འཆི་བ་ལ་བྲོས་ཀྱང་གཏོང་མཁན་དེ་མིན
འཆི་བ་ལ་འཇིགས་ཀྱང་སྙིང་རྗེ་བྱེད་མི་སྲིད
འཆི་བ་ལ་དགའ་ཡང་བསུ་དུས་ཀྱི་ནམ་ཟླ་ཚུར་གསུང་མཁན་མིན
འཆི་བ་ལ་སྡུག་ཀྱང་སྐྱོ་རོགས་བྱེད་ཤེས་མཁན་གྱི་ཁ་གྲགས་མཁན་ཞིག་མིན
འཆི་བ་ཨ་མའི་མངལ་དུ་ཡོད་དུས་ཀྱང་ཡོང་སྲིད་པ་ཡིན
འཆི་བ་མི་སྐད་བཤད་མི་ཤེས་གོང་དུ་ཡང་ཡོང་སྲིད་པ་ཡིན
འཆི་བ་དར་མའི་སྒང་ན་ཡོད་དུས་ཀྱང་ཡོང་སྲིད་པ་ཡིན
འཆི་བ་རྒན་དབུ་དཀར་ཡིན་དུས་ཀྱང་སླེབས་སྲིད་པ་ཡིན
འཆི་བ་བྱིས་པའི་རྩེད་ཐང་ན་ཡོད
འཆི་བ་མཛེས་མའི་འཇོར་སྒེག་ཁྲོད་ན་ཡོད
འཆི་བ་དར་མའི་སྟོབས་ཤུགས་ཀྱི་གསེང་ན་ཡོད
འཆི་བ་རྒས་པོ་དག་གི་གཉེར་མའི་གསུབ་དུ་སྤས་ཡོད
འཆི་བ་བན་ཆུང་དག་གི་ཆོས་སྤྱོད་ཀློག་སྐབས་སུ་གྲགས་བཞིན་ཡོད
འཆི་བ་སློབ་དཔོན་དག་གི་གདམ་བསྔགས་གནང་དུས་སུ་ཡོད
འཆི་བ་བླ་མའི་བྱིན་རླབས་བསྩོལ་དུས་སུ་ཡོད
འཆི་བ་ཕ་མས་བྱམས་བརྩེ་ཡི་དྲོད་ཁོལ་སྟེར་སྐབས་སུ་ཡོད
འཆི་བ་ནམ་ཡོང་ཆ་མེད་ཡིན
ཉལ་ས་དྲོན་མོའི་ནང་དུ་ཡོད
བཅར་བརྡུང་སྐོར་གསུམ་ཁྲོད་ན་ཡོད
ནད་རིགས་གདོན་འགག་ཁྲོད་དུ་ཡོད
བདེ་ཐང་སྐྱིད་པོའི་ཁྲོད་དུ་ཡོད
སྐད་ངག་སྙན་དུས་ཀྱི་གསེང་དུ་ཡོད
ལུས་རྩལ་རྩེད་ཐང་ན་ཡོད
དུས་གསུམ་གང་རུང་ན་ཡོད
ཉིན་མཚན་དུས་དྲུག་ན་ཡོད
འོན་ཀྱང་ འཆི་བ་ལས་ལྡོག་ན་གང་ཡོད་པ་རེད
འཆི་བ་ཡོད་པ་ཤེས་ཤེས་ལ།།
དགེ་བར་མི་འབལ་བླུན་པོས་ལུགས།།
ངོ་མ་དྲ་གྲོགས་ཤ་ཁྲག་འདིས་རྒྱུད་ལ་ཅིག་སྐྱེས་འགྲོ་འདུག་ཧྲ་གི་ཡ།
གྲོགས་ལྷ་ཆབ་ཀྱིས་དུས་ནམ་ཞིག་ལ་རང་ཉིད་འཆི་རྒྱུ་ཡོད་པ་ཧ་གོ་འདུག་ཡག་པོ་རེད་རྗེས་སུ་ཡི་རང་ཡོད་འདི་ལ་ནམ་རྒྱུན་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད།
བཀླགས་ཡོད
གླུ་མའི་སྐད་ཆ་དེ་གོ་བས་ངའི་མིག་ཆུ་ཤོར་བ་རེད་མ་གཏོགས། རིག་འཛིན་སྒྲོལ་མའི་སྐད་ཆ་དེ་ཚོའི་ང་ལ་མིག་ཆུ་བཏང་ཡོད་ནི་མ་རེད། གོ་བརྡ་མ་འཕྲོད་པ་ཡིན་ས་རེད།
གཞན་དག་ཆ་མང་པོ་ནོར་འདུག་སྟེ་བཅོས་ཁོམ་མི་འདུག་ཡ།
འཇམ་མགོན་ལགས། ངས་ཀྱང་དེ་འདྲ་ཞིག་ཡིན་སྣང་ཤར་གྱི་འདུག་ཀྱང་། ཡོད་ཚད་རྟོགས་བཟོའི་འདྲ་བརྙན་ཞིག་རེད་ལགས།
བོད། ཤ་ཁྲག་རུས་གསུམ་ལགས། འཆི་བ་ཡོད་པས་འཆི་བདག་ཟེར་བ་དེའང་ཁྱེད་ཀྱི་ཟིན་བྲིས་མདུན་ངོས་ན་བཞག་ཡོད་པའི་དཔར་དེ་འདྲ་ཞིག་ལོས་ཡིན་བསམ་པ་འདུག
གཅན་བཟོད་རྒྱམ་ལགས། ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ་ལགས། སྔ་མོ་ནས་ཀློག་ཟིན་པ་ཡིན། ཁྱེད་རང་ལ་མིག་ཆུ་གཏོང་མཁན་དེ་ནི་གླུ་མ་རིག་འཛིན་སྒྲོལ་མའི་སྐད་ཆ་དེ་དག་ཡིན་ན་དངོས་ནས་ཡག་གི ང་རང་ལ་ནི་མིག་ཆུ་ཤོར་མ་སོང་། ཤ་གསེང་ནས་འདར་སིག་ཞིག་བརྒྱབ་པ་མ་གཏོགས། དེ་ནི་རུས་གསེང་གི་ཤ་ཞེན་དེའི་རྐྱེན་གྱིས་ཡིན་པ་འདྲ་ལགས།
ཨོ་ཡ་ད་དུས་བབ་ཚང་གི་བོན་པོ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་དང་ཧི་གཟུགས་ཟིན་བྲིས་ཚང་གི་དྲ་ཐག་འདི་ལ་གཅིག་གཟིགས་དང་། བོད་ཀྱི་གླུ་མ་རིག་འཛིན་སྒྲོལ་མའི་སེམས་གཏམ་མིག་ཆུ་ཤོར་བ་ཞིག་འདུག་ཡ།
ཧི་གཟུགས་ཟིན་བྲིས། http://www.tibettl.com/blog/u/yangjianma/archives/2009/22919.html
http://www.tibettl.com/blog/u/yangjianma/archives/2009/22920.html
བོན་འཐུས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་དྲ་ཐག
https://tibettimes.net/wordpress/blogs.php?id=66&post_id=6162
སྤོབས་པ་མཐའ་ཡས་ལགས། དེ་རིང་སླར་ཡང་བདག་གི་ཟིན་བྲིས་ནང་དུ་སྐུ་ཉིད་མཐོང་བ་འདི་ནི་དངོས་ནས་དགའ་བཞིན་སྤྲོ་བཞིན་ཡོད་ལ། སྐུ་ཉིད་ཀྱིས་གསུངས་པ་དེར་གུས་མདུད་ཀྱང་ཡོད་ལགས།
སྐར་ཁྲི་བཙན་ལགས། སྐུ་ཉིད་ཀྱིས་གསུངས་པ་དེ་དག་གི་ཁྲོད་དུ་ལེན་རྒྱུ་དང་གོ་རྒྱུ་གཉིས་ཀ་འདུག་ལགས། སྐབས་རེར་བོད་པ་ཟེར་བ་འདི་ཚང་ལ་རིག་གཞུང་ཞིག་ཡོད་པ་དེའི་བག་ཆགས་ཟེར་ན་འདྲ། མི་འདོད་ཀྱང་མིག་ལམ་དུ་འཆི་སྟངས་ཀྱང་འདྲ་མིན་ཤར་ནས་འོང་གི་འདུག་ལགས།
རྒྱལ་ཐང་ཡོན་ཏན་ལགས། མི་རྟག་པ་ཟེར་བ་དེ་ནི་ཁ་ནས་བཤད་བཞིན་ཡོད་པ་ལྟར། ལག་ལེན་ཐོག་ལ་ཡང་འབབ་ཐུབ་མིན་མི་ཤེས་ཀྱང་ལྡོག་དུ་མེད་པ་ཞིག་ཡིན་པ་ནི་དངོས་ཡོད་ཡིན་དུས་སྐུ་ཉིད་ཀྱིས་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད་ལགས།
ལྷ་ཆབ་སྤྱིན་པ་ལགས། འདུས་བྱས་ཐམས་ཅད་མི་རྟག་པ། བསགས་བཅས་ཐམས་ཅད་སྡུག་བསྔལ་བ་ཟེར་ནས་འུ་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་སྔོན་དུ་གསུངས་དེ་འུ་ཅག་གིས་ད་ལྟའི་འཆར་ཡང་། རང་ངོས་དེ་ལ་འགྲེལ་བཤད་ཅིག་རྒྱག་ཤེས་ཀྱི་མེད་པ་དེ་ནི་དངོས་ནས་སེམས་པ་སྐྱོ་བ་ཞིག་མ་རེད་དམ་ལགས།
འབའ་བ་སྐལ་བཟང་འཕྲིན་ལས་ལགས། སྐྱེ་འཆི་ལ་རང་དབང་མེད་ས་ནས། རྟེན་འབྱུང་གི་གོ་རིམ་འདི་ལ་བསམ་བློ་རེ་འཁོར་དུས། བགད་མོ་ཤོར་གྱི་འདུག་གམ་ལགས།
གཅན་བཟོད་རྒྱམ་ལགས། སྐུ་ཉིད་ལ་འཆི་བ་ཟེར་དུས་བསམ་བློ་གཏོང་འདོད་མེད་པ་ཡིན་ནམ་ཅི་ལགས། དེ་མིན། ནག་འཐོམ་མེར་འགྲོ་བ་ལས་གང་ཡང་ཤེས་ན་མི་འདོད་པའི་གྲངས་སུ་འགྲོ་འདོད་ཡོད་པ་ཡིན་ནམ་ལགས།
གནམ་ལྕགས་ལགས། འདིར་བརྡ་ལན་བཞག་པ་བཀའ་དྲིན་ཆེ། ངས་སྔ་ས་ནས་ཀློག་ཟིན་པ་མ་ཟད། འཕྲིན་ལན་ཞིག་ཀྱང་སྐུར་ཡོད་ལགས།
གྲོགས་པོ།ངས་ཁྱོད་ལ་གློག་འཕྲིན་བཏང་ཟིན།
ད་ངས་མཆན་བུ་འདྲ་འདེབས་ཤེས་མ་སོང་ཡ།
འཆི་བ་ལ་མཁང་ར་མ་བྱེད། འཆི་བ་ནི་ང་ཚོ་ལ་དྲིན་ཆེན་པོ་ཡིན།འཆིན་བ་མེ་ན་སྐྱེ་བ་ནི་མེད་།སྐྐྱེ་བ་མེད་ན་འཇིག་རྟེན་གྱི་ཁ་མདོག་གང་ན་ཡོདཧཧཧཧཧཧཧཧཧཧཧཧ
བྱས་ཙང་།མི་རྟག་སྟེ་བྱས་པ་ཡིན་པའི་ཕྱིར་ཟེར་དགོས་ཐུག་པ་རེད།
འཆི་བ་མི་རྟག་ལ་གོ་བ་ལོན་ན་འཕྲལ་ཕུགས་ཀུན་ལ་དགེ་ཕན་ཆེ།
མི་རྟག་པ་རྐྱང་རྐྱང་བཤད་འདུག་ལས་མ་ཤི་བར་དུ་ལས་དོན་ཅི་ཞིག་ལ་འབད་དགོས་བསམ་བློ་གཏོང་་ཕྲིས་དང་། ཆེན་པོ་ཞིག་གིས་ཆེ་ས་ཞིག་ནས་ཅིག་བྱ་ཡོང་ན་ཆུང་ཆུང་ཞིག་གིས་ཀྱང་ཆུང་ས་ནས་བོད་སྤྱི་བར་ཕན་པ་ཆུ་ཐིགས་ཙམ་འགྲུབ་ཀྱི་རེད་ད། ཤི་རྒྱུ་བོ་དུ་མོ་ཞིག་བྲེལ་ནས་ཅི་བྱེད།
འདུལ་བ་ལུང་ལས། ངའི་འཁོར་བུམ་པ་བཟང་པོ་ལྟ་བུ། དགེ་སློང་ཤ་རའི་བུ་དང། མོའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་ཡིན་ནོ། ཞེས་གསུངས་འདུག་ག