མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སོ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སོ་དྲུག


ཨ་ཅག་ཚེ་འཛོམ་གྱིས་རང་གི་བུ་མོ་བསྟན་འཛིན་ཚེ་འཚོ་ཁྲིད་ནས་བློ་བཟང་གི་སར་འབྱོར་ནས། ངེད་གཉིས་བསྟན་འཛིན་ཚེ་འཚོ་ལ་ཉིན་གྲངས་བཅུ་ལྷག་ཞིག་ལ་གུང་གསེང་ཡོད་པ་དང་བསྟུན་ནས་འདིར་ཁྱེད་རང་ལ་ལྟ་རུ་ཡོང་བ་ཡིན། ཁྱེད་རང་གི་དཀའ་ལས་ཁག་མ་སོང་ངམ། འདི་ཁྱེད་རང་གི་ལག་སྐྱེས་ཤིག་ཡིན་ཟེར་ནས་བློ་བཟང་ལ་སྟོད་ཐུང་གསར་བ་ཞིག་བསྟན་འཛིན་ཚེ་འཚོ་ཡིས་རྒྱབ་ཁུག་ལས་བཏོན་ནས་བློ་བཟང་ལ་སྤྲད།

བློ་བཟང་གིས་རང་གི་ཨ་མའི་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་གཏོང་ཞོར་དུ་ལས་ཀ་བྱེད་ཀྱི་ཡོད་ལ། ཉིན་མོ་དེ་དག་གི་རིང་དུ་བློ་བཟང་ལ་གཏན་ནས་སུན་སྣང་ཞིག་ཡོང་གི་མེད། བསྟན་འཛིན་ཚེ་འཚོ་ཉིན་ལྟར་ཡོང་ནས་ཁོ་རང་ལ་ཟ་ཁང་ནང་ནས་རོགས་རམ་བྱེད་ཀྱི་ཡོད་ལ། བསྟན་འཛིན་ཚེ་འཚོ་ཡང་བློ་བཟང་དང་དངོས་ནས་འདྲིས་པོ་ཆགས་ཀྱི་ཡོད་པ་དེར་རྒྱུ་མཚན་ཞིག་ཡོད་པ་ནི། བློ་བཟང་གིས་བསྟན་འཛིན་ཚེ་འཚོ་ལ་བསྟུན་ཤེས་ཀྱི་ཡོད་པ་མ་ཟད། ཁོ་གཉིས་ཀྱི་ལྷན་དུ་ཁ་རོག་གེར་ཐ་མག་ལྷན་དུ་འཐེན་བཞིན་ཡོད་པ་དེ་ནི་ཁོ་གཉིས་ལ་མཚོན་ན་རྒྱུན་ལྡན་ལྟ་བུ་ཞིག་ཡིན་ཡང་། བསྟན་འཛིན་ཚེ་འཚོ་ཡིས་ཨ་མའི་རང་གི་བུ་མོས་ཐ་མག་འཐེན་གྱི་ཡོད་པ་གཏན་ནས་མི་ཤེས།

ཟ་མ་ཟ་དུས་ཀྱང་། བསྟན་འཛིན་ཚེ་འཚོས་བློ་བཟང་གི་ལྷན་དུ་སྡེར་མ་གཅིག་གི་ནང་དུ་ཟ་རྒྱུར་དགའ་བོ་བྱེད་ཀྱི་ཡོད་པ་དེས། གྲྭ་ལོག་བློ་བཟང་གི་སེམས་པ་འཁྲུལ་དུ་བཅུགས་ཡོད་ཀྱང་། བསྟན་འཛིན་ཚེ་འཚོ་ལ་མཚོན་ན་དེ་ནི་རྒྱུན་ལྡན་གྱི་རང་གི་གྲོགས་པོ་དག་ལ་བྱེད་སྲོལ་ཞིག་ཡིན་པ་རེད།

བློ་བཟང་གིས་རང་གི་ཕ་ཡུལ་ལ་ཁ་པར་བཏང་བ་དང་། རང་གི་ཨ་མ་ངུས་དེ་ཕྱིར་ཕ་ཡུལ་དུ་ཡོང་རྒྱུར་རེ་སྐུལ་བྱས་པ་སོགས་ཨ་ཅག་ཚེ་འཛོམ་ལ་ཞིབ་དུ་བཤད། ཨ་ཅག་ཚེ་འཛོམ་གྱིས་བློ་བཟང་ལ་རང་གིས་ག་རེ་བསམ་བཞིན་ཡོད་ཅེས་དྲིས།

བློ་བཟང་གིས་རང་ཉིད་ནི་ཕ་ཡུལ་དུ་ལས་སླ་བོ་ཞིག་ལོག་འདོད་མེད་པ་མ་ཟད། ལོག་བསམ་ཡང་དེ་འདྲའི་ལས་སླ་བོ་ཞིག་མིན་པའི་རྒྱུ་མཚན་དག་གསལ་བོ་བཤད་པ་དང་། རང་ཉིད་མུ་མཐུད་དུ་རྒྱ་གར་དུ་འདུག་རྩིས་ཡོད་བསྐོར་སོགས་རང་གི་སེམས་ལ་གང་ཤར་དག་ནས་ཟུར་ཆ་གཅིག་ཨ་ཅག་ཚེ་འཛོམ་ལ་བཤད།

ཨ་ཅག་ཚེ་འཛོམ་གྱིས་བློ་བཟང་གི་སྐད་ཆ་དག་ཞིབ་དུ་ཉན་རྗེས་སུ་མོ་རང་གིས་བློ་བཟང་ལ་དང་བླང་གིས་རྒྱ་གར་མི་སེར་ལག་ཁྱེར་བཟོ་རྒྱུ་བྱས་པ་དང་། མི་སེར་ལག་ཁྱེར་ཡོད་ན་ཉིན་ཞིག་ཕྱི་རྒྱལ་གང་རུང་དུ་འགྲོ་ན་སྟབས་བདེ་ཡིན་རབས། རང་ཉིད་ཀྱི་ནང་མི་ཡོངས་ལ་རྒྱ་གར་མི་སེར་གྱི་ལག་ཁྱེར་བཟོས་ཡོད་བསྐོར། ཁྱེད་རང་གིས་ཀྱང་འདྲ་དཔར་ཞིག་སང་ཉིན་རྒྱག་དུ་སོང་དང་། ངས་ངོ་ཤེས་རྒྱ་གར་ལག་ཁྱེར་ལས་ཁུང་ནང་གི་དེར་བཤད་ཆོག བཟོ་ཐུབ་ངེས་རེད།

བཟོ་གླ་ག་ཚོད་ཅིག་གནས་སྲིད།
སྟོང་ཕྲག་བཅོ་ལྔ་ཞིག་གནས་ངེས། དེ་ངས་སྤྲོད་ཆོག
དེ་འདྲའི་གོང་ཆེན་པོ་སྤྲོད་དགོས་པ་རེད་དམ།
དེ་ནི་གོང་ཆུང་ཆུང་བྱས་པ་རེད། ང་ཚོ་ངོ་ཤེས་ཡིན་པས།
དེས་ན་ས་ཆ་གཞན་ནས་བཟོས་པ་ཡིན་ན་གོང་དེ་འདྲ་སྤྲོད་དགོས་པ་རེད་དམ།
ས་ཆ་གཞན་ནས་དེ་ལས་ཀྱང་གོང་ཆེན་པོ་རེད་ལ། བཟོ་དགོས་ན་ལས་སླ་བོ་མེད།


བློ་བཟང་གིས་དེ་འདྲ་ཞིག་ཡིན་ན་རང་ཉིད་ལ་རྒྱ་གར་མི་སེར་ལག་ཁྱེར་མ་བཟོས་ན་འགྲིག་ཚུལ་དང་། དེང་སང་ཁང་བ་གསར་བཟོ་བྱེད་ཀྱི་ཡོད་པའི་ཁྱེད་རང་ལ་དཀའ་ངལ་ཡོད་ངེས་རེད་ཅེས་བཤད་ཀྱང་། དེ་ཙམ་གྱིས་སྐྱོན་ནི་མ་རེད་བཅས་ལག་ཁྱེར་བཟོ་རྒྱུ་བྱས་པ་དང་ཕྱིར་ཉིན་རྒྱ་གར་བ་ཞིག་ལ་ཁོ་རང་གི་འདྲ་དཔར་དང་ཧིན་སྒོར་གཅིག་སྟོང་སྔོན་དུ་སྤྲད་པ་རེད།

བློ་བཟང་དང་བསྟན་འཛིན་ཚེ་འཚོ་། ཨ་ཅག་ཚེ་འཛོམ་ཁོ་གསུམ་གྱིས་ཁ་ལག་ཟ་བཞིན་པའི་སྐབས་ཤིག་ལ། ཨ་ཅག་ཚེ་འཛོམ་གྱིས། བསྟན་འཛིན་ཚེ་འཚོ་ལ་རྒན་པོ་ཞིག་དགོས་ཟེར་གྱི་འདུག ངས་བལྟས་ན་རྒན་པོ་འདི་ན་འདུག་ཟེར་ནས་བློ་བཟང་ལ་ལྟ་ཞོར་དུ་བཤད་དུས། བློ་བཟང་གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཁ་རོག་གེར་སྒོ་ཕྱི་ལ་བུད།

དེ་རིང་ཁྱེད་གཉིས་ཕྱི་རུ་འཁྱམ་དུ་སོང་། བསྟན་འཛིན་ཚེ་འཚོས་བཤད་ན་གློག་བརྙན་ཡག་པོ་ཞིག་གསར་དུ་སླེབས་ཡོད་རབས་འདུག ང་དེ་རིང་ཟ་ཁང་ནས་བསྡད་ཆོག ཁྱེད་གཉིས་ལྷོད་ལྷོད་ཅིག་འཁྱམ་ནས་ཤོག་ཟེར་ཞོར་དུ། བློ་བཟང་གི་ལག་དུ་ཧིན་སྒོར་ལྔ་བརྒྱ་ཞིག་བཞག

ཨ་ཅག་ཚེ་འཛོམ་གྱིས་དངོས་ནས་བློ་བཟང་ཁོ་ཚང་གི་བུ་མོ་ཆུང་བ་དང་འགྲིག་སོང་ན་འདོད་ཀྱི་ཡོད་པའི་བསྐོར་ཡང་མི་ཉུང་བ་ཞིག་བློ་བཟང་ལ་བཤད་ཀྱང་། བློ་བཟང་གིས་དེང་སང་གི་ཕོ་གསར་མོ་གསར་དག་ལ་རང་རང་གི་བསམ་ཕྱོགས་དང་དགའ་ཕྱོགས་འཐད་ཕྱོགས་རེ་ཡོད་པས་ཁྱེད་རང་གི་སེམས་འཁྲལ་བྱེད་མི་དགོས་པ་དང་། ཉིན་ཞིག་བསྟན་འཛིན་ཚེ་འཚོ་ཡིས་རང་ཉིད་ཀྱི་འདོད་ས་དང་འཐད་ས་ཞིག་འཁྲིད་དེ་ཡོང་ངེས་ཟེར་ནས་ལན་རྐྱང་རྐྱང་འདེབས་ཀྱི་ཡོད་པ་རེད།

བསྟན་འཛིན་ཚེ་འཚོ་ཡང་རང་གི་ཨ་མ་དང་འགྲོག་ནས་ཕྱིར་ལྡི་ལུར་འགྲོ་ཁར། ཁྱེད་རང་ལྡི་ལུར་ཡོང་དུས་ཡིན་གཅིག་མིན་གཅིག་ང་རང་ལ་ཁ་པར་རྒྱོབས་ཤོག ངས་ཁྱེད་རང་ལ་མཚན་ཚོགས་ཞབས་བྲོ་ཞིག་ལ་འཁྲིད་ཆོག་ཟེར་ནས་བཤད་པ་ལྟར་བློ་བཟང་གིས་ཀྱང་ཁས་ལེན་བྱས།

