སྤུན་ཟླ་ཚོ། ཁྱེད་ཅག་གི་ངོ་ཤེས་དང་ཉེ་རིང་། ཡང་ན། ཕ་མ་དང་སྤུན་མཆེད་སོགས་སུ་ཞིག་སྨན་པ་ཡིན་པ་མ་ཟད། སྨན་ལ་མཁས་པ། ལུས་ཁམས་བསྐྱེད་སྲུང་བྱེད་ཕྱོགས་ཐད་དུ་མཁས་པ་འདྲ་ངོ་ཤེས་ཡོད་ན། ངས་དེ་རིང་འདི་ནས་ཁྱེད་ཅག་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན། དྲི་བ་དེར་ལན་དྲང་མོ་ཞིག་དུས་ཐོག་ལ་འདེབས་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་ཡོད།
བྱིས་པ་ཞིག་ལ་ཆུང་དུས་སུ། དྲིན་ཆེན་ཨ་མའི་ནུ་མ་ཟླ་ངོ་ཁ་ཤས་རིང་དུ་ནུས་རྗེས་སུ། ཟས་ལ་རོལ་བའི་སྐབས་སུ་སླེབས་དུས། བོད་ཡུལ་དུ། ང་རང་གི་ཁོར་ཡུག་ནས་ཆུང་དུས་བྱིས་པ་ལ་གཡག་སྙིང་བཙོས་དེ་སྤྲོད་ཀྱི་ཡོད་པ་རེད། དེ་ནི་བྱིས་པ་དེ་ཡི་འཚར་ལོངས་ཁྲོད་དུ་རང་ཚུགས་ཡོད་པ་དང་སྙིང་སྟོབས་ལྡན་པ་སོགས་འགྲེལ་བཤད་མི་ཉུང་བ་ཞིག་ཡོད་པ་རེད། འོན་ཀྱང་། བདག་གིས་དེ་ནི་ལུགས་སྲོལ་ཡག་པོ་ཞིག་ལ་གཏན་ནས་མཐོང་གི་མི་འདུག་མོད། རེད་དེ། དེ་ཡང་གོམས་སྲོལ་ཞིག་ལས་དངོས་ནས་བྱིས་པའི་འཚར་ལོངས་ལ་ཕན་ཐོག་ཡོད་མེད་དེ་ནི་བཤད་ཁག་པོ་རེད།
ངས་འདི་ནས་བཀའ་འདྲི་ཞུ་འདོད་པའི་དོན་དག་གཙོ་བོ་དེ་ནི། བྱིས་པ་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། དམར་ཟས་སམ། ཤའི་རིགས་ལ་ལོངས་སྤྱོད་མ་བྱས་པར། འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་མི་ཚེའི་ནང་དུ་གཟུགས་པོའི་ནུས་པ་ཤོར་འགྲོ་བའམ། ཡང་ན། གཟུགས་པོའི་འཕྲོད་བསྟེན་ལ་གནོད་པ་སོགས་ཡོད་མེད་དང་། གཏན་ནས་ཤའི་རིགས་ཁ་ལ་མ་རེག་པར་འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་ལུས་ཁམས་གསོ་སྐྱོང་གི་ཐད་དུ་དཀའ་ངལ་ཡོད་དམ་མེད། ཡང་ན། བྱིས་པ་དེའི་ལུས་ཁམས་སུ་ཅིས་ཀྱང་སྲོག་ཆགས་གཞན་ཞིག་ཤ་ཁྲག་གི་རིགས་མ་ཟས་པ་ཡིན་ན། འཚར་ལོངས་བྱུང་དེ་འོང་དུས། དཀའ་ངལ་འཕྲད་ཀྱི་ཡོད་དམ་མེད། སྔོ་ཚལ་རིགས་ཁོ་ན་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ་མེད། ཡོད་ན་དེའི་ཐབས་ལམ་སོགས་གང་ཡིན་མིན་བསྐོར་ལ། སྤུན་ཟླ་སུ་ཞིག་གིས་རང་གི་ཕ་མ་དང་ཉེ་དུ། གྲོགས་པོ་དང་སྤུན་མཆེད། ངོ་ཤེས། ཡང་ན། རང་ཉིད་ལ་ལུས་པོ་གསོ་སྐྱོང་བྱེད་པའི་སྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་སྤུན་ཟླ་སུ་ཞིག་ཡོད་ན། བདུན་ཕྲག་རེ་ཟུང་ནང་དུ་ལན་ཞིག་ཡོང་བའི་རེ་སྐུལ་སེམས་གཏིང་ནས་ཞུས་པ་ཡིན།
སྨན་གཞུང་ནང་ཤ་མ་ཟོས་ན་གཟུགས་པོའི་བསྐྱེད་བསྲིངས་ལ་གནོད་པའི་སྐོར་ཅང་བཤད་མི་འདུག འོན་ཀྱང་ས་འཁྱག་སར་སྐམ་ལུག་གི་ཤ་ཟོས་ན་གཟུགས་པོའི་དྲོད་ཤུགས་ལ་ཕན་པ་དང་ཚ་བ་ཆེ་སར་བ་གླང་དང་ར་ཤ་ཟོས་ན་གཟུགས་ཕུང་བསིལ་བོ་ཆགས་པར་ཕན་སྐོར་གསུངས་འདུག
རྟ་འགྲིན་ཚེ་རིང་ལགས། བསམ་ཚུལ་ལྷུག་པོར་གནང་བ་དེར་ཐུགས་རྗེ་ཆེ་ལགས། ཚེ་རིང་བཀྲི་ཤིས་འདི་རུ་དོ་སྣང་གིས་སླེབས་པ་དགའ་ཡོད་ལགས།
རྗེས་མ་ཧ་གོ་ན་རོགས་པ་བྱེད།
སྤུན་ཟླ་ཤ་ཁྲག་ལགས། ཤ་ཚིལ་བསྟེན་ནས་ལང་ཚོ་ཆེ་རུ་བསྐྱེད་མཁན་གྱི་མི་ཞིག་ཡིན་ན་དེ་ལ་གཉན་ནད་གློ་བུར་བ་རེ་ཟུང་འགོག་པའི་ལུས་ཟུང་གི་ནུས་སྟོབས་ཅུང་ཙམ་ཡོད་མོད། སྒོམ་སྡེ་བས་གསུངས་པ་ལྟར་སྣུམ་ཞག་གི་རྐྱེན་པས་ལུས་ཕུང་གི་སྦུབས་སུ་རྒྱུ་བའི་ཁྲག་རྩ་ཀུན་འགག་ནས་རླུང་གི་རྒྱུ་བ་དོ་མ་མཉམ་པར་ཁྲག་གི་འཁོར་སྐྱོད་ཉུང་དུ་འགྲོ་བ་དང་། དེ་ལ་བསྟེན་ནས་སྙིང་གི་ན་ཚ་འབྱུང་བ་ཡིན། ང་ཚོས་ཤ་ཟོས་རྗེས་ཟས་རིགས་གཞན་དང་མི་འདྲ་བར་ལུས་འདི་སྔར་ལས་ལྕི་ཞིང་གཉིད་འཐིབས་པའི་ཚོར་བ་ཡོང་བ་དེ་ཡང་ཁྲག་གི་འཁོར་སྐྱོད་དལ་དུ་སོང་བའི་རྟགས་ཤིག་ཡིན། བྱིས་པ་ལ་མཚོན་ན་ཤ་ཚིལ་བསྟེན་པ་དེ་དར་མ་ལས་ཀྱང་ཆེས་ཆེར་གནོད་པ་ཡིན། རྒྱུ་མཚན། བྱིས་པ་ནི་བད་ཀན་གྱི་རང་བཞིན་ཡིན་པས་ནམ་རྒྱུན་གཉིད་ལ་དགའ་བ་དང་། འགུལ་སྐྱོད་ཉུང་བའི་རྐྱེན་གྱིས་ཁྲག་གི་འཁོར་སྐྱོད་ཡང་དར་མ་ལས་ཉུང་བ་ཡིན་པས་གཉོམ་ལག་རྒྱས་པ་དང་པགས་པའི་མདངས་ཡག་པོ་ཡོང་བ་སོགས་ལ་ཤིན་ཏུ་གནོད་པ་ཡིན། འོན་ཀྱང་བྱིས་པར་ཁོང་ཁྲོའི་སེམས་ཚོར་དེ་ཙམ་མེད་པས་སྙིང་གི་ནད་གཞི་འབྱུང་ཁག་པོ་ཡིན། སྙིང་གི་ནད་ཚ་ནི་རྒྱུ་ཁྲག་གི་འཁོར་སྐྱོད་ཞན་པ་ལས་འབྱུང་བ་ཞིག་ཡིན་ན་ཡང་། རྐྱེན་ཁོང་ཁྲོའི་ཚ་དྲོད་ཅིག་ལ་ཡང་བརྟེན་དགོས་པར་བཤད།
གཞན་དགེ་བཤེས་བསྟན་བཀྲ་ལགས་ཀྱིས་མན་ངག་རྒྱུད་ལས་ལུང་དྲངས་པ་དེ། སྐབས་བབ་ཀྱི་གཉེན་པོ་བྱེ་བྲག་པ་ཞིག་ལས་རྒྱུན་བསྟེན་གྱི་འཕྲོད་སྦྱོར་འདི་དང་འབྲེལ་དེ་ཙམ་མེད་པར་སྣང་།
གསོ་བ་རིག་པར་ཆེད་སྦྱོང་བྱེད་མ་མྱོང་པས་ནོར་འཁྲུལ་ཡོད་ཚེ་དགོངས་དག་ཞུ།
སྐར་ཁྲི་བཙན་ལགས། སེམས་ལ་གཉར་ངེས་ཡིན། དེ་རིང་བར་དུ་བྲེལ་བའི་དབང་གིས་ཟེར་ན་འདྲ། ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་སྤུན་ཟླ་མི་ཉུང་བ་ཞིག་དང་ལྷན་འཛོམ་བྱས་དེ་ཟེར་ན་ཆོག ཁོམ་མ་སོང་།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ལ་གུས་པས་གསལ་བོ་བཤད་ཡོད་བསམ་སོང་། གུས་པས་གཞིག་ན་བྱིས་པ་ཆུང་དུས་ནས་དམར་ཟས་སྤྱོད་ན་འཚར་ལོང་ལ་གནོད་དང་མི་གནོད་ཅེས་ན་བོད་མཐོ་སྒང་ནས་བྱིས་པར་ཆུང་དུས་ན་སྙིང་དང་ལྕེ་སོགས་སྤྲོད་ཀྱི་ཡོད་རེད། ཁོ་ཚོའི་འཚར་ལོང་སྐབས་བདེ་ཐང་ལ་གནོད་སྐྱོན་སྤུ་ཙམ་ཡོད་ནི་མ་རེད། ཚ་བའི་ལུང་བ་དཔེར་བལ་ཡུལ་དང་རྒྱ་གར་གྱི་བྱིས་པ་ཚོར་བོད་ནང་གི་དམར་ཟས་དེ་འདྲ་ཞིག་སྤྲོད་ད་གནོད་པ་ལས་ཕན་གྱི་མ་རེད་འདོད་བྱུང་། གང་ཡིན་ཟེར་ན་ང་ཚོ་དམར་ཟས་ཀྱི་འཚར་ལོང་བྱུང་བ་ཚོས་རྒྱ་གར་ནང་ནས་དམར་ཟས་བག་མེད་སྤྱོད་ན་གཟུགས་པོ་མི་བདེ་བའི་ཚོར་བ་སྐྱེས་བཞིན་འདུག་ག གུས་པས་གཞིག་ན་དྲ་གྲོགས་ལྷ་ཆབ་ཀྱི་གསུངས་བར་གནས་ལུགས་འདུག་བྱིས་པའི་འཚར་ལོང་སྐབས་གཙོ་བོ་འཕྲོད་རྟེན་ལ་དོ་སྣང་བྱེད་རྒྱུ་དང་རང་ས་ཆ་གང་ན་ཡོད་ན་དེའི་འཚོ་བར་རན་པ་ཞིག་ལོང་སྤྱོད་བྱེད་རྒྱུ་གལ་ཆེ་བར་མཐོང་སོང་།
ལྷ་ཆབ་ལགས། ཉིད་ཀྱིས་སེམས་གཏམ་དག་གི་བདག་གིས་འདས་སོང་གི་མཚན་མོ་ཞིག་མི་ང་ཁྱེད་ཚང་གི་ནང་དུ་ཉལ་ནས་གྲང་ཤ་ཟ་ནས་བསྡད་ཡོད་པའི་སྐབས་དེར་ཉིད་ཀྱི་རྒན་མོ་ཡོང་ནས་ཁྱེད་ལ་སྐུལ་ནས་འུ་གཉིས་སྐེས་འཛེགས་རིང་མོ་དེ་ནས་ཐེངས་མ་ཉི་ཤུ་ཙམ་ལ་མལ་གསོ་བརྒྱབ་དེ་སྒང་དུ་བུད་རྗེས། བདེ་ལེགས་སྨན་ཁང་དུ་ཤར་བསྐྱོད་བྱས་པའི་སྐོར་དེ་དྲན་དུ་བཅུགས་སོང་ལ། སྐབས་དེའི་ངང་ཚུལ་དག་རི་མོ་བཞིན་དུ་མིག་ལམ་ཐེངས་ཤིག་ཤར་སོང་། སྐུ་ཉིད་ཀྱིས་གང་གསུངས་པ་དེར་བདག་གི་ཡིད་དུ་དམ་པོར་འཛིན་ངེས་ཡིན་ལགས།
དགེ་བཤེས་བསྟན་པ་བཀྲ་ཤིས་ལགས། ཉིད་ཀྱིས་དུས་ཚོད་ཡོད་མེད་ལ་མ་བལྟས་པར་འགྲེལ་བཤད་མདོར་བསྡུས་ཤིག་གནང་བ་དེར་བཀའ་དྲིན་ཆེ་ལགས།
བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ཀློག་པ་དེར་དགའ་ནི་ཡིན། དེའི་སྐོར་ལ་ངོ་ཤེས་འདྲ་ཡོད་ན་སྐད་ཆ་རེ་འདྲི་རོགས་ཞུ།
ཤིན་ཏུ་ལགས་སོ། བཀླགས་ཟིན། བྲེལ་བ་ཆེ།
བཀྲ་ཤིས་བདེ་ལེགས་ཞུ།
ཡུངས་ཀར་ཤུ་དག་ཞེས་སོགས་དོན་ནི། སྨན་ཡུངས་ཀར་དང། ཤུ་དག། རྒྱམ་ཚ། པི་པི་ལིང། རུ་རྟ།བ་སྤུ་རྣམས་དང་པོ་ཆུ་ནང་བསྐོལ་ཏེ་སུམ་གཅིག་མཚམས་སུ་འོ་མའི་ནང་དུ་བསྐོལ་ཏེ་དེ་ཡང་སུམ་ཆ་གཅིག་གི་མཚམས་སུ་མར་གྱི་ནང་དུ་བསྐོལ་ཏེ་སྨན་མར་བཟོས་ཏེ་བསྟེན་ན་ཚེ་འཕེལ་ཞིང་ལུས་སྟོབས་རྒྱས་པ།་གདོན་གྱི་རིགས་རྣམས་འཇོམས་པར་གསུངས་ཡོད་ཅིང། འདི་ནི་སྨན་པའི་ལག་ལེན་དང་འབྲེལ་ནས་མ་གཏོགས་མི་གང་ཡིན་གྱིས་ཡོང་དཀའ་བར་སེམས། གོང་གསལ་ལྟར་ཤ་ཚོད་ཅེས་པ་གཡག་དང་ལུག་གི་ཤ་ཡིན། ཤིང་ཀུན་ཞེས་པ་སྨན་ཡིན་པ་ལས་ཤིང་ཏོག་མིན། ད་དེ་ཙམ་གྱིས་དེ་རིང་ལས་བྲེལ་ཧ་ཅང་ཆེ།
གྲོགས་པོ་ཤ་ཁྲག་ལགས།ཤ་ཟ་མིན་དེ་གཙོ་བ་མ་རེད།གལ་ཆེན་པོ་དེ་གང་རེད་ཟེར་ན།རང་གི་གཙང་སྦྲ་དང་འཕྲོད་བསྟེན་ཕྱོགས་ལ་གཟབ་མིན་དེ་རེད།ཡིན་ནའང་ཤ་མ་ཟོས་པའི་སྒང་ལ་གཞན་དག་སྤང་རྒྱུ་ཐལ་དྲགས་ན་ཁྱོད་ཀྱིས་ཧ་གོ་བ་བཞིན་སྔོན་ཆད་ཀྱི་དོན་དག་ཅིག་ལྟར་རོ།གཙོ་འདི་སྐོར་ལ་སྨན་པ་དངོས་དེ་སུ་རེད་ཅེས་ན།ནད་པ་རྒན་པ་སྨན་པའི་ཡན་ཟེར་བ་དེ་རེད།
སྐར་ཁྲི་བཙན་ལགས། ད་རེབས་ཡིན་ན་དངོས་ནས་མཐོང་གི་འདུག་ལ། བསམ་ཚུལ་ཡང་དངོས་ནས་རྒྱུ་མཚན་ལྡན་པ་ཞིག་བྲིས་འདུག་ལ། ཡིན་ཡང་། བདག་གི་གླེང་གཞི་གཙོ་བོ་དེ་ནི་ལུས་ཁམས་གསོ་སྐྱོང་གི་གནད་དོན་ཞིག བྱིས་པ་ཆུང་དུས་ནས་བཟུང་དེ་དམར་ཟས་མ་ཟོས་པར་འཚར་ལོངས་བྱུང་བ་ལ་གནོད་པ་ཡོང་གི་ཡོད་མེད་ཀྱི་སྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་ལུས་ཁམས་གསོ་སྐྱོང་སྐོར་ལ་སློབ་སྤྱོང་བྱེད་མྱོང་མཁན་དང་། རང་གི་མི་ཚེའི་ནང་དུ་ཉམ་མྱོང་ཡོད་པ་བཅས་ལ་རེ་སྐུལ་ཞུས་པ་ཡིན་སྟབས། སྐུ་ཉིད་ཀྱིས་ཀྱང་རང་གི་ཉམ་མྱོང་གི་རེག་བྱ་དག་འདི་ལྟར་གནང་བ་དེར་དགའ་ནས་ཡོད།
ད་དུང་། ཉིད་རང་གནས་སའི་ཁོར་ཡུག་དུ་ཆུང་དུས་ནས་བྱིས་པ་ལ་དམར་ཟས་ལ་མ་བརྟེན་པར་འཚར་ལོངས་བྱུང་བ་དེའི་སྐོར་ལ་ཤེས་རྟོགས་ཡོད་མཁན་འདྲ་ཡོད་ན་སྐད་ཆ་གསལ་བོ་ཞིག་འདྲི་རྒྱུར་སླར་ཡང་རེ་སྐུལ་ཡིན་ལགས། ཉིད་ཀྱི་བསམ་ཚུལ་དེ་བདག་གི་སེམས་སུ་བཟུང་ཡོད་ལགས།
དགེ་བཤེས་བསྟན་པ་བཀྲ་ཤིས་ལགས། ཐུགས་འཁུར་ཆེན་པོའི་འོག་བསམ་ཚུལ་དང་རང་གི་གང་མཁྱེན་པ་དེར་འདི་རུ་གནང་བ་དེར་བཀའ་དྲིན་ཆེ་ལགས། ཡིན་ཡང་། ཚིག་བཅད་འདི་དག་གི་ནང་དུ། བུར་སྤྲང་ཟེར་བ་གང་ལ་གོ་དགོས་ཀྱི་ཡོད་པ་རེད་དམ་ལགས། ཟས་དང་བུར་སྦྲང་ཞུན་མར་རྒྱུན་དུ་བསྟེན།།
ཤ་ཚོད་ཟེར་བ་ནི་ཤ་དང་གཞན་ཞིག་གི་མིང་རེད་དམ། ཡང་ན་ཤ་གཅིག་བུ་ལ་གོ་དགོས་ཀྱི་ཡོད་པ་རེད་དམ་ལགས། སྐབས་སུ་ཤ་ཚོད་མར་སྦྱར་ཤ་ནད་སེལ།།
ཨ་རུ་ར་དང་ཤིང་ཀུན་ཚ་བ་གསུམ།།ཤིང་ཀུན་ཟེར་བ་ནི་ཤིང་ཏོག་ཀུན་གྱི་སྤྱི་མང་དུ་འབོད་ཀྱི་ཡོད་པ་རེད་དམ་ལགས།
ཤུ་དག་པ་ཏྲ་ལྕེ་མྱང་ཚྭ་རྣམས་དང། ཤུ་དག་པ་ཏྲ་ཟེར་བ་ཡང་སྨན་ཞིག་གི་མིང་རེད་དམ། ཡང་ན་ཟས་མིང་ཞིག་རེད་དམ་ལགས།
ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར།།བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན།། བདག་ནི་སྨན་ལ་གཏན་ནས་ཆ་རྒྱུས་མེད་པའི་འགྲེལ་བཤད་ཅིག་དགོས་ཀྱི་འདུག་ལགས། ཐུགས་རྗེ་གཟིགས་རོགས་ཞུ།
ཡུངས་ཀར་ཤུ་དག་རྒྱམ་ཚྭ་པི་པི་ལིང།།རུ་རྟ་བ་སྤུ་མར་བསྐོལ་སྨན་མར་གྱིས།།ཚེ་འཕེལ་སྟོབས་བསྐྱེད་གདོན་རྣམས་འཇོམས་ཕྱིར་བསྟེན།། ཚིག་བཅད་འདི་དག་ལ་སྟབས་བདེའི་འགྲེལ་བཤད་ཅིག་རྒྱག་རོགས་ཞུ།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལ་ཞུ་རྒྱུར་ངས་ད་ནང་ཞོགས་པ་མང་ཙམ་བྲིས་ཡོད་མོད་འཕྲོ་བརླགས་སུ་འགྲོ་སོང་། མདོར་བསྡུས་ནས་རང་གི་ལྟ་ཚུལ་ལྟར་ན་ཁྱེད་ཀྱི་བུ་མོ་འཚར་ལོང་གི་བརྒྱུད་རིམ་ནས་འཕྲོད་རྟེན་ལ་གཟབ་དགོས་པ་གལ ཆེ་བར་འདོད། ལྷག་པར་དུ་ཞོར་ཟས་ཀྱི་རིགས་ལ་མ་གཟབ་ན་དེང་སང་འཕྲོད་རྟེན་ལ་འགན་མི་འཁུར་བར་དངུལ་ཁོ་ནའི་ཆེད་དུ་ཞོར་ཟས་སྣ་ཚོགས་བཟོ་བསྐྲུན་བྱས་དང་བྱ་བཞིན་པས་རང་ངོས་ནས་ས་ཆ་གང་དུ་ཡོད་ན་བྱིས་པའི་ཟས་རིགས་ལ་དོ་སྣང་ངེས་པར་དུ་བྱེད་དགོས། སྔོན་མ་མཐོ་སྒང་ལྟ་བུ་ནས་བྱིས་པས་ཤ་རློན་ཟོས་ཀྱང་གཟུགས་གཞི་བདེ་ཐང་ལ་ཕན་པ་ལས་གནོད་ཀྱི་ཡོད་མ་རེད། དེང་སང་མཁའ་དབུགས་དང་ཁོར་ཡུག་འབགས་བསླད་ཀྱི་དུས་རབས་ཡིན་པས་ཤ་རློན་ཟོས་ན་སྔོན་བཞིན་འདྲ་ཡི་མི་འདུག་པའི་སྐད་ཆ་གོ་གི་འདུག བྱིས་པའི་འཚར་ལོང་དང་གསོ་སྐྱོང་ནི་ཁོར་ཡུག་དང་གནམ་གཤིས་ལ་རག་ལས་པ་དངོས་ཡོད་རེད་ཚ་བའི་ལུང་ནས་ཤ་མར་ཟ་བ་མང་དྲག་ན་ན་གི་རེད་ལ། གངས་རིའི་འདབས་ནས་འབྲས་སྐྱ་རྡ་ལིར་རོལ་ན་བཅུད་ཀྱི་འདང་གི་མ་རེད། དེ་ནི་ང་ཚོ་ས་ཆ་གཉིས་བརྒྱུད་ཡོང་བ་ཚོའི་ཉམས་མྱོང་གི་ཁྲོད་ན་གསལ་བོ་རེད། ཡང་གཅིག་བཤད་ན་རྒྱ་གར་ནང་འཚར་ལོང་བྱུང་བ་ཚོའི་གཟུགས་པོའི་སྟོབས་ཤུགས་བོད་ནས་སྐྱེས་པ་ཚོར་འགྲན་ཟླ་མེད་པས་ངོས་ནས་གསལ་བོ་རེད། གཅིག་ལ་ལུས་ཤུགས་གཉོམ་པ་འབྲས་སྐྱ་རྡ་ལིས་གྱོང་རེད་ལ། གཅིག་ལ་སྟོབས་ཤུགས་ཆེ་བ་ཤ་མར་གཉིས་ཀྱི་དྲིན་རེད། གཅིག་ལ་བློ་ཁོག་ཆེ་བ་འཁྲུགས་འཛིང་ལ་གོམས་པའི་འཚོ་བ་ཞིག་ནས་འཚར་ལོང་བྱུང་བའི་རྟག་རེད་ལ། གཅིག་ལ་བློ་ཁོག་མེད་པ་དེ་ཞི་བདེ་གཙོ་བོ་སྐྱོང་བའི་ས་ཆ་ཞིག་ནས་ཆེར་བསྐྱེད་པའི་རྟག་རེད་དུ་འདོད། མ་གཏོགས་གཡག་གི་གཡུ་ལོ་ཟོས་པ་ནས་སྙིང་ཆེ་སོང་བའི་བཤད་གཏམ་ལ་ཡིད་ཆེས་མེད།
དེ་ཡང་མན་ངག་རྒྱུད་ལས། ཟས་དང་བུར་སྦྲང་ཞུན་མར་རྒྱུན་དུ་བསྟེན།།སྐབས་སུ་ཤ་ཚོད་མར་སྦྱར་ཤ་ནད་སེལ།།ཨ་རུ་ར་དང་ཤིང་ཀུན་ཚ་བ་གསུམ།།ཤུ་དག་པ་ཏྲ་ལྕེ་མྱང་ཚྭ་རྣམས་དང། ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར།།བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན།།ཡུངས་ཀར་ཤུ་དག་རྒྱམ་ཚྭ་པི་པི་ལིང།།རུ་རྟ་བ་སྤུ་མར་བསྐོལ་སྨན་མར་གྱིས།།ཚེ་འཕེལ་སྟོབས་བསྐྱེད་གདོན་རྣམས་འཇོམས་ཕྱིར་བསྟེན།།ཞེས་གསུང་ཡོད་པས་དེ་དོན་ལ་ད་དུང་གསལ་བཤད་དགོས་ཚེ་འབྲེལ་བ་ནོངས་དང་གང་ཐུབ་ཞུས་ཆོག་ལ་མ་ཤེས་ས་ཡོད་ན་གཞན་ལའང་དྲིས་ཆོག རེ་ཞིག་དེ་ཙམ་ཡིན། བདེ་བར་སྨོན
བོད། ཤ་ཁྲག་རུས་པ་ལགས། ཉིད་ཀྱི་དྲིས་དོན་ལ་དྲ་གྲོགས་ཚོས་ལན་འདོད་བློ་ཁེངས་པ་ཞིག་གནང་མེད་པའི་སྟེང་ནས་བལྟས་ན་དྲ་གྲོགས་འདི་དག་གི་ནང་དུ་འཕྲོད་བསྟེན་ལས་ཁུར་བ་གཅིག་ཀྱང་མེད་པ་མཐོང་ཐུབ། དེའི་ཕྱིར་གུས་པས་བོད་ཀྱི་གསོ་རིག་ལ་སྦྱང་བ་ཕྲན་བུ་བྱས་པའི་ཆ་ནས་སྐུ་ཉིད་ཀྱི་དྲིས་དོན་ལན་ཞིག་འབུལ་ཐུབ་པའི་འབད་བརྩོན་ཞུ་ཡི་ཡིན། སྤྱིར་དང་པོ་ནས་ཁ ཟས་སོགས་གང་ལ་གོམས་པ་ཆེ་ན་རྒྱུན་དུ་དེ་བསྟེན་དགོས་པ་དང་མ་བསྟེན་ན་གཟུགས་པོའི་ཟུངས་སྟོབས་ཀྱིས་མི་འདེང་བ་དེ་འདྲ་ཡོད་ཡོང་གི་ཡོད་མོད།་འོན་ཀྱང་དང་པོ་ནས་ཤ་མ་ཟས་པར་དཀར་ཟས་ཁོ་བསྟེན་ནས་འཚར་ལོང་བྱུང་མཁན་ཞིག་ཡིན་ན་འཚར་ལོང་བྱུང་བའི་མཐུན་རྐྱེན་ལ་ངེས་པར་ཤ་དགོས་པའི་ངེས་པ་མེད་དེ་བཅུད་དང་ལྡན་པའི་སྔོ་ཚལ་དང་འབྲུ་རིགས། ཤིང་ཏོག་སོགས་སྣ་མང་ཡོད་པས་སོ།།འདི་ནི་སྤྱིའི་འཕྲོད་བསྟེན་གྱི་ཆ་ནས་བཤད་པ་ཡིན། བོད་ཀྱི་གསོ་རིག་གཞུང་དུ་བྱིས་པ་ཉེར་སྤྱོད་ཅེས་པའི་ལེའུ་ཚན་ཞིག་ཡོད། དེའི་ནང་དུ་ཟས་དང་སྨན་བསྟེན་ཚུལ་སོགས་གསུངས་ཡོད་པས་འོག་ཏུ་འགོད་པར་བྱའོ།།
ང་ལ་བཟང་ངན་སྐོར་ལ་རང་གི་མྱོང་བ་དང་། ཡང་ན་དེའི་སྐོར་ལ་སློབ་སྤྱོང་བྱས་མྱོང་མཁན་གྱི་སྤུན་ཟླ་དག་གིས་བསམ་ཚུལ་མཁོ་བ་ཡིན་དུས། འཇམ་མགོན། གཅན་བཟོད་རྒྱམ། འབའ་པ་སྐལ་བཟང་འཕྲིན་ལས། སྤུན་ཟླ་ཁྱེད་ཅག་གིས་སུ་ཞིག་ཡིན་ཡང་འགྲིག རང་ལ་རྒྱུས་མངའ་ཡོད་ས་དང་ངོ་ཤེས་སའི་ནང་དུ་འཕྲོད་བསྟེན་སྐོར་ལ་ཉམ་མྱོང་ཡོད་པ། ལུས་ཁམས་གསོ་སྐྱོང་ཐད་ཤེས་རྟོགས་ཡོད་པ་དག་ལ་བཀའ་འདྲི་བྱེད་ས་རེ་ཡོད་ན་སྐུ་མཁྱེན།
ཤ་ཁྲག་ལགས ངས་བལྟས་ན་གཡག་སྙིང་གི་མི་ཡི་བློ་སྟོསབས་རྒྱས་པར་རྪྫས་དང་སེམས་པ་གང་གི་ནུས་པའི་ཐོག་ནས་ཕན་པའི་གནས་ལུགས་ཤིག་ཡོད་པ་མ་མཐོང་།ད་དུང་བྱིས་པར་དམར་ཟས་མ་སྟེར་ན་བཟང་།
སྐར་ཁྲི་བཙན་ཁྱོད་ཀྱིས་ཡང་སྲོག་ཆགས་ཀྱི་མིང་འདྲ་རྐྱང་འདིར་འགོད་བསམ་པས་ཡལ་སོང་བ་ཡིན་རྒྱུ་རེད། ཧཧཧཧཧ། རྩེད་མོ་ཡིན། དེ་ཁྱོད་ལ་ཁག་མེད། ང་ལ་ཡང་ཐེངས་འགར་དེ་འདྲ་བྱུང་མྱོང་།
བོད། ཤ་ཁྲག་ལགས། སྐུ་ཉིད་གྲོས་མགོ་ཞིག་དོན་པ་འདི་གང་མང་ཞིག་ལ་ཕན་ངེས་རེད། ཕྲན་ལ་འདི་ཕྱོགས་ནས་གཅིག་མི་ཤེས་ལ་ངོ་ཤེས་ཀྱང་གང་ཡང་མེད། ཡིན་ཡང་ཤ་བཟའ་བ་ཙམ་གྱི་གཟུགས་སྟོབས་རྒྱས་པ་དང་སྔོ་ཚལ་ཟས་ན་གཟུགས་གཞི་མི་རྒྱས་ཁྱབ་མེད་པ་འདྲ།
དོན་དངོས་ཐོག་སྔོ་ཚལ་ཟས་ན་གཟུགས་གཞི་འཚར་བ་དང་བདེ་ཐང་ཡོད་པ་གསལ་བོ་རེད།
སྐར་ཁྲི་བཙན་ལགས། ང་རང་ཁྱེད་ཀྱི་མཆན་པུ་བཙལ་དུ་སོང་མོད། རེག་མ་སོང་ལགས།
བསམ་ཚུལ་རིང་ཐག་ཆོད་པ་ཞིག་བྲིས་ཡོད་མོད། ཁ་བརྡའི་ནང་མཆན་རིང་བོ་ག་འདྲ་བྲིས་ན་འཇུག་པར་བར་ཆད་མི་འདུག དུས་བབ་ཚང་གི་ནང་དུ་མཆན་རིང་བོ་འབྲི་ན་དང་པོ་ཤོག་ལྷེ་གཞན་ཞིག་གི་སྟེང་དུ་བྲིས་རྗེས་ཚུར་གཤུ་དགོས་ཀྱི་འདུག་མ་གཏོགས་མཆན་རིང་བོ་ཞིག་བྲིས་ན་འཕྲོ་བརླག་ཏུ་འགྲོ་ཡི་འདུག
སྒོམ་སྡེ་ལྷ་རམས་པ་ལགས། ཉིད་རང་སླར་ཡང་ཕེབས་ནས་ཤ་ཆང་གི་ཉེས་མེད་སོགས་མང་བོ་ཞིག་གླེང་བ་དེར་དངོས་ནས་སེམས་བསམ་པའི་གུས་མདུད་ཡོད་ལགས། སྐུ་ཉིད་ཀྱིས་ཤ་སྤང་དེ་ལོ་ངོ་ག་ཚོད་ཅིག་ཕྱིན་ཡོད་དམ། ལོ་ངོ་དེ་དག་གི་རིང་དུ་སྨན་པ་དང་ལུས་ཁམས་གསོ་སྐྱོང་བ་དེ་འདྲའི་རིགས་དང་བསྟན་མྱོང་ཡོད་དམ། ཡོད་ན་ཁོང་ཚོ་དམིགས་བསལ་གྱིས་ལུས་ཁམས་གསོ་སྐྱོང་བྱེད་ཕྱོགས་ཐད་ཀྱི་ཐབས་ལམ་འདྲ་གསུང་རྒྱུ་འདུག་གམ་ལགས། ང་རང་ལ་དགོས་པ་དེ་ནི་ཆུང་དུས་ནས་བཟུང་དེ་ཤ་མ་ཟོས་པ་ཡིན་ན། འཚར་ལོངས་ཀྱི་བརྒྱུད་རིམ་ནང་དུ་དཀའ་ངལ་ཡོང་གི་ཡོད་མེད་དེ་ཡིན་ལགས།
ཟ་ལེ་རྒྱལ་ལགས། ཉིད་ཀྱིས་ཀྱང་ཟླ་ངོ་བདུན་རིང་གི་ཉམ་མྱོང་དེ་དག་གསུངས་པ་དེར་ཐུགས་ཆེ་རྗེ་ལགས། སྐུ་ཉིད་ཀྱི་ཁོར་ཡུག་དེ་ནས་ལུས་ཁམས་གསོ་སྐྱོང་ཐད་དང་། འཕྲོད་བརྟེན་ལ་མཁས་པའི་ངོ་ཤེས་དེ་འདྲ་ལ་བཀའ་འདྲི་བྱེད་ས་རེ་ཡོད་ན། ཆུང་དུས་ནས་བཟུང་དེ་ཁ་ནང་དུ་མ་སོང་བར་འཚར་ལོངས་བྱུང་བ་ལ་དཀའ་ངལ་འདྲ་ཡོད་མེད་ཐད་ལ་སྐད་ཆ་རེ་འདྲི་རོགས་ཞུ་ལགས།
ངས་ཀྱང་ཟླ་བ་བདུན་ལ་ཤ་བཅད་ཡིན། ཤ་གཅོད་སྐབས་ང་རང་ཉིད་ནས་ཤ་མི་ཟ་ལ་མགྲོན་པོ་ཡོང་ནའང་ང་རང་ཉིད་ཀྱིས་གང་ཟ་བཞིན་པ་དེ་ལས་ཤ་མི་སྟེར་ཞེས་བ་ཡིན། ཟླ་བ་བདུན་ལ་ལུས་པོ་ཡངས་མོ་འདྲ་ཆགས་ནས་ཤིན་ཏུ་སྐྱིད་ནའང་། གྲོད་ཁོག་ལྟོགས་དུས་ལྟོགས་དུས་ཤ་མ་གཏོགས་ཡིད་ལ་ཅི་ཡང་མི་ཡོང་གི སྔོ་ཚལ་རིགས་ཟས་ནས་གྲོད་ཁོག་ནང་ལ་མ་རྩ་ཅུང་ཙམ་བཟོས་རྗེས་ཤ་སྐྱོ་དེ་ལང་གིན་མི་འདུག མ་ལྟོགས་ན་སྐྱོན་མི་འདུག་མོད་ང་རང་མྱི་ཁ་ལྟོ་ཆེན་པོ་ཅན་ཞིག་ཡིན་པས་ཟླ་བདུན་གྱི་རྗེས་ནས་ཡང་བསྐྱར་ཤ་ཟ་རང་ལུགས་རོ་ལང་བརྒྱབས་པ་རེད།
བསམ་བློ་འཁོར་ནས་ཡང་བསྐྱར། ནོར་བཅོས།
ང་ལྟ་བུའི་ཤ་སྐམ་པོ་དང་རླུང་ནད་ཅན་ཞིག་གིས་ཤ་སྤངས་ཐུབ་ན། རྣམ་པ་ཚོ་ལྟ་བུའི་ལུས་སྟོབས་ཆེན་པོ་དག་གིས་ཅིས་ཀྱང་སྤོང་ནུས་སོ། །
ང་ལ་ཤ་སྤོང་བའི་འདུན་པ་ཤས་ཆེར་བྱུང་ཚུལ་མདོར་བསྡུས་ཤིག་ཞུ་འདོད་བྱུང་། དགོན་པ་ལ་ཡོད་དུས་ནས་ཤ་སྤོང་ཐབས་ལན་མང་བྱས་ཀྱང་མ་ནུས།
ཕྱི་རྒྱལ་སླེབས་ཀྱང་མ་ནུས།
ཝེང་ཁུ་ཝ་རུ་སྡོད་དུས་ནུབ་ཅིག་རྨི་ལམ་ནང་། བྱ་དེ་ཞིག་གསོད་རྒྱུ་ཡིན་ཁུལ་གྱིས་རྐང་པ་བསྡམས་ནས་ཐང་དཀྱིལ་ལ་བཞག་འདུག
བྱ་དེ་དེ་ལ་སྐྱོབ་མཁན་མེད་ཅིང་། ཉམས་ཐག་པའི་ཚུལ་གྱིས་ཅི་བྱ་རྟོལ་མེད་ཀྱིས། གཤོག་པ་ལྷེབ་ལྷེབ་བྱེད་བཞིན་བསྡད་འདུག་པར། སྙིང་རྗེ་ཚད་མེད་སྐྱེས་ཏེ། མིག་ནས་མིག་ཆུ་གཏོང་བཞིན་ངུས། དེ་ནས་གཉིད་སད་པ་ན་སླར་ཡང་དེ་སྐོར་བསམ་བློ་འཁོར་ཡང་བསྐྱྲར་སྐྱོ་སྣང་གིས་ངུས། དེ་ནས་བཟུང་ང་དང་ངའི་ཆུང་མ་གཉིས་ཀས་ཤ་མི་བཟའ་རྒུའི་དམ་བཅའ་བྱས།
ད་ལྟ་ནི་སྲོག་ལ་བབས་ཀྱང་མི་བཟའ་སྙམ་པ་ཞིག་འདུག་མོད། ངོ་ཐོག་སྲོག་ལ་བབས་ན་ནི་ཅང་མི་ཤེས་ལགས།
རྒྱལ་ཐང་ཡོན་ཏན་ལགས།
ཁྱེད་ཀྱིས་”ཤ་ཆང་གིས་བདེ་ཐང་ལ་གནོད་ཀྱི་ཡོད་རྒྱུ་མ་རེད”གསུངས་པ་དེ་ངེས་པར་ནོར་འཁྲུལ་རེད་ལགས།
གང་ལགས་ཤེ་ན།
ཤའི་ཞག་ཚི་དེ་བཞིན་ཟུངས་ཁྲག་དང་འདྲེས་ནས་རྩ་སྦུབ་ནང་འགྲོ་འོང་བྱེད་ཅིང་། དེ་ལྟ་བུའི་ཟུངས་ཁྲག་གི་ཞག་ཚི་དེ་རྩ་སྦུབ་ཀྱི་སྦུབ་ངོས་སུ་སྦྱར་ནས། རིམ་པས་རྩ་སྦུབ་འགགས་འགྲོ་བ་རེད། རྩ་སྦུབ་དེ་འགགས་དུས། རྩ་སྦུབ་གས་ཤིང་རལ་ཞིག་ཏུ་སོང་སྟེ། སྙིང་ལ་ཁྲག་མ་སླེབས་པའི་རྐྱེན་གྱིས་སྙིང་གས་པའི་ནད་heart attackདེ་ཡོང་གི་ཡོད་པ་རེད།
དེ་ལྟ་བུའི་ཞག་ཚི་དེ་ལ་དབྱིན་སྐད་དུ་cholesterolཟེར། དེ་ལྟ་བུའི་ཞག་ཚི་དེ་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་ཀྱང་མང་པོ་ཡོད་རེད། དཔེར་ན་”ནས་རྩམ”དེ་འདྲའི་ཞག་ཚི་དེ་ཉུངས་བར་བྱེད་རྒྱུའི་ནུས་པ་ཆེས་ཆེན་པོ་ཡོད། དེར་བརྟེན་བོད་པའི་”ནས་རྩམ”དེ་སྨན་ཆེན་ཞིག་རེད་ལགས།
ཆང་གིས་ནི། མཆིན་ནད་གྱིས་མནར་བར་བྱེད་པས། མཆིན་ནད་འདི་ཧ་ཅང་བཅོས་ཐབས་དཀའ་བས། ཅིས་ཀྱང་གཟབ་དགོས།
འོན་ཀྱང་ཕྱི་རྒྱལ་གྱི་རྒུན་ཆང་དམར་པོ་དེ་ཤེལ་ཕོར་ཆུང་ངུ་རེ་གཉིས་བཏུང་ན་སྙིང་ནད་སོགས་ལ་ཕན་པར་བཤད།
གང་ལྟར་རན་པོར་སྤྱད་དགོས།
དེ་ཙམ་ཡིན་ལགས། ངས་ཤེས་མདོག་ཤེས་པ་བྱེད་དེ་འདྲ་རྩ་བ་ནས་མིན་པས། ནོར་འཁྲུལ་ཡོད་ན་དགོངས་དག་ཞུའོ། །
གྱེར་ནག་ཚང་ལགས། དངོས་ནས་སེམས་ཕམ་དགོས་དོན་དེ་འདྲ་ད་ལྟ་མེད་ཚོད་ཡིན་ཡང་། སྐུ་ཉིད་ཀྱིས་སེམས་གསོ་སྔ་ས་ནས་གནང་བ་དེར་དགའ་ནི་ཡིན་ལགས།
མདོ་ལའི་འཁྱམས་པོ་ལགས། སྐུ་ཉིད་ཀྱིས་སེམས་འཁུར་དང་བཅས་དེ་བསམ་ཚུལ་གནང་བ་དེར་བཀའ་དྲིན་ཆེ་ལགས། སྐུ་ཉིད་གནས་སའི་ཁོར་ཡུག་དེ་ན་སྐད་ཆ་འདྲི་ས་རེད་ཡོད་ན་གསལ་བོ་ཞིག་འདྲི་རོགས་་ཞུ།
བསེ་རུ་ལགས། སྐུ་ཉིད་ཕེབས་པ་དེར་དགའ་ནས་ཡོད་ལགས། བདག་གི་ཉིད་ཀྱིས་རེ་སྐུལ་དེར་སེམས་ལ་བཟུང་ཡོད། སྐུ་ཉིད་ཀྱི་ཉེ་ཁོར་དུ་ངོ་ཤེས་སོགས་དེའི་སྐོར་ལ་མཁས་པ་འདྲ་ཡོད་ན་བཀའ་འདྲི་ཞིག་གནང་རྒྱུར་རེ་བ་ཡོད་ལགས། དམིགས་བསལ་གྱིས་སྐད་ཆ་དེར་ངའི་ཡིད་དུ་གཏན་པོར་བཟུང་ཡོད་ལགས། སྐུ་ཉིད་ཀྱང་དུས་ཚོད་གང་ཡོད་དུ་ཕེབས་རྒྱུར་རེ་སྐུལ་ཞུ་ལགས།
རབ་བྱུང་ན། ཤ་རིགས་གང་ཡིན་ན་ཡང་བྱིས་པ་ཐར་མ་མཚོ་ལྟ་བུར་མ་སྤྲད་ན་ལེགས།
དེས་རང་ཉིད་ཀྱི་ལུས་ལང་ཚོ་རྒྱས་ཐབས་ལ་ཕན་སྲིད་ཀྱང་། དེ་ལས་གཞན་པའི་ཟས་བཅུད་ལེགས་པའི་རིགས་གོང་དུ་སྒོམ་སྡེ་ལྷ་རམས་པས་གསུངས་པ་ལྟར་སྤྲད་ན། ཤ་རིགས་ལས་ཕན་ཐོགས་རླབས་ཆེ་བ་ཡོད་པ་ཞིག་རེད།
དམིགས་བསལ་ཞུ་རྒྱུར། གཡང་མདའ་ལགས་ཀྱིས་གང་གསུངས་པར་ཁྱེད་ཀྱིས་གསན་རོགས། ང་མེད་དུས་གཡང་མདའ་ལགས་ཁྱེད་ཀྱི་མགྲོན་ཁང་དུ་གསོལ་ཇ་བཞེས་པར་ཕེབས་ཀྱི་རེད། །
གྲོགས་པོ་ལགས། འདིའི་སྐོར་ལ་ཅི་ཡང་ཤེས་ཀྱིན་མེད་མོད།ཤ་ཟ་མ་དགོས་ན་བཟང་ཤོས་རེད། ཤ་མ་ཟོས་ན་གཟུགས་པོ་སྐྱོ་བོ་ཆགས་ནས་ལུས་སྟོབས་ཉམས་འགྲོ་བ་རྩ་བ་ནས་མ་རེད། ཤའི་འཚབ་ལ་སྲན་ཕྱིར་དང་སྒོ་ང་སོགས་མང་པོ་ཟ་རྒྱུ་འདུག་པས་དེ་སེམས་ཁུལ་བྱེད་དགོས་ཀྱིན་མི་འདུག་སྙམ། ད་དུང་ཤ་མ་ཟོས་ན་དུད་འགྲོ་མང་པོའི་སྲོག་སྐྱོབ་ཐུབ་པ་དང་དུད་འགྲོའི་ཚེ་སྲོག་ལ་སྲུབ་སྐྱོབ་བྱེད་པ་སོགས་ཀྱི་ཁྱད་ཆོས་མང་པོ་འདུག
རྒྱས་སྲས་ལགས།
ཁོ་བོ་དྲ་ཐོགས་ལ་ཡུན་རིང་མ་འབྱོར་རྐྱེན་ཁྱེད་ཐུགས་ཁྲོ་བཞིན་མེད་དམ།
ཨ་ལ། ཀུ་རེ་ཡིན། ཐུགས་དོག་པོ་མ་གནང་རོགས། སྐྱེས་པ་ཕོ་ཞིག་ཡིན་ན་་་་་་་་་ཧ་ཧ་ཧ་་་་་་་་
སྒོམ་སྡེ་ལྷ་རམས་པ་ལགས། སྐུ་ཉིད་ཀྱིས་གསལ་བཤད་གནང་བ་དེར་བཀའ་དྲིན་ཆེ་ལགས། ཏན་ཏན་ཏིག་ཏིག་ཞིག་དེ་ཁུལ་རང་ཉིད་བསྡོད་སའི་ཉེ་འཁོར་དུ་སྤུན་ཟླ་ཡིན་ན་འདྲ། མི་རིགས་གཞན་པ་ཡིན་ན་འདྲ། ལུས་ཁམས་གསོ་སྤྱོང་ལ་མཁས་པ། ཡང་ན་སྨན་གཞུང་ལ་མཁས་དེ་འདྲ་སྐུ་ཉིད་ལ་ངོ་ཤེས་འདྲ་ཡོད་ན་བཀའ་འདྲི་གསལ་བོ་ཞིག་ཞུ་རྒྱུར་རེ་བ་ཡོད་ལགས།
ཁ་བ་དཀར་པོ་ལགས། སྐུ་ཉིད་ལ་དགེ་ཕྲུག་ཡང་མི་ཉུང་བ་ཞིག་ཡོད་པ་རེད་ལ། ངོ་ཤེས་ཀྱང་མི་ཉུང་བ་ཞིག་ཡོད་པ་རེད། དེ་ཁུལ་ནས་ལུས་ཁམས་གསོ་སྐྱོང་ལ་མཁས་པ། ཡང་ན་སྨན་གཞུང་ལ་མཁས་པ། གཟུགས་པོའི་འཕྲོད་བསྟེན་ལ་བསྐོར་ལ་མཁས་པ་དེ་འདྲ་ལ་སྐད་ཆ་ཞིབ་མོ་ཞིག་དྲིས་གནང་དེ་ལན་རེ་སྤྲོད་རྒྱུ་མཁྱེན་ལགས།
ཁྲ་གླག་སྤྱང་གསུམ་ལགས། ཤ་ཟོས་པ་ཡིན་ན་རྒྱགས་པ་ཆགས་མིན་དེའི་སྐོར་ནི་ད་རེབས་གལ་ཆེན་པོ་ཞིག་མ་རེད་ལགས། གལ་ཆེན་པོ་དེ་ནི་ངས་སྐུ་ཉིད་ལ་རེ་བ་ཞིག་རྒྱགས། སྐུ་ཉིད་ཀྱི་ཉེ་ཁོར་དུ་ངོ་ཤེས་དང་སྤུན་ཟླ། ཡང་ན་དགེ་རྒན་དང་ཕ་མ། བོད་ཀྱི་སྨན་གཞུང་ལ་མཁས་པ། གཟུགས་པོའི་འཕྲོད་བསྟེན་ལ་མཁས་པ། ལུས་ཁམས་གསོ་སྐྱོང་ལ་མཁས་པ་དེ་འདྲ་ཡོད་ན་བཀའ་འདྲི་ཞིབ་མོ་ཞིག་གནང་རྒྱུ་མ་བརྗེད་ཅིག་ལགས།
སྐར་ཁྲི་བཙན་ལགས། དེ་ཁུལ་དུ་སྐད་ཆ་རེ་གསལ་བོ་ཞིག་འདྲི་ས་ཡོད་ན་འདྲི་རོགས་ཞུ་ལགས།
རྒྱལ་ཐང་ཡོན་ཏན་ལགས། ཡོད་རྒྱུ་མ་རེད་བསམ་སོང་ཟེར་བ་ཙམ་གྱིས་ཁག་པོ་འདུག་ལགས། དེ་ཡིན་དུས་སྐུ་ཉིད་བཞུགས་སའི་ཉེ་ཁོར་དུ་འདིའི་སྐོར་ལ་རྒྱུས་མངའ་ཡོད་མཁན་འདྲ་ཡོད་ན་ཡིན་་གཅིག་མིན་གཅིག་ལན་རེ་སྤྲོད་རོགས་ཞུ་ལགས།
ཁ་བ་སྐམ་པོ་ལགས། འདིའི་སྐབས་ཀྱི་བརྗོད་གཞི་གཙོ་བོ་ནི་བྱིས་པ་ཞིག་གསོ་སྐྱོང་གི་བརྒྱུད་རིམ་ནང་དུ་ཤའི་རིགས་དང་བྲལ་ནས་འཚར་ལོངས་བྱུང་བ་ཡིན་ན། གཟུགས་པོའི་འཕྲོད་བསྟེན་དང་གཟུགས་པོའི་ནུས་པ་ལ་གནོད་ཀྱི་ཡོད་མེད་དེ་ཡིན་དུས། དེ་ཁུལ་དུ་སྐད་ཆ་རེ་འདྲི་ས་ཡོད་ན་གསལ་བོ་ཞིག་དྲིས་དེ་ལན་རེ་འཁུར་ནས་ཕེབས་རོགས་ལགས།
ངའི་བལྟས་ན་རྒྱག་པ་ཆགས་མི་ཆགས་ཏེ་མིའི་རང་གཤིས་ཞིག་དང་གཙོ་བོ་
འཕྲོད་བརྟེན་ལ་རག་ལས་ཡོད།
ཤ་ཆང་རིགས་ལ་སྤྱད་མི་དགོས་ན་ཡག་བ་ལས་བདེ་ཐང་སོགས་ལ་གནོད་ཀྱི་ཡོད་རྒྱུ་མ་རེད།
བཀླགས་ཟིན
ཁ་ཤས་ཀྱིས་ཤ་ཟོས་ན་རྒྱགས་པ་ཆགས་ཟེར། འོ་ན། མཚོ་གླང་དང༌། རྒྱ་ཕག བ་གླང་དེ་ཚོས་་ཤ་ཟོས་པ་ཡིན་ནམ། རྒྱགས་པ་ཆགས་ཆེ་ཤོས་རེད། ཁ་ཤས་ཀྱིས་ཤ་ཟོས་ན་སྟོབས་རྩལ་ཆེ་ཟེར། གླང་ཆེན་སྟོབས་ཆེ་ལ་སྤྲེའུ་རྩལ་ཆེ། དེ་ཚོས་ཤ་མི་ཟ། ཤ་ཟོས་ན་སྟོབས་རྩལ་ཆུང་དུ་འགྲོ་བ་ཡང་མིན་ཏེ། སྟག་སེང་བཞིན། འོན་ཀྱང་ཟས་ལ་རིགས་གཅིག་རྐང་འཛིན་མིན་པར་ཚང་མ་ཚོད་རན་པ་ཟ་དགོས་པ་འདྲ། སྲོག་ཆགས་གཞན་ཡིན་ན། སྲོག་ཆགས་རིགས་རེ་རེས་ཁ་ཟས་ཀྱང་གཅིག་མཚུངས་འདྲ་པོ་རེད། མི་ཟེར་བ་དེས་ཚང་མ་ཟོས་པས་གཞན་དང་མ་འདྲ་བའི་རིག་པ་དང༌། སྨྲ་ཤེས་པ་འདི་བྱུང་བ་རེད་ཟེར། ཕལ་ཆེར་མིན་འགྲོ།
ཕ་ཡུལ་དུ་ཡོད་དུས་ངའི་ཆོས་གྲོགས་ཤིག་སྐྱེས་ནས་བཟུང་སྟེ་ཤ་མི་བཟའ་ཞིང་། འདི་གར་ཡང་ངའི་གྲོགས་པོ་ཞིག་གི་བཟའ་ཟླས་བྱིས་པའི་དུས་ནས་ཤ་མི་བཟའ་ཡང་གཟུགས་གཞིའི་འཕྲོད་བསྟེན་གྱི་ཕྱོགས་སུ་གནོད་ཡོད་པའི་སྐད་ཆ་ཅང་མི་འདུག
བོད། ཤ་ཁྲག་རུས་གསུམ་ལགས།
དྲ་རྒྱ་འདིའི་ནང་སྨན་པ་དང་སྨན་ལ་མཁས་པ་འགའ་ཞིག་ཡོད་སྲིད།
ངོས་ནས་ང་རང་གིས་ཤེས་པ་ཚིག་རེ་ཟུང་ཞིག་ཞུ་འདོད་བྱུང་།
ཤ་མ་ཟོས་ན་གཟུགས་པོ་སྐྱོ་པོ་ཆགས་ཀྱི་རེད་ཟེར་བ་སོགས་ནི། གཏན་གཏན་རྨོངས་འཆར་རེད་ལགས།
ཤ་མ་ཟོས་ན་མི་ལོ་བཅུ་ཚེ་བསྲིང་བར་བྱེད་ཅེས་ནུབ་ཕྱོགས་པའི་སྨན་པ་དག་གིས་ཤོད་ཀྱི་ཡོད།
འོན་ཀྱང་བོད་མིས་ཚོས་ཤ་མ་ཟོས་ན་གཟུགས་པོ་སྐྱོ་པོ་ཆགས་ཀྱི་རེད་ཟེར་བ་དེ་ལའང་གོ་རྒྱུ་མེད་པ་མ་རེད། གང་ལགས་ཤེ་ན། ཤའི་བཅུད་དང་འདྲ་བའི་བཅུད་Proteinཟེར་བ་དེ་མ་རག་ན་གཟུགས་པོ་སྐྱོ་པོ་གཏན་གཏན་ཆགས་ཀྱི་རེད།
Protein པོ་རོ་ཊིན་ཟེར་བའི་བཅུད་འདི་ནི། ཏོ་ཕུ། སྲན་མ་དང་། ལྡ་ལི། གྲོ། ནས། རྒྱ་གར་གྱི་ལྡ་ལི་སྔོན་པོ། འབྲུ་རིགས་སོགས་ནང་ཤུགས་ཆེན་པོ་ཡོད།
ངས་ཀྱང་སྔོན་མ་གྲྭ་པ་ཡིན་དུས་ནས། ཤ་སྤོང་རྩིས་བྱས་ཀྱང་ལམ་ལྷོངས་མ་བྱུང་། འོན་ཀྱང་། ༢༠༠༦ཟླ་བ་༧ཚེས་༦སྟེ། གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ནས་བཟུང་། ལོ་གསུམ་ལྷག་རིང་ཤ་སྤངས་ཀྱང་། སེམས་པ་གང་ལས་སྐྱིད་པ་དང་། གཟུགས་པོ་གང་ལས་ཐང་བ་བྱུང་ལགས།
གཡང་མདའ་ལགས། ཐུགས་རྗེ་ཆེ་ལགས། སྐུ་ཉིད་ལ་ཡང་ཟིན་བྲིས་འདིའི་སྐོར་ལ་ངོ་ཤེས་སོགས་ཡོད་པ་ཡིན་ན། ལན་རེ་གནང་རྒྱུ་མ་བརྗེད་ཅིག་ལགས།
ཤ་ཁྲག་ལགས་ཡིག་ནོར་ཁ་ཤས་འདུག་དག་བཅོས་བྱེད་རྒྱུ་ཡིན་དགོངས་འགལ་མེད་པར་ཞུ། གོམ་སྲོལ། གོམས་སྲོལ། འཕྲོད་བརྟེན། འཕྲོད་བསྟེན། སྨན་གྱི་བསྐོར། སྨན་གྱི་སྐོར། སྔོ་ཚང་། སྔོ་ཚལ་ཞེས་འབྲི་རོགས་མཁྱེན།
སྤུན་ཟླ་ཟ་ལེ་རྒྱལ་ལགས། ད་རེབས་ཀྱི་འདི་ནི་གནད་དོན་ཆེན་པོ་ཞིག་ཡིན་ལགས། དེ་ཁུལ་ན་དངོས་ནས་སྐུ་ཉིད་ལ་སྨན་གྱི་བསྐོར་དང་ལུས་ཁམས་གསོ་སྐྱོང་ཐད་དུ་བཀའ་འདྲི་ཞུ་ས་རེད་ཡོད་ན་བཀའ་འདྲི་རེ་བྱེད་རྒྱུ་མ་བརྗེད་ཅིག་ལགས། ཨོ་རེད། ཕ་མ་གཉིས་ཀྱི་ནང་ནས་གཅིག་གི་ཤ་མི་ཟ་བ་དང་གཅིག་ཤོས་དེས་ཤ་ཟ་བཞིན་ཡོད་ན་ག་འདྲ་ཡིན་མིན་སོགས་འདྲི་རོགས་ཞུ། རེ་བ་བཅོལ་ནས་ཡིན།
ངས་སྨན་ལ་ཅི་ཡང་མི་ཤེས་མོད་གོ་ཐོས་ལྟར་ན་ཕ་མ་ཤ་ཟན་ཞིག་ཡིན་ན་ཕྲུ་གུ་དེའི་ལུས་ཁམས་ན་ཤའི་རིགས་ཀྱི་འཚོ་བཅུད་ལེན་པའི་འབུ་ཕྲ་མོ་ཞིག་ཡོད་པར་བཤད། དེས་ཕྲུ་གུའི་འཚར་ལོངས་ལ་གནོད་མིན་མི་ཤེས་མོད། ཕལ་ཆེར་ཕྲུ་གུ་དེར་ཤ་སྐྱོ་ལང་གི་ཡོད་ས་རེད།