མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སོ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

 

སོ་བརྒྱད།


བློ་བཟང་ལ་ངོ་ཤེས་རྙིང་བ་གྲྭ་བ་དེས། ཁྱེད་རང་གི་འདི་ནས་ངོ་ཤེས་མིན་སུ་ཞིག་ཡིན་ཡང་། རང་ཉིད་བོད་དུ་འགྲོ་བཞིན་པའི་བསྐོར་གླེང་མི་ཉན། འདི་ཁུལ་ན་རྒྱའི་སོ་ཉུལ་བ་མང་རབས་ཡོད་པ་མ་ཟད། བོད་མི་ཕྱིར་རང་ཡུལ་དུ་ལོག་མཁན་མང་བོ་ཞིག་གི་གནས་ཚུལ་རིགས་ལ། འདི་ཁུལ་གྱི་རྒྱའི་རྒྱུག་ཁྱི་དེ་དག་གིས་མི་བྱེད་པ་ཞིག་མེད་རབས་འདུག མི་རིང་བར་འདི་ན་ང་རང་ལ་ངོ་ཤེས་ལམ་པ་ཞིག་ཡོད། ཁོ་རང་ལ་བཤད་དེ་ཁྱེད་དང་ངའི་ངོ་ཤེས་གྲྭ་བ་དགེ་འདུན་རྒྱ་མཚོ་ཁྱེད་གཉིས་ལྷན་དུ་འགྲོ་ཐུབ་པ་ཡིན་ན་ཡག་པོ་འདུག་ཞེས་བཤད།

ཉིན་མ་ཁ་ཤས་ཀྱི་རིང་དུ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་ནས་རང་ཉིད་ལ་མཁོ་བའི་རྒྱབ་ཁུག་དང་གྱོན་པ་སོགས་མི་ཉུང་བ་ཞིག་ཉོས་པ་དང་། ཧིན་སྒོར་དེ་དག་ངོ་ཤེས་གྲྭ་དེའི་ལག་དུ་བཞག་ནས་མི་ལ་བརྒྱ་སྒོར་དུ་བརྗེ་བོ་རྒྱག་དུ་བཅུགས།

ཉིན་ལྔའི་རྗེས་སུ་བློ་བཟང་ལ་ས་ཁུལ་གཅིག་པའི་ལམ་པ་ཞིག་ངོ་སྤྲོད་བྱས་པ་དང་། ཡིན་ཡང་། གྲྭ་བ་དེར་སྒོར་མོ་མང་བོ་མེད་སྟབས་བློ་བཟང་ཁོ་རང་གཅིག་བུ་ངོ་སྤྲོད་བྱེད་སའི་ལམ་པ་དེ་ལ་བལ་སྒོར་གཅིག་ཁྲི་ལྔ་སྟོང་སྤྲོད་རྒྱུ་བྱས་པ་དང་། ལམ་པ་དེས་ཁོ་རང་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་འཁྲིད་དེ་འགྲམ་བར་དུ་བདེ་འཇག་ངང་བསྐྱེལ་རྒྱུ་ཡིན་རབས་སོགས་བཤད་པ་དེར་ཡིད་ཆེས་བྱས།

ཞོགས་པ་སྔ་བོ་ཞིག་ལ་ཁོ་རང་དང་ལམ་པ་གཉིས་རླངས་འཁོར་ཆུང་ཆུང་ཞིག་གི་འགྲམ་དུ་སོང་དེ། ཁོ་གཉིས་ཀྱང་ཆུ་ཚ་བོ་ཡོད་ས་དེར་འགྲོ་མཁན་ཡིན་རབས་ཀྱིས་བལ་སྐད་སྟེང་ནས་ལམ་པས་རླངས་འཁོར་ཁ་ལོ་བ་དེར་བཤད་དུས། རླངས་འཁོར་ཁ་ལོ་བ་བལ་མི་དེས་མི་རེ་ལ་བལ་སྒོར་ལྔ་བརྒྱ་ཡིན་རབས་བཤད་པ་ལྟར། ལམ་པ་དེས་བལ་སྒོར་གཅིག་སྟོང་ཅན་ཞིག་སྤྲད།