ཨ་ཅག་ཚེ་འཛོམ་གྱིས་མི་རིང་བར་རྒྱ་གར་བ་དེ་ཡོང་ངེས་ཡིན། དེ་དུས་ཁྱེད་རང་གི་འདི་ནས་ཧིན་སྒོར་གཅིག་ཁྲི་བཞི་སྟོང་དེ་སྤྲོད། ཡིན་ཡང་། ལག་ཁྱེར་ཚུར་མ་སྤྲད་བར་དུ་སྒོར་མོ་གཅིག་ཀྱང་མ་སྟེར་ཟེར་ནས་ཁ་བརྡ་བྱས་དེ་ཁོ་གཉིས་ཕྱིར་ལྡི་ལུར་བུད་སོང་།

བློ་བཟང་གིས་སེམས་པ་དངོས་ནས་ཉིན་རེ་ལས་ཉིན་རེ་མི་སྐྱིད་པ་ཞིག་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཟ་ཁང་དེ་ནས་སྔོན་ཆད་དང་མི་འདྲ་བར་ཆང་དེ་ཡང་གཙང་མ་མི་ཚོང་བར་རྒྱ་གར་ལས་ཀ་བ་ཞིག་ལ་ནང་དུ་ལྐོག་ནས་རྫུན་མ་བཟོ་རུ་འཇུག་པ་ཡོད་པ་རེད། བློ་བཟང་གིས་ད་ནི་ཨ་ཅག་ཚེ་འཛོམ་ལ་འདིའི་བསྐོར་ཞིབ་དུ་བཤད་ནས་ཁོང་ཚོས་སྔར་རྒྱུན་ལྟར་ཆང་གཙང་མ་ཞིག་བཙོང་བ་ཡིན་ན་རང་ཉིད་མུ་མཐུད་དུ་དེ་ནས་བསྡོད་རྒྱུ་དང་། དེ་མིན་རང་ཉིད་ཀྱིས་ད་ནི་མུ་མཐུད་དུ་ནག་ཉེས་ཀྱི་སྟེང་ལ་ཉེས་པ་ལྕི་མོ་དེ་འདྲ་གཏན་ནས་མི་གསོག་པའི་དམ་བཅའ་བཞག

ཨ་ཅག་ཚེ་འཛོམ་ལ་ཅི་ལྟར་གནས་ལུགས་བཤད་ཀྱང་། ཁོ་མོས་དེང་སང་ས་ཁུལ་དེ་ནས་ཆང་བཙོང་མཁན་ཚང་མས་དེ་ལྟར་བྱེད་ཀྱི་ཡོད་པ་ལྟར། ཁོང་ཚོས་ཀྱང་དེ་ལྟར་མ་བྱས་པ་ཡིན་ན་ཁེ་བཟང་ཡག་པོ་ཟ་མི་ཐུབ་རབས་བཤད་དེ་བློ་བཟང་གི་རེ་སྐུལ་ལ་དང་ལེན་མ་བྱས་པ་དང་། ཁྱེད་རང་དངོས་ནས་བུ་ཡག་པོ་ཞིག་རེད། ངས་ཁྱེད་རང་ལ་ཁག་པོ་ཡོད་པ་ཤེས་ཀི ཁྱེད་རང་གི་སེམས་འཁྲལ་མ་བྱེད། མི་རིང་བར་བུ་དང་མནའ་མ་གཉིས་ཁྱེད་རང་སར་ཡོང་དུ་འཇུག དེ་དུས་ཁྱེད་རང་གི་ལས་མཚམས་འཇོག་འདོད་ཡོད་པ་ལྟར་བྱས་ན་འགྲིག་གི་རེད། ཨོ་ཁྱེད་རང་གི་ལག་ཁྱེར་རེག་སོང་ངམ།

བློ་བཟང་གིས་ད་དུང་རེག་མ་སོང་། ད་ནི་ང་རང་གི་བསམ་བློ་མང་བོ་བཏང་བ་ཡིན། ང་རང་ལ་དངོས་ནས་རྒྱ་གར་གྱི་མི་སེར་ལག་ཁྱེར་དེ་དགོས་དོན་མི་འདུག་ལ། དེང་སང་ཁྱེད་ཚང་ལ་སྒོར་མོའི་དཀའ་ངལ་ཡོད་ངེས་རེད། ང་རང་རྗེས་ཕྱོགས་ཕྱི་རྒྱལ་གང་རུང་ཞིག་དུ་འགྲོ་སྲིད་ཀྱང་། སྐྱབས་བཅོལ་བའི་ཕྱི་བསྐྱོད་ལག་ཁྱེར་བེད་སྤྱོད་བྱས་པ་ཡིན་ན་འགྲིག་གི་རེད། ད་ནི་ཁྱེད་རང་གིས་རྒྱ་གར་བ་དེར་ཤོད་ལ། བཟོ་མི་དགོས་པར་ཞུ་རོགས་གནོང་། གཅིག་བྱས་ན་ཁྱེད་རང་ལ་ཧིན་སྒོར་གཅིག་སྟོང་དེ་ཕྱིར་མི་སྤྲོད་ན་ཐང་།

ཨ་ཅག་ཚེ་འཛོམ་གྱིས། རེད་རེད། དངོས་ནས་ཁྱེད་རང་གིས་དུས་རྟག་དུ་མི་གཞན་ལ་བསམ་བློ་རྐྱང་རྐྱང་གཏོང་གི་འདུག དངོས་ནས་དེང་སང་སྒོར་མོའི་དཀའ་ངལ་ཡང་ཡོད་པ་རེད། ཁྱེད་རང་ལ་དངོས་ནས་མི་དགོས་ན་ངས་རྒྱ་གར་བ་དེར་བཤད་ཆོག་གི་རེད། གལ་སྲིད། རྗེས་ཕྱོགས་དགོས་མཁོ་བྱུང་ན་དེ་དུས་བཟོ་ཆོག་གི་རེད་ཅེས་བཤད།

བློ་བཟང་གིས་ཨ་ཅག་ཚེ་འཛོམ་གྱིས་ལན་དེ་དག་ལ་ཉན་རྗེས་ཀྱི་ཉིན་མ་དེ་དག་གི་རྗེས་སུ་རང་གི་ཕ་ཡུལ་དུ་ཁ་པར་ཡང་མི་ཉུང་བ་ཞིག་བཏང་བ་མ་ཟད། རང་གི་ཕ་རྒན་དང་ལྷན་དུ་ཡང་རང་གི་དམིགས་ཡུལ་སོགས་མི་ཉུང་བ་ཞིག་ཁ་པར་བརྒྱུད་དེ་ཕ་རྒན་ལ་ཞིབ་དུ་བཤད་པ་ལྟར། ཕ་རྒན་གྱིས་ཀྱང་བློ་བཟང་ལ་རྒྱབ་སྐྱོར་བྱེད་ལུགས་སོགས་ཞིབ་དུ་བཤད་སྟབས། བློ་བཟང་གི་སེམས་པ་ལྷོད་དུ་འབབ་ནས་ཨ་ཅག་ཚེ་འཛོམ་གྱི་བུ་དང་མནའ་མ་གཉིས་ཁོ་རང་གི་སར་ཡོང་རྒྱུར་སྒུག་ནས་བསྡད་ཡོད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 7

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་དག་གི་འདི་ལྟར་གཟིགས་སྐྱོང་གནང་བཞིན་འཁྱམས་པོ་གནས་མེད་འདིས་ཁ་ཕྱོགས་ཤིག་མེད་པར་གྲྭ་ལོག་བྱས་པའི་གྲུབ་འབྲས་སོགས་གང་ཡང་མེད་གླེང་མཁན་ཡང་བྱུང་མོད། རེད་དེ། ལས་ངན་འཁྱམས་པོ་འདིས་གང་ཞིག་རྙེད་འདོད་ཀྱི་གླེན་རྟགས་ཀྱི་སེམས་གཤིས་ཤིག་ཁོ་རང་གི་སེམས་ཁོང་དུ་ཡོད་ཁོ་ཐག་རེད་འདུག འགྲོ་ཞོར་དུ་ལམ་ནོར་དུ་འགྲོ་བཞིན་པ་དང་། བསམ་ཞོར་དུ་ནོར་འཁྲུལ་གྱི་གཞིགས་སོགས་རེ་ཟུང་གིས་ཁོ་རང་གང་དུ་འདེད་མིན་འདི་ཉིད་དངོས་ནས་དཀའ་བ་ལའང་།

    Reply
  2. Baichung says:
    ལོ་ 16 སྔོན།

    བློ་བཟང་ལ་ཤོད་ལ གདམ་ཤེས་ན་གདམ་པོའི་དགའ་མེད། གདམ་མ་ཤེས་གདམ་པོའི་སྡུག་མེད།

    Reply
  3. Baichung says:
    ལོ་ 16 སྔོན།

    ཉིན་རྟག་པར་ཡར་ལངས་དུས་ནས་བློ་བཟང་གི་ག་རེ་བྱ་བཞིན་བསམ་ནས་སེམས་འཁྲལ་འདུག བུ་མོ་བསྟན་འཛིན་དང་སྒྲིགས་དང་ཨ་རོ་བཟང་ན་ཐང་ཤོད། མོ་གསར་མ་ཆུང་མར་མི་ལེན་ནས་ནོར་བུ་མཚོ་མ་རྒན་མ་ཞིག་གིས་ཅི་ཞིག་དགོས་རེད།

    Reply
  4. Dre Sha Zen says:
    ལོ་ 16 སྔོན།

    རེ་སྐུལ་ཡང་ཐོན་འདུག ཐེ་ཚོམ་གྱི་སྐད་བརྡ་ཡང་སླེབས་འདུག ད་ཡིན་ན་དངོས་སྒུང་འདིས་རྒྱུན་ཡང་ཆུ་བོ་བཞིན་བཞུར་རྒྱུན་རིང་བའི་ཀློགས་པ་པོའི་དུས་ཚོད་འདི་ཇི་ལྟར་ཨ་ཧཧ།
    བོད།་་་་ཤ་ཁྲག་རུས་གསུམ་ལ་ཐུགས་རྗེ་ཆེ་ཞུས་ཡོད།

    Reply
  5. samkhar says:
    ལོ་ 16 སྔོན།

    སྒྲུང་ནང་གི་མི་སྣ་བསྟན་འཛིན་ཚེ་འཚོ་དེ་ངའི་སྙིང་ཉེ་བའི་དྲ་གྲོགས་དེ་མ་ཡིན་ནམ། ང་ཡང་གྱ་ཚོམ་དུ་གྱུར།

    Reply
  6. free sopu says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  7. YONBAY says:
    ལོ་ 16 སྔོན།

    དྲྭ་གྲོགས་ལགས། ཕྲན་གྱིས་འདི་ནས་ཉིད་ཀྱི་ཟིན་བྲིས་དང་འབྲེལ་མེད་ཅིག་གླེང་དགོས་བྱུང་སོང་ན་དེ་ལ་དགོངས་འགལ་མེད་པར་ཞུ།
    སྐུ་ཉིད་ལ་རེ་བསྐུལ་ཞུ་རྒྱུ་ཞིག་ལ་ངེས་པར་སྐུ་ཉིད་གཡུ་མཚོན་གྱི་སྨྱུག་ལམ་ཞེས་པའི་ཟིན་བྲིས་དེའི་ནང་ལ་ཐེངས་གཅིག་ཕེབས་རོགས། དེའི་ནང་དུ་ཁ་བྱང་འཚོལ་བ་ཞེས་པའི་རེ་བསྐུལ་ཞིག་བཞག་ཡོད། རེ་བསྐུལ་དེར་མཐུན་འགྱུར་རོགས་རེམ་གང་ཡོང་ཞིག་གནང་རོགས་ཞུ། ཕྲན་གྱི་མྱུར་འཕྲིན་ཁ་བྱང་། yonbay@yahoo.comའདི་ཡིན། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese