མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་དབང་བའི་མི་དེ་རང་ཉིད་བྱེད་འདོད་ཀྱང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp


དེ་དུས་ནས་བཟུང་   སུ་ཞིག་གིས་འཁྲིད་པ་མི་ཤེས
གང་ལྟར ཕྱིར་ཡོང་མེད་པའི་མི་ཞིག་ལ་ང་རང་གི་སེམས་པ་བྱིན
མི་མཐོང་ས་ཞིག་ནས མི་གཉོབ་ས་ཞིག་ནས
སུས་ཀྱང་རྐང་རྗེས་སྤར་ཡོད་མེད་ལ་ཉམས་མ་བཞག
ལོ་ངོ་མང་བོ་མང་བོ་ཞིག་བུད་ཐལ
ད་དུང་ རྒྱང་རིང་རྒྱང་རིང་གི་ཕྱོགས་ཤིག་ལ་བལྟས

མིག་གིས་རིག་ས་ཞིག་ནས ཁྱེད་རང་ག་ལེར་ཚུར་འོང་བ་དེ་ནོར་མེད་ཀྱང་
མཐོང་མཁན་གྱི་ང་རང་གི་སེམས་ནང་དུ
གཟུགས་རིས་ཤིག་དེ་ལྟར་བཞེངས་རྗེས
ད་གཟོད་ཁྱེད་རང་བདག་གི་ཉེ་ས་ནས འདུག་སྟངས་གཞན་ཞིག་འདུག་ལ
བཤད་སྟངས་ཀྱང་དེ་བས་ཀྱང་མ་འདྲ་བ་ཞིག
གོམ་པ་རེ་རེ་བཞིན་སྤོ་སྟངས་ལ་ཁྱད་དུ་འཕགས་པའི་སྣང་ཚུལ་ཞིག
ལུས་ཕྱི་ནང་གི་བར་དོའི་ཁམས་ནས
ང་ཁོ་ནའི་མྱོང་བྱའི་རེག་མྱོང་གི་ཚོར་འདུ་ཟུར་གསུམ་རེད

ཁྱེད་ཀྱི་བྲང་གཞུང་ལ་ལག་པ་ཞིག་གང་ནས་འཇོག་འཕོད
དེ་ཡི་སྙིང་སྟོབས་ཀྱང་གང་ན་ཡོད
ཐ་ན་ཉེ་ས་ནས་ལག་འགོར་ཡང་འཇུ་མ་འཕོད
སྐད་ཆ་བཤད་པའི་དུས་ཡུན་རེ་རེ་ནི གློག་དམར་འཁྱུགས་པའི་ངང་ཚུལ་ལྟར
དོན་དངོས་སུ་གནམ་འོག་དེ་ནི ལས་སླ་བོ་ཞིག་གཏན་ནས་མེད་ཚོད་གོ་ཡང་
དངོས་སུ་རང་ཐོག་གི་སྒྲུང་ཞིག་ལ་འགྱུར་འགྲོ་བར་ཡིད་དུ་ཡང་ཤར་མེད

ངས་ཁྱེད་ལ་མེ་ཏོག་རྐང་གཅིག་སྟེར་འདོད་ཀྱི་མདུན་པ་ཆེན་མོས
ང་རང་ག་ལེར་ཁྱེད་ཀྱི་སྒོ་འགྲམ་དུ་ཡང་ཡང་བཅར་ན་ཡང་
ཁྱེད་ཀྱི་ཁོར་ཡུག་གང་སར   ཁྱེད་ཉིད་སྲུང་མཁན་གྱི་སྲུང་དམག་མོད་པོ་ཞིག
གནམ་ས་གཉིས་ལས་འབུར་ནས་འོང་ དེ་ཡང་ཁྱེད་ལ་མཚོན་ན་བདེ་ན་ཐང་
ངས་དེ་དག་རིག་ཐང་རེར   སྙིང་ཆུང་དྲགས་དུ་ལྡིང་
སེམས་པ་འདར་སུག་རྒྱགས དེ་ལྟར
ཁྱེད་རང་བཞུད་རྗེས་ཀྱི་ལོ་ཟླ་དེ་དག་གི་ཁ་གྲངས
ངས་ནམ་ཡང་བརྩི་མ་འཕོད    གཅིག་བྱས་ན
དེ་ནས་བཟུང་ རང་ལ་དབང་བའི་མི་ཞིག་རང་ཉིད་ཡིན་ན་སྙམ་མོད
ཕལ་ཆེར་་་་་་་་

མཚན་མོ་རེ་རེ། ང་དང་འདྲ་བའི་གནམ་འོག་གི་མི་མི་ཉུང་བ་ཞིག་གིས་གང་ཞིག་འཚོལ་བཞིན་ཡོད་ཤེས་ཆེ་ལ། འཚོལ་སྟངས་དེ་ལ་ཡང་གནམ་འོག་གི་འཚོ་བ་བསྐྱེལ་སྟངས་དང་མྱོང་བ་རྙེད་སྟངས་སོགས་ལ་ཁྱད་པར་ཏན་ཏན་ཡོད་ངེས་ཡིན། དེ་དག་གི་ཁྲོད་ནས་འུ་ཅག་གིས་གང་ཞིག་བཞེངས་ཐུབ་པར་རང་རང་ལ་ཡིད་ཆེས་བྱེད་པ་ནས་འགོ་བརྩམས་དེ་ཉེ་སའི་ཁོར་ཡུག་ཞིག་དུ་གཅིག་དུ་སྤུངས་པའི་གྲུབ་འབྲས་ཤིག་ཀྱང་རྙེད་ཐུབ་བྱེད་ན་འདོད་པས་ཡིན། ༩།༩།༡༠ཕྱི་གླིང་དུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ཉིད་ནི་བོད་ཞེན་ལ་རྒྱའི་ཕྱུག།
    བདེན་དྲང་གཏམ་གྱི་བོད་མིའི་སྙིང་སྟོབས་གླེང་།།
    ལས་ཀྱི་འདུ་རྒོད་ཆེ་བའི་བར་གསེང་ནས།།
    རིགས་ཀྱི་དུངས་པས་དྲངས་དེ་འདིར་ཕེབས་པ།།
    སྤུན་ཟླའི་འདུ་ཤེས་ཟབ་པ་ཅིས་མ་ཡིན།།

    Reply
  2. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་ཁྱེད་ཀྱི་གསུང་དེ་ཅིས་ཀྱང་བདེན།།
    ལས་དབང་ཞིག་གི་བོད་མིའི་ལུས་བླངས་ཀྱང་།།
    གཅེན་པོ་བདག་ནི་རིགས་གཞུང་ནོར་གྱི་དབུལ།།
    རིགས་ཞེན་ལ་རྒྱ་བྲལ་བས་ཕྱུགས་དང་མཚུངས།།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས།
    ང་ཚོ་བོད་རིགས་ཡིན་པའི་འགན་འཁྲི་ལ།།
    ཁྱེད་དང་ང་ཡི་ས་མཚམས་མེད་པ་དང་།།
    དེ་ལ་གུས་བརྩི་ཡོད་མཁན་བོད་རིགས་ཡོངས།།
    ལྡོག་རྩ་གཅིག་དུ་སྒྲིལ་བའི་ལས་འགན་ཡང་།།
    ང་དང་བཅས་པའི་བོད་མི་ཡོངས་ལ་ཡོད།།
    ཉིད་ཀྱང་དེ་ཡི་ཁྲོད་ཀྱི་བོད་མི་དེ།།
    རིགས་ཞེན་ལ་རྒྱའི་ཕྱུགས་པ་ཡིད་ཆེས་ཡོད།།

    Reply
  4. tsekyis says:
    ལོ་ 16 སྔོན།

    ཁོམ་པ་བྱུང་ཚད་བོད་ཀྱི་དོན་དུ་བཏང་།།
    བསམ་པ་བྱུང་ཚད་མི་རིགས་བདེ་སྡུག་གླེང་།།
    དུས་དང་རྣམས་ཀུན་སྤྱི་པའི་དོན་ལ་འབད།།
    ཤ་ཁྲག་གྲོགས་ཁྱེད་བརླབས་ཆེན་མི་བུ་ཞིག།

    ངོ་བསྟོད་མ་ཡིན་དྲང་པོའི་སེམས་གཏམ་ཡིན།།
    གངས་ཕྲུག་གཞོན་སྐྱེས་ཕྱི་གླིང་འགྲིམས་པའི་ནང་།།
    ལ་རྒྱའི་བ་དན་འཕྱར་མཁན་མང་གྱུར་ཀྱང་།།
    སྐད་དང་ཡི་གེར་ཞེན་པ་ཁྱེད་ཉིད་ཙམ།།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    གཅེས་པའི་གྲོགས་པོ་ལྷ་ཆབ་ལགས། སྐུ་ཉིད་འདི་ལྟར་ཕེབས་ནས། སྐད་ཆ་དེ་དག་ཡང་སྔར་བཞིན་ལྗིད་ཁོག་དང་ལྡན་པའི་ངང་གསུངས་དེ། སླར་ཡང་བདག་ལ་སྤོབས་པ་རེ་བསྐྲུན་ནས་ཕེབས་པ་དེར་སེམས་ཁོང་རུས་པའི་གཏིང་ནས་དགའ་བཞིན་ཡོད། སྤྲོ་བཞིན་ཡོད། ཡང་ཡང་བལྟས་དེ་འདུག ཕེབས་ས་ནས་གང་དྲན་མ་གསང་བར་གསུང་རོགས་ཞུ། བཟང་ངན་གང་ཡིན་གཉིས་ཀ་ལ་མ་འཛེམ་པར་་

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ལྷོད་མེད་དུ་ཕེབས་ནས
    སེམས་པ་རེ་བརླན་ནས
    སྙིང་གཏམ་རེ་བཞུར་ཞོར
    ཐག་རིང་གི་ཡུལ་ཞིག་ན
    སྣང་བ་རླུང་ཁ་འདར་བའི་བུ་ང་ལ
    སྤུན་གྲོགས་ཁྱེད་རང་ལྟ་བུ་ཞིག
    རྒྱུན་ལྡན་གྱི་མགྲོན་པར་ཕེབས་པ་དགའ་ནས་ཡོད

    Reply
  7. lhachapjinpa says:
    ལོ་ 16 སྔོན།

    ལོ་དེ་ནི་ཁྱེད་ལ་དངོས་གནས་ཁག་མེད་དེ། ཁྱེད་ཀྱི་རྨི་ལམ་དང་དེའི་འགྲེལ་བ་གསར་དུ་རྩོམ་པའི་སྒང་ཡིན་པས་སོ།།

    ཤ་ཁྲག་ལགས། སྙན་ངག་འདི་ཞིབ་ཏུ་བཀླགས་ནས་བུད་སོང་། ཁྱེད་ཀྱི་ཡར་རྒྱས་དང་བརྩོན་འགྲུས་ལ་ཀུན་ནས་བསྔགས་སོ།།

    Reply
  8. tsekyis says:
    ལོ་ 16 སྔོན།

    སྐབས་དེ་དུས་ཁྱེད་ལ་ལེན་ཁག་མེད།
    ལོ་དེ་ནི་གནམ་ནས་ཐོག་ཆེན་ལྷུང་ཞིང་ས་ནས་ཆུ་ལོག་རྒྱུགས།
    ལོ་ལེགས་ཀྱི་འབྲས་བུ་དབེན་ཞིང་།
    ལྷིང་འཇག་གི་བདེ་སྐྱིད་བྲལ།
    ཁྱེད་རང་ལ་དབང་བའི་རང་ལུས་དང་།
    ཁྱེདརང་ལ་དབང་པའི་ཐོབ་ཐང་ཆེད།
    བགྲོད་དཀའ་བའི་ལམ་བུ་དང་།
    རོལ་དཀའ་བའི་འཚོ་བ་ཞིག་རོལ་འགོ་བརྩམས།
    སྐབས་དེ་དུས་།
    དུས་དེ་ཉིན།
    བྲལ་དཀའ་བའི་སེམས་ནད།
    བཞུར་མི་ཚར་བའི་མིག་ཆུ།
    བརྗོད་མི་ཚར་བའི་སྙིང་གཏམ།
    ཡ།
    བདེ་སྐྱིད་ཀྱི་ཞིང་ས་ཞིག་ནས།
    མི་བུའི་ཐོབ་ཐང་བརྩལ་ནས།
    དྲོད་སྐྱིད་བྲལ་བའི།
    ཕ་ས།
    མ་ཡུམ།
    རིགས་མཐུན་གྱི་ཕུ་ནུའི་ཡུལ་གྲུ
    རང་ཉིད་ཀྱི་ལྟེ་ཁྲག་འཕོས་ས།
    འཛམ་གླིང་གི་རྩེ་མོ།
    བོད།
    གངས་ཅན་དུ།
    ཕྱིར་ཕེབས་དང་།
    སླར་བྱོན་གྱི་དམ་བཅའ་ལྗིད་མོ་ཞིག
    འུ་གཉིས་ཀྱིས།
    ནམ་ཡང་ཟུབ་པར་དཀའ་བའི་ཡིད་ཀྱི་རི་མོར་བཀོད་ཟིན།
    ཡིན་ན་ཡང་།
    མི་ལོ་དུ་མའི་འཚོ་བ་སྐད་ཅིག་མའི་རང་བཞིན།
    ལག་འདོགས་འཁོར་ལོའི་སྐར་ཆ་བཞིན།
    བཞུད་ཟིན་པའི་ལོ་ཟླ་དེ་དག་ནང་།
    བསམ་དཀའ་བ་དང་བརྗོད་དཀའ་བ།
    བསམ་ན་སྙིང་ཁམས་ཕར་ཞིང་།
    བརྗོད་ན་སྐད་ངག་འདར་བའི་རང་བཞིན།
    ཁྱེད་ཀྱི་ཁོ་མོའི་སྙིང་ཁམས་དེ་དཀྲུགས་སོང་།
    ཁྱེད་ཀྱི་ཁོ་མོའི་རེ་བ་དེ་དོར་སོང་།
    བྱེས་སོང་གི་དཔའ་རྒོད།
    གླིང་གེ་སར་བདུད་ཡུལ་དུ་ཕྱིན་པ་བཞིན།
    ཨ་སྟག་གིས་བསླུས་པ་བཞིན།
    གོ་མེད་ཚོར་མེད་དུ།
    བགྲང་བྱ་དུ་མ་ཞིག
    བསམ་མེད་གྲགས་མེད་དུ།
    རྒྱ་མཚོར་རྡོ་འཕངས་བཞིན།
    གཞིས་ཀྱི་འཚོ་བ།
    ཧོར་གླིང་གི་སྟོད་ཆ་འདྲ།
    རེ་སྒུག་གི་འབྲུག་མོ་བདག
    ལང་ཚོའི་མེ་ཏོག
    བསད་ཀྱི་བཅོམ།
    སེར་བས་བརྡུངས།
    འུ་གཉིས་ཀྱི་དམ་བཅའི་རི་མོ་དེ།
    མ་ཟུབ་ཙམ།
    བརྩེ་སེམས་ཀྱི་མཚོ་མོ་དེ།
    མ་བསྐམས་ཙམ།
    འབྱུང་འགྱུར་ལ་རེ་སྨོན།
    བོད་རེ་བ་ཅན།
    ནམ་ཡང་རེ་བ་ཅན།
    རེ་བ་ཅན་གྱི་དྲ་བ་ལས་ནམ་ཡང་མི་འདའ་བའི་དམ་བཅའ་ཞིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese