་་་་་་་་་་་ཚུར་འབྱོར་མ་ཐག་པའི་སྐུ་ཚབ་དག་གི་གསར་འགོད་གསལ་བསྒྲགས་ཁག་དང་བོད་མི་དྲ་ཐོག་པ་ཡོང་ཀྱི་བསམ་ཚུལ་ལ་ཉན་རྗེས་སུ་བྲིས།
ངས་འདི་ལྟར་ཟེར་ན་འདོད་བྱུང་། རྒྱུ་མཚན་ནི། ཁོང་ཚོ་ཕར་འགྲོ་དུས་སུ་བོད་ཀྱི་སྐུ་ཚབ་གྱི་མིང་ཐོག་ནས་མི་ལོ་བཅུ་ལྷག་རིང་དུ་ཕྱིན་པ་རེད་ལ། ཚུར་འོང་དུས་སུ་ཁོང་ཚོ་ནི་རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་ལྟ་བུ་ཞིག་ལས་བོད་མི་དམངས་ཀྱི་སྐྱིད་སྡུག་ལེགས་ཉེས་གླེང་དུ་སོང་བའི་བོད་ཀྱི་སྐུ་ཚབ་དེ་མ་ཡིན་པར་རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་ལྟ་བུ་ཞིག་ཆགས་ནས་འོང་གི་ཡོད་པ་དེ་ཡི་སྟབས་ཀྱི་ཡིན།
ཕར་འགྲོ་ཐེངས་རེར། བོད་ཕྱི་ནང་གཉིས་ཀྱིས་བོད་མི་མི་ཉུང་བ་ཞིག་གི་རེ་བ་ཁོང་ཚོ་བཅོལ་ཡོད་ལ། ཚུར་སླེབས་ཐེངས་རེར་ཁོང་ཚོས་རྒྱའི་སྲིད་གཞུང་གི་གང་བཤད་པ་དག་ལས། བོད་མི་དམངས་ཀྱིས་སྐྱིད་སྡུག་ཡོད་ཚད་རྒྱའི་སྲིད་གཞུང་གིས་དངོས་ནས་འདི་ལྟར་ཁས་ལེན་བྱེད་ཀྱི་འདུག་ཟེར་བ་ཞིག་གཏན་ནས་བཤད་རྒྱུ་མེད་པར། ཡོད་པ་དེ་ཡང་རེ་བ་ཞིག་འདུག་ཟེར་བ་ཙམ་ལས། རེ་བ་ཡོད་སྟངས་སྐོར་དེ་ཡང་སྔ་ལོ་ནས་ཕྱི་ལོ་མེད་པ་དེ་ཡིན།
གཏམ་དངོས་ཀྱི་སྒང་ནས་བཤད་པ་ཡིན་ན། ངེད་ཅག་ལ་དགོས་པ་དེ་ནི་བོད་མི་དམངས་ཀྱི་སྐུ་ཚབ་ཞིག་ཕར་སོང་བ་དེ་ཚུར་ཡོང་རྒྱུ་དེ་ཡིན་པ་ལས། རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་ཕྱིར་བྱེས་སུ་ཡོང་རྒྱུ་དེ་མིན་ན་ཡང་། ལོ་རེ་ལས་ལོ་རེ་སྡུག་དུ་འགྲོ་བ་ལས་ཡག་དུ་གཏན་ནས་སོང་མེད་པ་དེ་ནི། བོད་ནང་གི་བོད་མི་དག་གི་འཚོ་བའི་གནས་སྟངས་ཐད་ཀྱི་རང་དབང་གི་བཀག་རྒྱ་དེ་དག་སྔར་ལས་ཇེ་དམ་དུ་འགྲོ་བཞིན་པ་དེ་དག་གིས་ཁ་གྲགས་ནས་འོང་བ་དེ་ཡིན།
ལྷག་པར་དུ་མི་ལོ་དུ་མའི་རིང་དུ་ངེད་ཚང་ལ་སྐུ་ཚབ་ཟེར་ན་འགྲིག བགྲོ་གླེང་བྱེད་མཁན་ཟེར་ན་འགྲིག གཅིག་ཡོད་པ་དེ་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་མཚན་ཐོག་ན་མ་གཏོགས་བོད་མི་དམངས་ཀྱི་མིང་ཐོག་ན་གཏན་ནས་མེད་པ་དེ་ཡང་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད་པ་དེ་ཡིན། གནད་འགག་དེ་ནི་འུ་ཅག་གིས་ཤེས་པ་ནས་དང་ལེན་བྱེད་དགོས་པའི་དུས་ཚོད་དེ་ནི་འགོར་འགྱངས་བྱེད་པ་མང་མེད་ན་ཉུང་གཏན་ནས་མེད་པ་ཡིན།
ཉེ་སྔོན་སྐུ་ཚབ་ཚོ་ཕྱིར་རྡ་སར་འབྱོར་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཉིན་མོར་དེ་ཡང་གསར་འགོད་གསལ་བསྒྲགས་དེ་ནི་བོད་ཀྱི་བྱེས་བསྡོད་བོད་མི་དག་ལ་སྤེལ་གྱི་ཡོད་པའི་རྣམ་པ་ཞིག་གཏན་ནས་མཐོང་དཀའ་བར་འདུག རྒྱུ་མཚན་ནི་ཁོང་ཚོས་དབྱིན་སྐད་སྟེང་ནས་གསར་འགོད་གསལ་བསྒྲགས་བྱས་པ་དེ་ཡིས་ཤེས་ཐུབ་པ་ཡིན།
ཕར་ཕྱོགས་རྒྱ་ནག་སྲིད་གཞུང་གིས་ཀྱང་དུས་ཚོད་དེ་དང་སྟབས་འཁེལ་བའི་སྐབས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། སྤེལ་ས་དེ་ཡང་རྒྱ་ནག་མི་དམངས་ལ་སྤེལ་ཡོད་པ་དང་གསར་འགོད་གསལ་བསྒྲགས་ཀྱང་རྒྱ་སྐད་སྟེང་ནས་རྒྱ་རིགས་མི་དམངས་ལ་གསར་འགོད་གསལ་བསྒྲགས་བྱས་ཡོད་པ་དེས་ཀྱང་། ཕྱི་བསྡོད་བོད་མི་དག་གིས་བོད་མི་རིགས་ཀྱི་སྐྱིད་སྡུག་གླེང་གི་ཡོད་མེད་ལ་དེ་ལ་ཡང་ཡིད་གཉིས་བྱེད་དགོས་པ་ཞིག་ཆགས་ཡོད་པ་ཡིན།
གལ་སྲིད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གསར་འགོད་པ་དེ་རུ་སླེབས་ཡོད་པ་དེ་དག་གི་ཆེད་དུ་དབྱིན་སྐད་བཤད་དགོས་པའི་དབང་དུ་བཏང་ན་ཡང་། ཁོང་ཚོས་དྲི་བ་གང་དྲིས་པ་དེར་དབྱིན་སྐད་སྟེང་ནས་གསར་འགོད་པར་ལན་འདེབས་བྱས་པ་དེ་ཡིས་འཐུས་ཀྱི་ཡོད་པ་རེད། རང་སྐད་སྟེང་ནས་མིང་ཚིག་གི་མི་འདང་བའི་བོད་ཀྱི་སྐུ་ཚབ་དེ་དག་གིས་བོད་མི་དག་གི་སྐྱིད་སྡུག་གླེང་མི་ཤེས་པ་དེ་ཡང་རྒྱུ་མཚན་གཅིག་ཡིན།
མཐའ་དོན་ངས་ཞུ་སྐུལ་གཙོ་བོ་དེ་ནི་ངེད་ཅག་བོད་མི་གཞིས་བྱེས་གཉིས་ལ་དགོས་པ་དེ་ནི་བོད་ཀྱི་སྐུ་ཚབ་དང་བོད་ཀྱི་མགྲིན་ཚབ་པ་ཞིག་ལས། བོད་མི་དམངས་ཀྱི་སྐྱིད་སྡུག་ལེགས་ཉེས་མཐའ་དག་བོད་སྐད་སྟེང་ནས་བོད་མི་དམངས་ལ་བཤད་ཤེས་མཁན་ཞིག་དང་། བོད་མི་དམང་ས་རང་སྐད་སྟེང་ནས་གོ་བརྡ་སྤྲོད་ཐུབ་མཁན་ཞིག་དགོས་པ་ལས། དབྱིན་སྐད་དང་སྐད་ཡིག་གཞན་གྱི་སྟེང་ནས་གོ་བརྡ་སྤྲོད་མཁན་ཞིག་གཏན་ནས་དགོས་འཁོ་ཆགས་མེད། གལ་སྲིད། སྐད་ཡིག་གཞན་གྱིས་སྟེང་ནས་བོད་མི་དམངས་ཀྱི་སྐྱིད་སྡུག་གླེང་རྒྱུ་ཡིན་ན་ནི། རྒྱའི་སྲིད་གཞུང་གིས་བོད་ནང་དུ་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་མཁན་དག་ལ་མཐོང་ཆུང་བྱེད་པ་དེར་ཡང་བརྩི་བཀུར་བྱས་རན་ལ་སླེབས་པ་རེད་ལ། བོད་མི་རིགས་ཟེར་ནས་བོད་མི་དག་གི་རང་སྲོག་ཚུན་ཆད་ཀྱང་གཏོང་དགོས་ཤིག་གཏན་ནས་ཆགས་མེད་པ་དེ་ཡིན།
རིག་འཛིན་ལགས། དེ་ལྟར་རེད། འུ་ཅག་གིས་དངོས་ནས་བོད་ཀྱི་སྐུ་ཚབ་གཡོ་ཟོལ་མེད་པ་ཞིག་བཙལ་ནས་རྙེད་སྲིད་དམ། སྲིད་པའི་དབང་དུ་བཏང་བ་ཡིན་ན་དེ་ལ་རྒྱའི་སྲིད་གཞུང་གིས་ངེས་ལེན་བྱེད་སྲིད་དམ།
དྲྭ་གྲོགས་ལགས་ཀྱི་དགོངས་ཚུལ་ཡག་པོ་འདུག་་་་་་རེད་དེ་ངས་བལྟས་ན་སྐུ་ཚབ་ཚོ་བོད་ཀྱི་མགྲིན་ཚབ་བརྗོད་ཀྱང་འདྲ་རྒྱ་ནག་གི་མགྲིན་ཚབ་བརྗོད་ཀྱང་གང་ལྟར་ང་ཚོ་བོད་མི་ཡོངས་ལ་ཕན་ཐོག་གསལ་པོ་ཡོད་པའི་སྐད་ཆ་དག་རྒྱའི་དཔོན་རིགས་ཚོར་བཤད་ཕོད་མཁན་ཞིག་དང་རྒྱའི་ངོས་ནས་གང་བཤད་པ་དེ་ལྷག་ཆད་མེད་པ་ཉན་ཐུབ་ཁན་ཞིག་དགོས་པ་ནི་དངོས་ཡོད་བདེན་དོན་ཞིག་དང་་་་ད་དུང་ཚང་དགོས་པ་ནི་ཁ་ཐུག་རྒྱའི་དཔོན་རིགས་ཚོས་འདྲི་ཡོང་བའི་གལ་གནད་ཆེ་བའི་སྐད་ཆ་དག་ལ་ཁ་གསལ་གོ་བདེ་ལམ་ནས་ལན་སྤྲད་ཐུབ་པ་དང་་་་་ང་ཚོ་བོད་མི་རིགས་ལ་ངོ་ལྐོགས་མེད་པ་ལྷག་བསམ་་་་་གཡོ་སླད་མེད་པ་དྲང་པོ་ཞིག་དགོས་པ་ནི་ཧ་ཅང་གི་སྐུ་ཚབ་ལ་ཚང་དགོས་པའི་ཆ་རྐྱེན་ཞིག་རེད་སྙམ།
བསང་ཆུ་འབྲུག་བྷེ་ལགས། བོད་ནས་ཕེབས་མཁན་དེ་དག་བདེ་ཐང་ཡོང་བར་ཤོག དེ་ནས་ཉིད་ཀྱིས་རྩོམ་ཡིག་དེ་དང་འདྲ་དཔར་དེ་དག་ལ་སྒུག་ནས་འདུག
ཨ་རོ་ཡག་པོ་བྲིས་འདུག ཁ་ཚ་དགོས་གཏུགས་རེད་འདུག དུས་འདིར་ང་རང་བལ་ཡུལ་དུ་བོད་ནས་ཡོང་བའི་སྤུན་ཟླ་ཁ་ཤས་ཁྲིད་དེ་འགྲོ་གི་ཡོད། ཁ་སང་གི་སྙན་ངག་དེ་བྲིས་ཚར་སོང་ན་ཡང་། དམ་པ་གང་གི་སྐུ་པར་ཞིག་ཟིན་བྲིས་ནང་འཇོག་འདོད་ཡོད་པས། ཁོ་བོས་ཟིན་བྲིས་ནང་པར་འཇོག་སྟངས་ལྟ་བུའི་ཚན་རིག་གི་ལག་ཤེས་ཕྲ་མོ་ཙམ་ཡང་མ་ཤེས་པར་ལུས་ཡོད།་ སང་ཉིན་ཨེ་ཤ་ཡ་ཚངགི་ཀླུ་འབུམ་བཀྲ་ཤིས་ཀྱི་སར་སོང་ནས་ཚོད་ལྟ་རེ་བྱ།
རྨོག་རུ་ལགས། འུ་ཅག་གིས་རྡོག་རྩ་གཅིག་སྒྲིལ་བྱེད་པ་ལ་ཕྱོགས་གང་ཞིག་ནས་རྡོག་རྩ་གཅིག་སྒྲིལ་དགོས་ཀྱི་ཡོད་པར་དགོངས་ཀྱི་ཡོད་དམ། ལས་འགུལ་གང་ལ། འཐབ་ཕྱོགས་ཀྱི་ངོ་བོ་གང་ལ།
ངེད་ཀྱི་ཕ་རྒན་གྱི་ཁ་པར་ཨང་གྲངས་འདི་ཡིན། ༠༩༨༥༧༥༥༧༤༩༦
བོད་ཤ་ཁྲག་ལགས།སྐུ་ཁམས་བཟང་།གྲོས་མོད་དང་ཞི་མོལ།་རང་བཙན་གང་ལ་བསམ་ཀྱང་བློ་གདེང་འཁེལ་བའི་ལམ་བུ་ཞིག་མཐོང་ཁག་པོ་རེད།ཡིན་ཡང་།རྩམ་གཟན་བོད་མིའི་ལ་རྒྱ་དང་།་དགུང་གྲངས་བདུན་ཅུ་གྲངས་ལ་སླེབས་པའི་མགོན་པོ་མཆོག་གི་དཀའ་སྤྱད་བཀའ་དྲིན་ལ་བསམ་ཤེས་ཀྱིས་ལངས་ཕྱོགས་གཅིག་གི་དམ་བཅའ་བརྟན་པོ་བྱེད་དགོས་པ་ང་ཚོས་དོན་སྙིང་ལྡན་པའི་སྲུང་བྱ་རེད།
ཁྱེད་ཀྱི་ཕ་མ་གཉིས་ཀྱི་བོད་མིའི་རང་དབང་ལག་དེབ་སྐོར་ལ་ལས་ཀ་ཞིག་ཡོད།
ཁྱེད་ཀྱི་ཕ་རྒན་གྱི་ཁ་པར་ཨང་གྲངས་ཡོད་ན་དྲ་ཐོག་འདིར་འཇོག་རོགས།
ང་ནོར་གླིང་དང་གངས་དཀྱིལ་དུ་ལས་ཀར་བྲེལ་བ་ཆེ་ཙམ་ཡོད།་་ཕ་མ་སོགས་བསྡད་ས་ཨ་མདོའི་གྲོང་གསེབ་རེད།་་ཆེད་དུ་འགྲོ་བར་དཀའ་ངལ་ཏོག་ཙམ་འདུག
ཁ་དྲོ།།།།