རླངས་འཁོར་ཆུང་ཆུང་དེའི་ནང་དུ་ཁོ་གཉིས་དང་བལ་ཡུལ་གྱི་མི་གཉིས་བཅས་མི་བཞི་ཡོད། བློ་བཟང་གི་ཅ་དངོས་དེ་དག་མཐོང་ནས་ཁ་ལོ་བའི་ཁོ་རང་ལ་བལ་ཡུལ་གྱི་ཆུ་ཚ་བར་དུ་འགྲོ་ཆོག་པའི་ཡི་གེ་ཡོད་དམ་ཟེར་ནས་ལམ་པ་དེ་ལ་སྐད་ཆ་དྲིས་དུས། ལམ་པ་དེས་ཁ་ལོ་བ་དེར་ཕར་ཁྲིད་ནས་སྐད་ཆ་ཁ་ཤས་ཤིག་བཤད་རྗེས་ཚུར་སླེབས། བློ་བཟང་སེམས་བདེ་མོ་བྱོས། ངས་ཁོ་རང་ལ་དངུལ་ཁ་ཤས་ཤིག་རྔན་པར་སྤྲད་ཡོད། ད་སྐྲག་མི་དགོས་པ་རེད། འགག་མཚམས་རེ་ཐོན་ན་སྣང་མེད་ངང་བསྡོད་རྒྱུ་དང་། ང་ལ་འཁེན་ནས་གཉིད་ཁུལ་བྱེད་པ་སོགས་བྱེད་དགོས་པའི་བསྐོར་སོགས་བཤད།

ཆུ་ཚོད་དྲུག་གི་རྗེས་ཏག་ཏག་ལ་བློ་བཟང་དང་ལམ་པ་གཉིས་ཀྱང་ཆུ་ཚན་ལས་བརྒལ་ནས། འགྲམ་གྱི་འགག་སྒོ་ཟམ་པའི་འགྲམ་བར་དུ་བསྐྱལ་དུས། ལམ་པ་དེས་དབུགས་རིང་ཞིག་འཐེན་ཞོར་དུ། ཅུང་ཙམ་འགྲིག་མི་འདུག ང་རང་གཉིད་དུ་ཤོར་ནས་འུ་གཉིས་ཆུ་ཚ་བོ་ཡོད་ས་ལས་བརྒལ་ནས་ཡར་སླེབས་འདུག ཁྱེད་རང་ཕྱི་ལོག་དུ་མ་འབུད། ངས་འདི་ནས་ཆུ་ཚན་བར་དུ་འགྲོ་མཁན་གྱི་རླངས་འཁོར་ཞིག་འཁྲིད་ནས་འོང་ཞེས། ཁ་ལོ་བ་དེར་ཅུང་ཙམ་སྒུག་རོགས་ཟེར་ནས་ཟ་ཁང་ཞིག་གི་འགྲམ་དུ་མི་ཁ་ཤས་ཡོད་པ་དེ་རུ་སོང་།

ལམ་པ་དེས་བློ་བཟང་གི་ཅ་དངོས་དག་རླངས་འཁོར་གྱི་སྒམ་ཆུང་ནང་ནས་ཕྱི་རུ་འདོན་ཞོར་དུ། བློ་བཟང་ཁྱེད་རང་ཕྱི་ལོག་དུ་བུད་དེ་སྣང་མེད་ངང་དུ་འདི་ནས་ག་ལེར་མར་ལ་འགྲོ་གི་བསྡོད། ངས་འདི་ནས་ཅ་ལག་ཚང་མ་ཕར་ཕྱོགས་ཀྱི་རླངས་འཁོར་དེའི་ནང་དུ་བཞག་ནས། རླངས་འཁོར་དེའི་ནང་དུ་སྔོན་ལ་སོང་ནས། མར་ཕྱོགས་ཀྱི་རི་ཟུར་དེའི་རྒྱབ་དུ་སྒུག་ནས་འདུག

བློ་བཟང་གིས་ལམ་པས་བཤད་པ་ལྟར། སེམས་ནང་དུ་སྐྲག་སྣང་དང་དོགས་པ་སྐྱེ་ཞོར་དུ། ག་ལེར་སྔོན་དུ་མི་འགྲོ་ཐབས་མེད་ལྟ་བུ་ཞིག་ཆགས་ཡོད་དུས། རླངས་འཁོར་ཆུང་ཆུང་དེའི་ཕྱི་རུ་བུད་དེ་མར་ཕྱོགས་སུ་སོང་། དེ་ཁུལ་གྱི་མི་ཚང་མས་ཁོ་རང་ལ་ལྟ་བཞིན་པའི་ཡོད་པ་ལྟ་བུའི་སྣང་བ་ཞིག་ཀྱང་སྐྱེ་ན་ཡང་། ཨུ་ཚུགས་ཀྱིས་མ་ཤེས་ཁུལ་བྱས་དེ་ཚོང་ཁང་དང་ཟ་ཁང་དེ་དག་ལ་ལྟ་ཁུལ་དང་། ཞོར་དུ་ཐ་མག་ཞིག་ལ་མེ་སྒྲོན་ནས་དབུགས་རིང་ཞིག་འཕུད།

ཁྱེད་རང་དངོས་ནས་དལ་མོ་ཞིག་རེད། ངེད་གཉིས་ཀྱིས་འདི་ནས་ཡུན་རིང་ཞིག་ལ་སྒུག་པ་ཡིན། ད་རེམ་ཟེར་ནས་རླངས་འཁོར་ཆུང་ཆུང་དེའི་སྒེའུ་ཁུང་ནང་ནས་ལམ་པ་དེས་བློ་བཟང་མཐོང་མ་ཐག་དེ་ལྟར་བཤད།

ཆུ་ཚ་བོ་ཡོད་ས་དེར་བོད་པའི་མགྲོན་ཁང་ཟེར་བ་ཞིག་ཡོད་པ་དེ་ནི་ལམ་པ་ཁོ་རང་གི་ངོ་ཤེས་ཤིག་ཡོད་རབས་བཤད་པ་ལྟར། ཁོ་གཉིས་དེ་རུ་འདུག་རྒྱུ་གཏན་འཁེལ་བྱས། མགྲོན་ཁང་དེར་རྒན་རྒོན་གཉིས་དང་བུད་མེད་རོང་མོ་ཞིག་ཡོད་པ་དེས་ཀྱང་ཁོ་གཉིས་ལ་རྣམ་འགྱུར་ལེགས་པོའི་ངང་དུ་ཉལ་ས་གྲྭ་སྒྲིག་བྱས་པ་དང་། དགོས་ཟས་ཟ་རན་དུས་སྐད་གཏོང་ཆོག་ཟེར་ནས་ཕྱི་ལ་བུད།

དགོང་མོར་དེར་ལམ་པ་དེས་བློ་བཟང་ལ། ད་ནི་འུ་གཉིས་ཀྱི་གནས་ཚུལ་འགྱུར་བ་ཅུང་ཙམ་ཐེབས་འདུག ང་རང་གི་ནག་རིལ་{བལ་ཡུལ་གྱི་ཐོབ་ཐང་ལག་ཁྱེར་ལ་གོ}འདིས་དེང་སང་འགྲམ་དུ་འགྲོ་ཐུབ་ན་ཡང་། ཕྱིར་ཡོང་དུས། དངོས་ནས་མི་མང་བོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་རབས་དེ་རིང་ངའི་ངོ་ཤེས་རྒན་པོ་དེས་ང་རང་ལ་གསལ་བོ་བཤད་སོང་། དེ་ཡིན་དུས། ངས་ཁྱེད་རང་ལ་འདི་ནས་རོང་བ་ལམ་པ་ཡག་པོ་ཞིག་བཙལ་ནས་རྙེད་རེག་བར་དུ་འདུག་རོགས་བྱེད་ཆོག ངས་ཁྱེད་རང་ཐད་ཀར་འགྲམ་བར་དུ་བསྐྱེལ་ཐུབ་ཀྱི་མི་འདུག་ཡང་། ངས་ཁྱེད་རང་འགྲམ་བར་དུ་བདེ་འཇག་ངང་སླེབས་ཐུབ་པ་བྱེད་ཆོག་སོགས་གནས་ལུགས་ཀྱི་སྐད་ཆ་དང་དྲང་བདེན་ཡིན་རབས་ཀྱི་སྐད་ཆ་མི་ཉུང་བ་ཞིག་བློ་བཟང་ལ་བཤད་པ་ལྟར། བློ་བཟང་གིས་ཀྱང་། ད་ནི་ཡོད་ཚད་ཁྱེད་རང་ཡིན། ངས་ཅུང་ཤེས་ནི་མ་རེད་ཅེས་ལན་བཏབ།

བློ་བཟང་ཁོ་རང་ཆུ་ཚ་བོ་ཡོད་སའི་བོད་པའི་མགྲོན་ཁང་དེར་སླེབས་ནས་ཉིན་གཉིས་འགྲོ་བཞིན་ཡོད་ལ། ལམ་པས་བཤད་པ་ལྟར་ཁོ་གཉིས་ཀྱི་ལམ་པ་བརྟན་པོ་ཞིག་ལ་སྒུག་ནས་བསྡད་ཡོད་པ་དང་། ཉིན་གཉིས་ཀྱི་རིང་དུ་བློ་བཟང་ལ་འགྲོ་སོང་སྐར་བཀང་ཡང་གཏོང་དུ་མ་བཅུགས་པ་མ་ཟད། མཚམས་རེར་བོད་པའི་མགྲོན་ཁང་འོག་གི་ཆུ་ཚན་ཡོད་སར་གཟུགས་པོ་དཀྲུ་རུ་སོང་དུས། ལན་རེར་རྒྱ་དམག་རེ་ཟུང་གིས་རླངས་འཁོར་ཆུང་ཆུང་རེ་བཏང་ནས་ཆུ་ཚ་བོ་ཡོད་ས་རུ་ཡོང་དེ་གཟུགས་པོ་རེ་དཀྲུ་བཞིན་ཕྱིར་འགྲོ་བཞིན་པ་དེ་དག་དང་འཕྲད་ཐེངས་རེར། བློ་བཟང་བལ་ཡུལ་གྱི་ས་ཐོག་ན་ཡོད་ཀྱང་། ད་ནི་བོད་ཀྱི་ས་ཁུལ་དུ་སླེབས་ཡོད་པ་ལྟ་བའི་ངང་སྐྲག་རེ་སྐྱེ་བཞིན་ཡོད་པ་རེད།

རོང་མོ་ཞབས་ཞུ་མ་དེ་ལ་ལམ་པ་དེས་གོ་སྐབས་ཡོད་ཚད་དུ་ཁ་རྩེད་བྱེད་པ་དང་ཁོ་གཉིས་ཀྱི་མགྲོན་ཁང་ནང་དུ་ཡང་ཡང་སྐད་བཏང་ནས། ཁོ་གཉིས་ལ་བལ་ཡུལ་གྱི་མཐའ་མཚམས་དེ་ནས་འཐུང་ཐུབ་པའི་ཆང་བཙགས་མ་དེ་ཡང་ཡང་འཁུར་ནས་ཡོང་གི་འཇུག་བཞིན་ཡོད་ལ། སྐབས་རེར་དུས་ཚོད་ཐུང་ཐུང་རེར་ཁོ་གཉིས་དང་ལྷན་དུ་བསྡོད་ཐེངས་རེར། ཁོ་གཉིས་ལ་དངོས་ནས་སྣང་བ་སྐྱིད་པོ་ཞིག་ཆགས་ཡོད་ཀྱང་། བློ་བཟང་གི་གནས་སྐབས་གནས་སྐབས་ཤིག་ལས་རོང་མོ་དེའི་ཕྱོགས་སུ་དོ་སྣང་སྤྲོད་ཐུབ་ཀྱི་མེད་པར། རང་ཉིད་འདི་ནས་ཇི་ལྟར་བོད་དུ་ཐར་ཐུབ་མིན་གྱི་བསྐོར་ལ་སེམས་ཁྲལ་བྱས་དེ་བསྡད་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་དག་གིས་སེམས་འཁུར་དང་ཁ་གཡང་སྙན་མོ་དེ་དག་གིས་བློ་བཟང་འདི་སླེབས་ས་ཞིག་དུ་འབྱོར་བ་ཡིན་ན་འུ་ཅག་གིས་སེམས་བདེ་བ་རེད་མོད། ལས་ངན་འདིའི་ཐོད་པའི་ཁ་ཡིག་དེ་གང་དུ་བྲིས་ཡོད་སུས་ཤེས། རེད། ངས་ཤེས་ཁུལ་ཞིག་བྱེད་ཀྱི་ཡོད་པ་རེད། ག་ལེར་ཁོ་རང་གི་གཏམ་རྒྱུད་འདི་ངས་ཤུ་རེ་བྱོས་དེ་འབྲི། སྤུན་ཟླ་དག་གི་རེ་སྨོན་དང་འཚམ་འདྲི་བཅས་ལ་སེམས་གཏིང་ནས་དགའ་བསུ་ཞུ།

    Reply
  2. mogrutenpa says:
    ལོ་ 17 སྔོན།

    གྲོགས་པོ་ལགས།་སྐུ་ཁམས་བཟང་།་་བློ་བཟང་ངའི་གྲོགས་པོ་ཞིག་ཡིན།་་༢༠༠༩།༢ཚེས་མགོ་ཞིག་ལ་ལྡི་ལི་ན་བུད་མེད་མགོ་སེར་མ་ཞིག་ཁྲིད་ནས་འགྲོ་བཞིན་འདུག་་་དེ་ནས་བཟུང་ང་ཁོ་ལ་མ་ཐུག་་་ངས་གོ་ཚོད་ལྟར་ན་ཕྱི་རྒྱལ་ག་གེ་མོ་ཞིག་ན་ཟ་ཁང་ཞིག་ཉར་འདུག་ཟེར།་་ངོ་མ་མྱི་སེམས་ཤུགས་ཅན་ཞིག་རེད།་་་སྒྲུང་གཏམ་འབྲེ་སྐབས་གཟབ་གཟབ་བྱོས།་་ཁ་ནང་ནས་གསང་བ་ཞིག་འཆོར་ར་་་་ཧ་ཧ་ཧ་་་་་གོ་ཚོད་ལ་ཁྱེད་རང་མྱུར་ཏུ་རྒྱ་གར་ཏུ་ཡོང་ངེས་རེད་ཟེར།་དེ་དུས་ཐུག་ཆོག་་་ད་བདེ་མོ།

    Reply
  3. rigdhen says:
    ལོ་ 17 སྔོན།

    སྒྲུང་རིང་འདིའི་མཇུག་མ་རྫོགས་གོང་ལ་ངའི་སྐུ་ཚེ་བརྟན་པར་སྨོན།

    Reply
  4. free sopu says:
    ལོ་ 17 སྔོན།

    བློ་བཟང་རྒད་པོ་གནམ་གྱིས་སྲུང་།

    Reply
  5. Baichung says:
    ལོ་ 17 སྔོན།

    ཕ་བཟང་བུ་ཟབ་མ་གཏོགས་མདུན་རྒྱ་འདྲེ་ཤི་གཤེད་ཀྱི་བར་ཆད་འདུག། རྒྱབ་ན་འགོང་བོ་ནག་སྡེར་གྱི་རྗེས་འདེད་འདུག

    Reply
  6. kawakarpo says:
    ལོ་ 17 སྔོན།

    བུ་རྒོད་པོ་སེམས་ཆུང་བྱོས་དང་། མདུན་ན་བརྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། རྒྱབ་ན་ཆོས་སྐྱོང་དམར་ནག་གི་མགོན་སྐྱབས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese