མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཚོས་ཐོབ་ཐང་ལེན་ཤེས་ན་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་བཟང་མོས་སྐད་ཆ། {ཆ་བཞག་ན་ང་ཚོ་དབུས་གཙང་ཕྱོགས་ནས་བུ་མེད་ཚོར་དེ་འདྲའི་བསམ་ཆུལ་འཛིན་པའི་གོམས་སྲོལ་མི་འདུག་པས།བུ་མེད་ཚོས་ག་རེ་བྱེད་ན་ཆོག་སྙམ་པ་ཞིག་དང་།བུ་མེད་ཚོས་ཨ་རག་དང་ཐ་མ་འཐེན་པ་སོགས་བྱས་ནའང་མི་ཁ་ལ་ཞེ་དྲག་ཡོང་གི་མ་རེད།}

ཁོ་མོས་གོང་དུ་ཉིད་ཀྱིས་དྲི་བར་ལན་འདེབས་བྱས་པའི་ཁྲོད་དུ། དེ་འདྲ་ཞིག་གསུངས་འདུག ངས་ཀྱང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ་ལ་དགའ་མཁན་ཁོ་མོ་ལྟ་བུ་མི་ཉུང་བ་ཞིག་གིས་དོན་དངོས་ཀྱི་འདྲ་མཉམ་དང་ཐོབ་ཐང་བུད་མེད་དག་གིས་ལེན་ཐུབ་ཀྱི་ཡོད་མེད་དེ་མི་གླེང་བ་དང་མི་སྒྲུབ་པར། དཔེར་ན་དཔེ་འཇག་འདི་ལྟ་བུ་ཞིག་བྱས་དེ་འོང་དུས། དངོས་ནས་ང་རང་གི་སེམས་སུ་ད་དུང་ཡང་སྐྱོ་སྣང་ཞིག་སྐྱེ་བཞིན་ཡོད། དེ་རིང་ང་རང་ཚུར་རླངས་འཁོར་ནང་དུ་ནང་དུ་ལོག་ཡོང་སྐབས། འགག་སྒོ་ཞིག་དུ་དམག་མི་ཁ་ཤས་ཤིག་འདུག་ལ། དེ་དག་གིས་རླུང་འཚུབ་དང་ཆར་ནག་གི་ཁྲོད་དུ་རང་གི་རྒྱལ་ཁབ་ཀྱི་བདེ་འཇག་ཆེད་དུ་རླངས་འཁོར་ཡོང་མཁན་དང་འགྲོ་མཁན་དག་ལ་ཞིབ་བཤེར་བྱེད་ཀྱི་འདུག དེ་ཡི་ཁྲོད་དུ་བུད་མེད་དམག་མི་ཡང་འདུག་པ་དེ་མཐོང་མ་ཐག ངས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དེ་དག་གིས་འདི་ལྟར་བུ་དང་འདྲ་མཉམ་གྱི་ལས་ཀ་དག་ལ་ཞུགས་ཐུབ་ཀྱི་ཡོད་དམ་སྙམ་པ་ཞིག་དྲན་སོང་བ་དེ་འདི་རུ་དངོས་ནས་རན་པོ་འདུག

འདི་ལྟར། བོད་ཀྱི་བུད་མེད་དག་གིས་རང་བཞིན་ལྷན་སྐྱེས་ཟེར་བ་དེ་ལ་གཏན་ནས་ངོ་རྒོལ་བྱེད་མི་ཐུབ་སའི་འགག་སྒོ་རེ་ཟུང་ཞིག་ཡོད་པ་དེ་ཤེས་པའི་ཐོག་ནས་ཐོབ་ཐང་འདྲ་མཉམ་ཟེར་བ་དེ་ནི་ཅི་ལྟར་ལེན་དགོས་ཀྱི་ཡོད་མེད་སྐོར་ལ་བསམ་གཞིགས་ཤིག་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་བུད་ཀྱི་ཐོབ་ཐང་ཟེར་ནས་ཆང་འཐུང་། ཐ་མག་འཐེན། དུག་ཁབ་བརྒྱབ། དུག་རྫས་འཐེན། འཁྲིག་སྲེད་ཀྱི་འདོད་པ་ཁོ་ནའི་རིགས་ལ་འགྲན་པ་ཡིན་ན། དེ་ནི་རིགས་རྒྱུད་ཀྱི་གྱོང་རྒུད་དང་། བུད་མེད་རང་གི་མི་ཚེའི་ནང་དུ་ཆེས་མི་ཐེག་པའི་སྡུག་བསྔལ་ཞིག་གི་སྔོན་འགྲོ་ལས་གང་ཡང་མེད་པ་ཡིན། འདི་ནི་ངས་རང་རེའི་བོད་ཀྱི་བུད་མེད་དག་གི་དཀའ་སྡུག་ལ་བསམ་བློ་ཞིབ་དུ་བཏང་ནས་ཞུས་པ་ལས། བུད་མེད་དག་ལ་བུ་དང་འདྲ་མཉམ་གྱི་ཐོབ་ཐང་མ་རེག་ན་བསམ་ནས་གཏན་ནས་བྲིས་པ་མིན་ལ། བུད་མེད་དག་ལ་ཡང་དངོས་ནས་ཐོབ་ཐང་མ་སྤྲད་པར་མེད་པར། བུད་མེད་རང་ངོས་ནས་ཐོབ་ཐང་ལེན་དུས་སུ་ནོར་མི་ཉན་པའི་སྔོན་བརྡ་ཞིག་གི་རེ་སྐུལ་ཡིན་པ། འདི་ཀློག་མཁན་བུད་མེད་སུ་ཞིག་ནས་བུད་མེད་གཅིག་ནས་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི་ཁ་བརྒྱུད་དེ། བོད་ཀྱི་བུད་མེད་ཡོངས་དང་། ནང་སྒོས་སུ་བུད་མེད་ཀྱི་ཐོབ་ཐང་དགོས་ཟེར་མཁན་དག་གི་སེམས་བསམ་པའི་གཏིང་ནས་བསམ་བློ་ཞིག་གཏོང་བར་སྐུལ་བ་ཡིན་ནོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 19

  1. sha tak ri sim says:
    ལོ་ 17 སྔོན།

    ཅོ་རི་ཉི་མ་ལགས། ཁྱེད་རང་བདེན་པ་རེད། ངས་རང་གི་ནོར་འཁྲུལ་འདི་རང་གིས་ངེས་ཟིན་པའི་ཐོག་ནས་སྤུན་ཟླ་གཞན་དག་ཡང་ནོར་འཁྲུལ་འདི་ཡིས་རྗེས་སུ་མི་འགྲོ་བར་སྐུལ་བཞིན་ཡོད་པ་ལས། ང་རང་ནག་ཉེས་དང་ནོར་འཁྲུལ་མེད་མཁན་ཞིག་ཡིན་པར་དུས་རྟག་དུ་སྒྲུབ་མྱོང་མེད་ལ། འདོད་མྱོང་ཀྱང་མེད། ཁྱེད་རང་ལྟ་བུ་ཞིག་ཡིན་ན་དངོས་ནས་ང་རང་ལྟ་བུའི་རིགས་རྒྱུད་ཀྱི་ཞབས་འདྲེན་པ་དག་ལ་སྡུག་དམོད་བྱས་པ་ཡིན་ན་འགྲིག་གི་འདུག

    Reply
  2. chokri nyima says:
    ལོ་ 17 སྔོན།

    བོད་ཀྱི་བུད་མེད་ལ་བརྩེ་སེམས་དང་དུང་ཞེན་ཡོད་ན་རང་ཉིད་ཀྱི་ལང་ཚོའི་མེ་ཏོག་དེ་རང་གི་ཤ་ཁྲག་གཅིག་པའི་བུ་མོ་ལ་མི་སྤྲད་མཁན་མི་ཁྱེད་ཡིན་ནནནནན།

    Reply
  3. chokri nyima says:
    ལོ་ 17 སྔོན།

    ཁྱེད་རང་སྐྱེས་དམན་དཀར་པོ་ཞིག་གི་མཉམ་དུ་ཆང་ས་རྒྱག་ནས་བོད་ཀྱི་བུད་མེད་ཐོབ་ཐང་གླེང་ཡ་དབང་ཆ་སུ་སྤྲད་སོང་ངམ།
    རང་ཉིད་བོད་ཀྱི་བུ་མོ་ཞིག་གི་མཉམ་དུ་ཆང་ས་རྒྱག་མཁན་ཞིག་ཡིན་ན། དངོས་གནས་རེད་ད།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    རིག་འཛིན་ལགས། ཉིད་ནས་བསམ་ན་འུ་ཅག་བོད་ཀྱི་བུད་མེད་དག་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བུད་མེད་དག་ལ་ཐོབ་ཡོད་པའི་བུད་མེད་ཀྱི་ཐོབ་ཐང་གང་དག་ཞིག་ཐོབ་ཀྱི་མེད་པར་འདོད་ཀྱི་ཡོད་དམ། དེ་ཡི་སྐོར་ལ་ཅུང་རྒྱུས་མངའ་ཡོད་པ་ཡིན་ན་གསུང་རོགས། ངས་བལྟས་པ་ཡིན་ན་གནའ་དེང་གཉིས་ལ་བོད་ཀྱི་བུད་མེད་དག་ལ་ཐོབ་ཐང་མ་རེག་པ་མིན་པར། རང་གིས་ལེན་མ་ཐུབ་པ་དེ་གཅིག་བུས་མནར་འདུག་སྙམ་གྱི་ཡོད།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    གནམ་ལྕགས་ལགས། དེང་སང་ལས་ཀ་མེད། མི་འགྱངས་པར་ལས་ཀ་ཞིག་འཚོལ་ངེས་ཡིན།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    དུག་ཚེར་ལགས། ཉིད་ནས་དེ་ལྟར་འདོད་པ་དེར་དགའ་བོ་བྱུང་། ལྷག་པར་དུ་དུས་ཚོད་གང་ཡོད་ལ་ཕེབས་རྒྱུར་དགའ་བསུ་ཡོད། ང་ཚོས་གནས་ལུགས་བཤད་པ་ནས་གནས་ལུགས་པ་ཤེས་པ། ཤེས་པ་ནས་ལག་ལེན་གྱི་གོ་རིམ་དུ་འདེབས་པར་ཕྱོགས་གང་ཐུབ་ཅིག་བྱེད་ཡ་་་

    Reply
  7. rinzing says:
    ལོ་ 17 སྔོན།

    ང་ཚོར་སྲོལ་རྒྱུན་གྱི་ངན་ཤུགས་ཆེ་དྲགས་པས་དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བུད་མེད་ནང་བཞིན་ང་ཚོའི་བུད་མེད་དག་ལ་དབང་ཚད་དང་ཐོབ་ཐང་རག་མེད་པ་གསལ་པོ་ཞེ་དྲགས་རེད་དྲན་བཞིན་ཡོད། འོན་ཀྱང་བུད་མེད་ཚོས་ཐོབ་ཐང་གཅིག་པོ་རྩོད་པར་མགོ་མི་འཁོར་ནས་་་་ལས་འགན་ཇི་ཡོད་ཞིབ་གཟིགས་གནང་སྟེ་་་སྒྲུབ་དགོས་པ་འདི་ཡང་གལ་གནད་ཆེ་ཤོས་གཅིག་སྙམ་་་་དམིགས་གསལ་ཞུ་ཡ་ཞིག་ལ་དྲྭ་གྲོགས་ཁྱེད་ངའི་ཟིན་བྲིས་སུ་ཡང་ཡང་ཕེབས་ཏེ་་་་ལེགས་ཉེས་ཀྱི་བཀའ་སློབ་ལམ་སྟོན་གང་མང་གནང་ཡོང་བའི་རེ་འབོད་ཤུགས་ཆེ་ཡོད།

    Reply
  8. kkalsang says:
    ལོ་ 17 སྔོན།

    གྲོགས་པོ། ད་སྐབས་ཁྱོད་ཀྱིས་ལས་ཀ་ག་རེ་བྱེད་ཀྱི་ཡོད།

    Reply
  9. tenphel says:
    ལོ་ 17 སྔོན།

    ཨ་ཀུ་ཤ་ཁྲག་ལགས་ང་ཁྱོད་ཀྱི་དྲ་ཚུག་ནང་དུ་ག་དུས་ཡིན་ན་ཡང་ཡོང་གི་ཡོད་ཕ་ཆེར་གནས་ལུགས་འཆད་ཀྱིན་འདུག་བསམ་པའི་དགའ་སྣང་སྐྱེས་བྱུང་། མུ་མཐུད་ནས་གནས་ལུགས་ཀྱི་ལམ་དུ་ཤར་སྐྱོད་བྱེད་པའི་རེ་བ་ཡང་ཡོད།

    Reply
  10. sha tak ri sim says:
    ལོ་ 17 སྔོན།

    སྤྲང་ཕྲུག་ལགས། སྤྲང་རྒན་ང་ཁྱེད་ཚང་དུ་ཡང་ཡང་ཡོང་ཁོ་ཐག་ཡིན། ཞོར་དུ་འོ་ཇ་རེ་གྲ་སྒྲིག་བྱོས། དེ་མིན་རྒན་པོ་ལོ་ལོན་ཞིག་རྩམ་སྐྱ་འགམ་ནས་ཤི་འདུག་ཟེར་ན་ཁྱེད་རང་གིས་མི་ཁ་རེད། ཧཧཧཧ

    Reply
  11. hortsangdhondup says:
    ལོ་ 17 སྔོན།

    ཨ་ཁུ་ཤ་ཁྲག་
    ཁོམ་པ་ཡོད་དུས་ངའི་རྩམ་ཁུག་དུ་རྩམ་སྐྱ་འགམ་དུ་ཤོག་

    Reply
  12. sha tak ri sim says:
    ལོ་ 17 སྔོན།

    རྨེ་རུ་ལགས། བོད་ཀྱི་བུད་མེད་དག་གིས་དངོས་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་ཁྲོད་དུ་དུས་གཏན་དུ་ཉམས་མི་རུང་བའི་བུད་མེད་དག་ལ་དགོས་པའི་བུད་མེད་ལས་བུའི་སྟེང་ན་མེད་པའི་ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་དེ་དག་སྲུང་ཐུབ་པ་ཡིན་ན། ཐོབ་ཐང་འདྲ་མཉམ་ཟེར་ནས་སྐད་འབོད་བྱས་པ་ལས་ཀྱང་རྩ་ཆེན་དོན་ཆེན་དུ་མཐོང་གི་འདུག དེ་ཡིན་དུས་བོད་ཀྱི་བུད་མེད་དག་གིས་རང་རང་གི་ཐུབ་པ་གང་ཡོད་པ་དང་མི་ཐུབ་པ་གང་ཡིན་པ་ངོ་ཤེས་པའི་སྟེང་ནས་བོད་ཀྱི་ཨ་མ་ཞིག་གི་འགན་ལེན་བྱེད་ཐུབ་པ་ཡིན་ན་ཁྱིམ་ཚང་དུ་དྲོད་ཁོལ་ལྡན་ཞིང་། བྱིས་པ་དག་གི་སེམས་ཁམས་ལ་ཡང་རང་བཞིན་གྱིས་བག་ཆགས་བཟང་བོ་ཞིག་འཇོག་ཐུབ་རྒྱུར་གདོན་མི་ཟ་བ་ཞིག་རེད། གང་ལྟར། ཁྱེད་རང་འདིར་ཕེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་ཡོད། ཡིད་འཕངས་པ་ཞིག་ལ་འུ་ཚང་གི་དྲ་ཐོག་འདིས་བུད་མེད་དེ་དག་ལ་གྲགས་འགུལ་གང་ཡང་མི་འདུག

    Reply
  13. mheru says:
    ལོ་ 17 སྔོན།

    བོད་ཀྱི་བུ་མེད་ཚོ་ལ་དམིགས་བསལ་ཐོབ་ཐང་མ་རེག་དེ་འདྲ་ཡོད་མི་སྲིད།ཕྱོགཡོངས་ས་ནས་བསམ་བློ་གཏང་ན་
    ཕྱི་གླིང་རྒྱལ་ཁབ་གཞན་དང་བསྡུར་ན་ཕལ་ཆེར་བོད་རྒྱལ་ཁབ་ནི་ཕོ་མོ་འདྲ་མཉམ་ངོ་མ་རེད།དངོས་ནས་བོད་ཀྱི་བུ་མེད་ཚོས་
    ཐོབ་ཐང་ལེན་སྟངས་མི་ནོར་གནང་དགོས།ཏོག་ཙམ་ནི་གཟུགས་ཕུང་ཆགས་སྟངས་ཁོ་ནའི་ཐོག་ལ་ཡང་ཁྱད་པར་ཡོད།

    Reply
  14. sha tak ri sim says:
    ལོ་ 17 སྔོན།

    རུ་གསར་ཚང་ལགས། ཁྱེད་རང་བར་ནས་འཛུལ་འོང་དེ། ངེད་ཀྱི་བསམ་ཚུལ་དེར་གདེང་འཇོག་བྱས་པ་ཐུགས་རྗེ་ཆེ། དངོས་ནས་དེང་སང་བུད་མེད་དག་གིས་ཐོབ་ཐང་ནི་ལེན་དགོས་པ་ཞིག་ལས་གང་ལེན་དགོས་པ་དང་རང་གི་གང་འཇོན་མིན་ཞིག་ལས། ཅ་དངོས་བཞིན་ཚུར་སྤྲོད་དུ་ཡོང་མཁན་མེད་པ་གནའ་དེང་གཉིས་ལ་ཁྱད་པར་མེད་པ་ལས་དེང་སང་ཅུང་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

    Reply
  15. sha tak ri sim says:
    ལོ་ 17 སྔོན།

    ཕུན་ཚོགས་ལགས། ཉིད་ནས་འགྲེལ་བཤད་གནང་བ་དེར་དགའ་ཡོད། འོན་ཀྱང་། ངས་དེ་དག་ཤེས་ཡོད་ལ། ལྷག་པར་དུ་ངས་རང་གི་དངོས་སུ་མིག་གི་མཐོང་བའི་བུད་མེད་ཀྱི་ཐོབ་ཐང་ལ་དགའ་མཁན་བཙན་བྱོལ་ནང་གི་བུད་མེད་མི་ཉུང་བ་ཞིག་གིས་ཐོབ་ཐང་ལེན་དགོས་ས་དག་ནས་ལེན་མ་ཤེས་པར། ཆང་རག་འཐུང་བ། ཐ་མག་འཐེན་པ། དུ་རྫས་རིགས་སྤྱོད་པ། དེང་རབས་འཁྲིག་སྲེད་ཀྱི་རིགས་ལ་གཡེང་ཆེ་བ་དེ་ཡི་རིགས་མཐོང་ནས་བུད་མེད་དག་ལ་སྔོན་བརྡ་ཞིག་བཏང་བ་དེ་ཡིན་ལགས།

    Reply
  16. snowwind says:
    ལོ་ 17 སྔོན།

    རེད་ཡ། ཤ་ཁྲག་ལགས་ཀྱིས་གསུངས་པར་རྒྱུ་མཚན་འདུག དེང་སང་བུད་མེད་ཁ་ཤས་ཀྱིས་ང་ཚོས་ཀྱང་ཐ་མག་དང་ཆང་སོགས་འཐུང་མི་ཆོག་པ་ཅི་རེད། སྐྱེས་པ་ཚོས་འཐུང་ན་མ་རབས་རེད་ཟེར་གྱི་མི་འདུག འོན་ཀྱང་ང་ཚོས་འཐུང་ན་ཅིའི་ཕྱིར་མ་རབས་ཡིན་ནམ་ཟེར་བ་མང་ཞིང་། དེ་འདྲའི་དགོས་མེད་ཀྱི་ཐོབ་ཐང་རྩོད་མཁན་འདུག ཐོབ་ཐང་དགོས་ན་རང་ཉིད་ཀྱི་ནུས་པ་བཏོན་ནས་ལེན་ཤེས་དགོས་པ་རེད་མ་གཏོགས་ཁ་ནས་ཅིག་གིས་ང་ལ་ཐོབ་ཐང་སྤྲད་ཀྱི་མི་འདུག་དང་། འགའ་ཡིས་ངའི་ལམ་འགོད་རྩིས་བྱེད་ཀྱི་འདུག་སོགས་བཤད་ཅི་ཕན། སྐྱེས་པ་ཚོས་བུད་མེད་ལ་བརྙས་བཅོས་བྱེད་ཀྱི་འདུག་ཟེར་མཁན་ཧ་ཅང་མང་མོད། འོན་ཀྱང་བརྙས་བཅོས་བྱེད་ཐུབ་པ་དེ་སུས་ནོར་བ་རེད། དེ་བས་བརྙས་བཅོས་བྱེད་མི་ཐུབ་ཅིག་རང་ངོས་ནས་བཟོ་དགོས་པར་འདོད།

    Reply
  17. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ད་རེབས་དངོས་ནས་བུད་མེད་སྐོར་ལ་རྒྱུས་ཤིག་ལོན་ཡོད་པ་འདྲ། ཨ་ལ་ཀུ་རེ་ཡིན། བདེན་པ་རེད། བུད་མེད་དེ་ཡི་རིགས་ཀྱིས་རང་གི་གང་བྱེད་པ་དང་གང་བྱེད་ནུས་པ་སོགས་ལ་གདེང་ཚོད་ཡོད་པས་རེད། འོན་ཀྱང་། ནམ་རྒྱུན་འུར་རྒྱག་བཞིན་པ་དེ་ཡི་རིགས་ཀྱིས་རང་གིས་གང་ཡང་མ་འཇོན་ཟེར་ན་འདྲ། ཕྲག་དོག་གི་རང་བཞིན་ཞིག་ལས་གང་ཡང་མིན་པ་ལྟ་བུ་མང་བོ་ཞིག་ཀྱང་མཐོང་རྒྱུ་ཡོད་པ་རེད།

    Reply
  18. phuntsok says:
    ལོ་ 17 སྔོན།

    གོང་གི་ལན་དེ་ལ་གོ་ཡང་བསྐྱར་ཅིག་བླངས་ན།ཁ་མོས་བརྗོད་འདོད་པ་ནི་བུ་མེད་ཚོ་རང་བཞིན་གྱི་ས་ངོ་ཚ་ཆེ་བ་དང་ཉམ་ཆུང་ཆུང་བྱེད་པ་སོགས་ནི་ལྷན་སྐྱེས་ཤིག་མ་རེད་ཟེར་འདོད་པ་དང་དེ་དག་ནི་མི་ཁ་དང་གོམས་སྲོལ་ཀྱིས་བཟོ་གི་འདུག་ཟེར་འདོད་ཀྱིས་དཔེ་དེ་དྲངས་པ་རེད་མོད།ཡང་ཕྱོགས་གཞན་ནས་གོ་བ་བླངས་ན་ཁྱོད་ཀྱི་སེམས་ཚོར་དེ་འདྲ་སློང་བྱེད་ཀྱི་བྱེད་རྐྱེན་དུའང་འགྱུར་ཆོག་ཆོག་རེད།
    བུ་མེད་འདི་ཚོས་ཐོབ་ཐང་ལེན་ཤེས་མིན་ནི་ང་ཁོ་མོ་ཚོའི་གོ་རྟོགས་དང་ཤེས་ཚད་ལ་རག་ལས་ཡོད་པ་དང་།སྒོས་སུ་ཁོ་མོ་ཚོའི་དཀྱེལ་ཡངས་དང་རྣོ་བསམ་ཀྱི་འདུ་ཤེས་གོང་མཐོར་འགྲོ་སའི་ཀྱག་ཀྱོག་གི་ལམ་ཁ་དང་རྒྱུད་རིམ་ལ་རག་ལས་ཡོད་པས།ད་ནི་ཁོ་ཚོ་ཆེས་ྒནད་འགག་དང་ཉེན་ཁའི་ས་ཚིགས་སུ་སླེབས་འདུག་སྙམ་གྱི་འདུག

    ་ང་ཚོས་བུ་མེད་སྐོར་ཞིག་ལ་ཕོ་མོ་འདྲ་མཉམ་སྐོར་གྱི་སྐད་ཆ་བཤད་ཡོང་དུས།བུ་མེད་མང་པོ་ཞིག་གིས་ཐབ་ཚང་གི་ཟ་མ་བཟོ་མཚམས་བཞག་སྟེ་སྐྱེས་པ་ཚོ་འདེད་ཀྱིན་འདུག་ཟེར་བའི་སྐད་ཆའང་གོ་ཡོང་གི་འདུག་་་ཐོབ་ཐང་ཟེར་བའི་གོ་དོན་དེ་ཙམ་ལས་མི་འཇོག་པའི་བུ་མེད་ཚོ་ལ་ཐོབ་ཐང་གི་ལས་སྐལ་ཅི་ཡང་ཡོད་ས་མི་འགྲོ་གི་

    Reply
  19. chentsasopa says:
    ལོ་ 17 སྔོན།

    སྐྱེས་པ་ཚོས་གང་བྱེད་ནུས་པའི་བུད་མེད་དེར་ཐོབ་སྟེར་མི་དགོས་ལ། དེ་ལྟ་བུའི་བུད་མེད་དེས་ང་ཚོ་བུད་མེད་ཚོར་ཐོབ་ཐང་མི་འདུག ཐོབ་ཐང་དགོས་ཀྱི་ཡོད་དེ་བས་ཀྱང་མི་ཟེར། དཔེར་ན་བོད་ཀྱི་བུད་མེད་རྩོམ་པ་མོ་ཚེ་རིང་འོད་ཟེར་ལྟ་བུ་རེད། ཐབ་རྩ་ནས་ཁྱོ་ཀ་དང་འཁྲིག་རྩོད་ཁོ་ན་བྱེད་བཞིན་བུད་མེད་གང་དེས་ནི་ནམ་རྒྱུན་ཕོ་མོ་འདྲ་མཉམ་དང་ཕོ་མཆོག་མོ་དམན་ཡིན་མིན་སོགས་ཀྱི་ལབ་རྡོལ་ཅ་ཅོ་རྒྱུན་པར་སྒྲོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese