་ཞིག་དང་རང་ཉིད་ལ་དགའ་བའི་མི་ཞིག རང་དབང་ལྡན་པའི་ཁྱིམ་ཚང་ཞིག་གི་སྐྱེས་མ་བྱེད་འདོད་ལོས་ཡོད་ཨང་སྙམ་ཞོར་ཐ་མག་ཤུགས་ཀྱིས་རྔུབ་ཀྱིན་པའི་སྐབས་དེར།

བློ་བཟང་། ངས་བུད་མེད་ཅིག་བློ་རུ་འབབ་སོང་། དང་བོ་ཁྱེད་རང་གིས་འདི་ནས་མུ་མཐུད་དུ་རང་གི་བློ་ལ་འབབ་པ་ཞིག་འཚོལ་ཞོར་དུ་ང་ལ་སྒུག་ནས་བསྡོད། ང་རང་སོང་དེ་སྐྱིད་པོ་ཞིག་བཏང་ནས་ཕྱིར་ཡོང་། དེ་མིན་འུ་གཉིས་ཀ་ལྷན་དུ་བུད་སོང་བ་ཡིན་ན། འུ་གཉིས་ཀྱི་གོན་པ་དང་རྒྱབ་ཁུག་བཅོལ་ས་བརྟན་པོ་ཞིག་འདི་རུ་ཡོད་པ་མ་རེད་ཅེས་བཤད།

བློ་བཟང་གིས་མིག་ཟུང་སླར་ཡང་ཐད་ཀར་གྱི་བུད་མེད་དག་གི་ཁྲོད་དུ་འཕངས་ནས་རང་ཉིད་ཀྱི་མིག་དབང་འཕྲོག་མཁན་གྱི་བུད་མེད་ཅིག་བཙལ་མཐར། དངོས་ནས་རང་གི་དགའ་སའི་བུད་མེད་ཅིག་གི་རྣམ་པའི་ཟུར་ཞིག་རྙེད་པའི་བུད་མེད་ཅིག་རེག་པ་ལྟར། སྒོར་མོ་སྤྲོད་སའི་ཕོ་གསར་དེའི་འགྲམ་དུ་སོང་ནས་ཧིན་སྒོར་བརྒྱ་དང་ཉི་ཤུ་སྤྲད་དེ་མགོན་སྐྱབས་ལ་སྒུག་ཞོར་བུད་མེད་དེའི་འགྲམ་དུ་སོང་།

བུད་མེད་དེས་ཀྱང་། འདོད་ལ་མི་འདོད་ཀྱི་ངང་ནས་བློ་བཟང་གི་སྐད་ཆར་ཉན་ནས་བསྡད། བློ་བཟང་ལ་དངོས་ནས་སྐྲག་སྣང་ཞིག་མི་འདུག་པར་ལྕགས་ལྟར་བླངས་པའི་མཇེ་ངན་དེ་བུད་མེད་དེའི་མོ་མཚན་དུ་འཛུགས་རྩིས་བྱས་དུས། བུད་མེད་དེས་དེ་ལྟར་བྱེད་མི་ཆོག་པར་བཤད་པ་ལྟར། འགྱིག་ཤུབ་གོན་ནས་བུད་མེད་དེའི་དོར་མའི་ཁ་ནས་མར་འཐེན། གྲྭ་ལོག་མི་ཟེར་ན་ཅི་ཟེར། སྟེང་དུ་འབུད་དེ་ཡར་གསུག་མར་གསུག་ཐེངས་འགའ་བྱས་དུས། ཨག་སྐད་དང་བཅས་དེ་ཁུ་བ་འགྱིག་ཤུབ་གི་ནང་དུ་བཏང་། སྐར་མ་ལྔ་དྲུག་ཞིག་གི་རང་གི་འཁྲིག་པ་སྤྱོད་སྟངས་དེའི་བློ་བཟང་གི་འདོད་པ་གཏན་ནས་མ་ཚིམ་པ་ལྟར། བུད་མེད་དེ་ལ་རྔན་པ་ཧིན་སྒོར་ལྔ་བཅུ་སྤྲད་དེ་ཁང་མིག་ཆུང་ཆུང་དེ་ལས་ཕྱི་རུ་བུད།

མགོན་སྐྱབས་ཀྱིས་བློ་བཟང་ལ་ལྟ་བཞིན། ཁྱོད་དེ་འདྲའི་མགྱོགས་པོ་ཞིག་ཕྱིར་ཡོང་ནས་གང་བྱེད། ག་ལེར་བྱས་པ་ཡིན་ན་སྐྱིད་པོ་ཡོད་པ་རེད། དངོས་ནས་གྲྭ་ལོག་འདི་ཚོ་གཅིན་པ་གཏོང་གི་སོང་བ་ལྟར། དེ་འདྲའི་མགྱོགས་པོ་ཞིག་ཕྱིར་ཡོང་ནས་ཞེས་ལེ་བདའ་ཞིག་བྱས་ཀྱང་། བློ་བཟང་དགོད་ཞོར་དུ་མགོན་སྐྱབས་ཀྱི་གམ་དུ་བཙོག

བློ་བཟང་གིས་སྐར་མ་ལྔ་དྲུག་ཞིག་གི་རྗེས་སུ་ཅི་ཞིག་དྲན་པ་ལྟར། འདིར་ཡོང་ཡོང་རེད། ང་ཡང་བསྐྱར་སོང་དེ། བུད་མེད་དེར་འཛག་འདོད་འདུག་ཟེར་ནས་མགོན་སྐྱབས་ལ་བཤད་དུས། མགོན་སྐྱབས་ཀྱིས། ཡང་བསྐྱར་བུད་མེད་དེ་འཁྲིད་ནས་གང་བྱེད། དེ་ལས་གཞན་ཞིག་འཁྲིད་ན་ཡག་གི་རེད་ཅེས་བཤད་ཀྱང་བློ་བཟང་གིས་བུད་མེད་དེ་བཟང་རབས་བཤད་དེ་སླར་ཡང་བུད་མེད་དེ་འཁྲིད་ནས་ཁང་མིག་ཆུང་ཆུང་ནང་དུ་འཛུལ།

བུད་མེད་དེས། ཅུང་ཧ་ལས་པའི་ཉམས་དང་བཅས།

ཁྱེད་རང་གང་ནས་ཡོང་བ་ཡིན།
ང་རང་དར་རྒྱས་གླིང་ནས་ཡོང་བ་ཡིན།
ཁྱེད་རང་ལ་རྒན་མོ་མེད་དམ།
ཡོད། ད་རྒན་མོའི་ཤེས་སོང་ན་ཁྱེད་རང་བཙལ་ནས་ཡོང་ངེས་རེད།
སྔོན་ཆད་ཁྱེད་རང་ང་ཚོ་ལྟ་བུ་བུད་མེད་ཚོ་ཐུག་མྱོང་ཡོད་དམ།
མེད།
དེས་ན་ཁྱེད་རང་གིས་ཡང་བསྐྱར་ང་རང་འཁྲིད་དེ་འོང་དོན་ཅི་ཡིན།
ཁྱེད་རང་ངའི་རྒན་མོ་དང་འདྲ་བོ་འདུག


བཤང་འཚོང་མ་དེ། དངོས་ནས་བློ་བཟང་གི་སྐད་ཆ་ལ་ཡིད་ཆེས་པ་ལྟར། དེ་ནས་སྐད་ཆ་གང་ཡང་མ་བཤད་པར་གོན་པ་ཡོངས་རྫོགས་འཕུད་དེ། བརླ་གཉིས་ཁ་ཕྱེ་ནས་བློ་བཟང་གི་ཕྱོགས་སུ་བལྟས་དེ་བསྡད། བློ་བཟང་གིས་གོན་པ་ཡོངས་རྫོགས་འཕུད་དེ། སྟེང་དུ་འབུད་ནས་འཕུར་འཕུར་བྱེད་ཞོར་དུ་ཁ་བསྐྱལ་དུས། ཐེངས་སྔོན་མ་དང་མི་འདྲ་བར་བུད་མེད་དེས་ཀྱང་། ཁོ་རང་ལ་ཁ་བསྐྱལ་བ་དང་འཐམ་རེ་བྱས་པ་དང་། ག་ལེར་འཁྲུག་པ་སྤྱོད་མགོ་བཙུགས་དུས། བློ་བཟང་གི་འགྱིག་ཤུབ་མི་གོན་རྩིས་བྱོས་དུས། བུད་མེད་དེས་དེ་ལྟར་བྱས་པ་ཡིན་ན་ཁྱེད་རང་ལ་ཉེན་ཁ་ཡོད་པ་མ་ཟད། རང་གི་ནང་མི་ལ་ཡང་ཉེན་ཁ་ཡོད་རབས་བཤད་སྟབས། བློ་བཟང་གི་སེམས་ངོགས་སུ་གློ་བུར་དུ་བཤང་འཚོང་བའི་བུད་མེད་འདི་འདྲ་ལོ་ཆུང་ཞིག་གིས་ཀྱང་། རང་ལས་གཞན་ཞིག་ལ་བསམ་བློ་གཏོང་ཤེས་པ་འདི་ནི་དངོས་ནས་ཧ་ལས་ཞིག་རེད། ཁོ་མོ་ལ་ཡང་རང་གི་ལུས་བཙོང་ནས་ཁ་གསོ་འདོད་མེད་ཀྱང་། རྐྱེན་དབང་ཞིག་གིས་འདི་རུ་ལྷུང་བ་རེད་འདུག་སྙམ་ཞོར། བུད་མེད་དེས་ཁ་ལ་ཉན་ནས་འགྱིག་ཤུབ་གོན་ནས་རྐང་བ་གཉིས་ཀ་རང་གི་ཕྲག་དུ་བླངས་དེ་འཁྲུག་པ་སྤྱད།

ཧིན་སྒོར་བརྒྱ་ཞིག་རྔན་པ་སྤྲོད་ཞོར་དུ། རྗེས་ཕྱོགས་ང་རང་འདི་ཁུལ་ལ་ཡོང་ན། ངས་ཁྱེད་རང་བཙལ་ནས་ཡོང་ངེས་ཡིན། ཁྱེད་རང་ཐུགས་རྗེ་ཆེ་ཞེས་བཤད་ཞོར་དུ་ཁ་ཞིག་བསྐྱལ་དུས། བུད་མེད་དེས་ཀྱང་གོན་པ་གོན་ཞོར་དུ་ཧིན་སྒོར་བརྒྱ་ལོ་དེ་རང་གི་ནུ་ཁེབས་འོག་དུ་བཅུགས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༣ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 6

  1. yeshie says:
    ལོ་ 16 སྔོན།

    སྨད་འཚོང་མ།
    ཁྱོད་ནི་གངས་ལྗོངས་འདི་ན་ཀུན་གྱིས་འཕྱ་བ་དང་། སྨོད་པ་དང་། ཁྲེལ་མེད་དུ་བརྩིས་པ་དང་། ངོ་ཚ་མེད་པར་བགྲངས་པ་དང་། མ་རབས་གྲས་སུ་བཞག་པ་དང་། སྤྱོན་ངན་དུ་མཐོང་བ་དང་། མི་རིགས་ཀྱི་ཞབས་འདྲེན་དུ་ཁས་ལེན་པ་སོགས་བྱས་དང་བྱེད་ཀྱིན་པར་ཡོད་ན་འང་། གལ་ཏེ་ཁྱེད་ཀྱིས་རྫུན་དང་མགོ་སྐོར་བཏང་ནས་གཞན་ལ་གནོད་པ་མ་བྱས་ན། རང་ཉིད་ལ་དབང་པའི་རང་གི་ལུས་པོ་འདི་ཅི་བྱེད་ཁྱེདརང་ལ་ཐུག
    གལ་ཏེ་ཁྱེད་ལ་གཞན་ཡིད་འཕྲོག་ཐུབ་པའི་ཁྱད་ཆོས་ཞིག་མེད་ན་གཞན་གྱིས་ཀྱང་ཁྱེད་ལ་སྒོར་ཕྲད་དོན་མེད།
    འདོད་ཆགས་དབང་གིས་ཉོ་མཁན་ངོ་ཚ་མི་དགོས་ན་ཁྱེད་རང་ཡང་ངོ་ཚ་དགོས་དོན་མེད། གང་ལྟར་ཁྱོད་ནི་རང་གི་མི་རིགས་ཀྱི་རིགས་རུས་འཚོང་མཁན་མ་རེད། སྨད་འཚོང་མ།
    མི་རིགས་ཞིག་གི་སྲོག་སྙིང་ནི་མི་རིགས་དེའི་སྐད་ཡིག་ཡིན་པ་ཤེས་བཞིན་དུ་རང་གི་འཚོ་བའི་ཆེད་དུ་མི་ཚེ་གང་པོར་མི་རིགས་གཞན་ཀྱི་སྐད་ཡིག་ཁོ་ནར་འབད་ནས་རང་རིགས་སམ། ཕ་ཡུལ། ཕ་ཆས་གང་ཡིན་ངོས་མི་ཟིན་པར། ཕྱི་དང་ནང་རྗེ་མཁན་ནི་སྨད་འཚོང་མ་ཁྱེད་མ་རེད།
    ནང་ཕུ་ནུའི་ཐོག་ལ་དཔའ་ངར་རྒྱ་སྟག་ཁྲ་བོའི་འཛུམ་དྲུག་ངོམ་མཁན་དང་། ཕྱིའི་དགྲ་བོའི་འོག་ན་མགོ་བོ་ཁྱི་རྔ་བཞིན་དུ་ཞུམ་ཞུམ་གྱི་གར་སྟབས་སྒྱུར་མཁན་ནི་སྨད་འཚོང་མ་ཁྱེད་མ་རེད།
    རང་གི་འཚོ་བ་དང་སྐུབ་སྟེགས་ཙམ་གྱི་ཆེད་དུ་ཨ་མས་བསླབས་པ་ཁྲོལ་མི་དགོས་པ་དང་། ཨ་ཕས་བཤད་པ་གོ་མི་དགོས་པའི་མི་རིགས་ཀྱི་ཞབས་འདྲེན་པ་དག་ནི་སྨད་འཚོང་མ་ཁྱེད་མ་རེད། དེ་དག་གི་དེང་གི་མཁས་པ་དང་དཔོན་པོ་ཚོའི་ཁྲོད་ན་ཡོད་ལ། ཁོ་ཚོ་ངོ་མི་ཚ་ན་ཁྱེད་ཅག་ཅི་ལ་ངོ་ཚ་དགོས།
    གངས་ཅན་པ་དག
    མི་རིགས་ཞིག་ལ་བརྩེ་བ་ཆེ་བའི་ལྷག་བསམ་དང་ལྡན་པ་དག་གིས། རང་གི་མི་རིགས་འདི་ཉམ་འགྲོ་བ་དང་། སྐད་ཡིག་དེ་མེད་འགྲོ་བར་དགོངས་ནས་ཐུགས་འཁུར་ཚད་མེད་པར་བྱས་དང་བྱེད་ཀྱིན་པ་ནི།
    དོན་ལ་མི་རིགས་ཞིག་གིས་མི་ཚང་བ་མི་སྤྱོད་པར་མི་རྒྱུད་མེད་འགྲོ་བ་དང་། མི་རིགས་ཞིག་ཁ་མི་གྲགས་པར་ཚང་མ་ལྐུག་པ་དུད་འགྲོ་བཞིན་དུ་འགྱུར་འགྲོ་བར་དགོངས་ནས་ཐུགས་འཁུར་བྱས་པ་ག་ལ་ཡིན།
    ཟོག་དང་ལུག་ལྟ་བའི་དུད་འགྲོ་དག་གིས་ཀྱང་རང་གི་རིགས་རུས་ག་ལ་བརྗེད་སྲིད། རང་གི་ཕ་མ་ནང་བཞིན། ཟོག་ཡིན་ན་ངུར་ཤེས་ལ། ལུག་ཡིན་ན་འབའ་ཤེས་པས་ང་ཚོ་བོད་ཡིན་ན་བོད་སྐད་ཅི་ལ་ཤེས་མི་དགོས།

    Reply
  2. arigman says:
    ལོ་ 17 སྔོན།

    མཐར་གཏུགས་ན་བློ་བཟང་སྔར་གྱི་གནས་ཚང་དེ་རང་ལ་གནས་གྱི་ཡིན་པ་འདྲ།
    སྔོན་ལ་སྐྱིད་པོ་རེ་བཏང་ན་འགྲིག་གི་འགྲིག་གི
    གང་ལྟར་མི་མཐུད་ནས་ཡིན་ད

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    མི་ཤེས་ཀི ག་ལེར་ལྟོས་ཤོག ལྟས་ངན་འདི་སྤྱོད་པ་ཇེ་བཙོག་རེད། ཁྲེལ་གཞུང་ཡོད་པ་ནས་མེད་པར་འགྱུར་ན་ཐང་གི

    Reply
  4. free sopu says:
    ལོ་ 17 སྔོན།

    ད་བློ་བཟང་འདིས་ཅི་ཞིག་བྱེད་རྩིས་ཡོད་ན།

    Reply
  5. rigdhen says:
    ལོ་ 17 སྔོན།

    ད་ཡིན་ན་ངོ་མ་གོ་རྒྱུ་རིག་རྒྱུ་མང་གི་ཡ

    Reply
  6. Baichung says:
    ལོ་ 17 སྔོན།

    ད་ཡིན་ན་བློ་བཟང་ལད་རྒྱུ་རེད། གྲྭ་བ་ལོག་ནས་མི་ཚད། ལྟ་བ་ལོག ལྟ་བ་ལོག་ནས་མི་ཚད་སྤྱོད་པ་ལོག་པའི་ཉེན་ཁ་ཡོད་རེད། བོད་པའི་བུ་མོས་སྨད་བཙོང་།
    བོད་པའི་བུ་ཡིས་གཞང་ཉོས། ས་ཆེན་འདིའི་སྟེང་གི་གྲངས་ཉུང་བ་དང་ཆག་འཇིགས་ཐེབས་པའི་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་དེ་འདྲ་བྱས་ནས་རྩ་བརླག་ཏུ་འགྲོ་བཞིན་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese