མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


དྲིན་ཆེན་ཕ་མ་དང་ཁ་བྲལ་ནས་ཡུན་རིང་ས་མཐར་ལུས་པའི་བློ་བཟང་ནི་རང་གི་ནང་མི་དག་དང་ལྷན་དུ་འཛོམ་པའི་བདེ་སྐྱིད་དེ་ནི་དངོས་ནས་བཤད་མ་དགོས་པ་ཞིག་དང་འདྲི་མི་དགོས་པ་ཞིག་ཆགས་ཡོད་པ་རེད། འོན་ཀྱང་། ཁོང་ཚོས་བློ་བཟང་སྔ་བོ་ནས་ཡོང་རྒྱུ་རེད་འདོད་ནས་ཤ་བཙོས་པ་དང་མོག་མོག་བཟོས་པ། ཤ་འབྲས་བཟོས་པ་སོགས་ཁ་ལག་སྣ་ཁ་མི་འདྲ་བ་མང་བོ་ཞིག་བཟོས་དེ་སྒུག་ནས་བསྡད་ན་ཡང་། བློ་བཟང་གིས་གཏན་ནས་རང་གི་ཤ་མི་ཟ་བར་གླེང་དུས། དྲིན་ཆེན་མ་ལོས། སྤྱིར་བཏང་མི་ཟ་ན་ཁྱེད་རང་གིས་འདོད་པ་བྱོས། དེ་རིང་མི་ཟ་ཟེར་ན་དངོས་ནས་འགྲིག་གི་མ་རེད། ཁྱེད་རང་ཡོང་རྒྱུ་རེད་ཟེར་ནས་ང་ཚོས་ཁ་སང་ལུག་ཞིག་བཤས་པ་ཡིན། ཤ་གསར་བ་རེད། ཁྱེད་རང་གིས་ལོ་ངོ་འདི་དག་གི་རིང་དུ་ས་མཐའ་ནས་ཁ་ལག་ཡག་པོ་ཞིག་ཀྱང་ཟ་ཐུབ་ཡོད་ནི་མ་རེད་ཟེར་ནས་ཨུ་ཚུགས་བྱས།

བློ་བཟང་གིས་རང་གི་དྲིན་ཆེན་མ་ལོ་ལ། དོན་དག་གཞན་ག་རེ་ཡིན་ཡང་ངས་ཁས་ལེན་བྱས་པ་ཡིན་ན་འགྲིག་གི་ཡོད། དོན་དག་འདི་དངོས་ནས་ཨ་མ་ལོ་ལོ། ང་རང་ལ་ཨུ་ཚུགས་མ་བྱེད། ངས་དངོས་ནས་མི་ཟ་ཟེར་ནས་ལན་བཏབ་དུས། ཇ་མགོ་ནས་ཨ་མྱེ་བདེ་ཆེན་གྱིས། སྒྲོལ་མ་འཚོ། ཁོས་དངོས་ནས་དེ་འདྲ་ཞིག་བསམ་བསྡད་ཡོད་ན། ད་ཨུ་ཚུགས་མ་བྱེད། སྐྱུར་ར་ཐོངས་ཟེར་ནས་བཤད་དུས་སུ། ཨ་མ་སྒྲོལ་འཚོས། ཨ་མས་མ་ཁོ། དེས་ན་ཅུང་ཙམ་སྒུག འདི་ན་ཤ་མོག་དང་སྔོ་ཚལ་སྤུན་བཅས་ཡོད་པ་འདིས་ཁྱེད་རང་ལ་ཁ་ལག་ཞིག་བཟོ་ཟེར་ནས་ཨ་མ་སྒྲོལ་མ་འཚོ་བྲེལ་འཚུབ་དང་བཅས་དེ་རས་གུར་འོག་མའི་ནང་དུ་སྲི་མོ་ཡོད་སར་རྒྱུགས།

མཚན་མོར་དེར་བློ་བཟང་དངོས་ནས་བཤད་ན། ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་མང་བོ་ཞིག་འགྲོ་བཞིན་ཡོད་ལ། དབྱར་སྐྱིད་འདི་གཏོང་མ་ཐུབ་པར་མི་ལོ་དུ་མ་ཞིག་འགོར་ཡོད་པ་ལྟར། རས་གུར་ནང་ནས་ཉལ་འདོད་ཡོད་པ་དེ་ནི་བཤད་མ་དགོས་པ་ཞིག་ཡིན་མོད། བན་སྡེ་འཚོས་ཁོ་རང་ལ་སང་དགོང་ཁ་པར་ཡོང་ཟེར་བ་དེ་དྲན་ནས། ཕ་མ་ཚོ། ཁོ་རང་རས་གུར་ནང་དུ་ཉལ་བ་ཡིན་ན་དངོས་ནས་གྲང་མོ་འདུག དེ་ལས་ཁང་བའི་ནང་དུ་ཉལ་དུ་འགྲོ་རྒྱུ་ཡིན་ཟེར་ནས་བཤད་དུས། ཚང་མས་ཁོ་རང་གི་བཤད་པ་དེར་ཁས་ལེན་བྱས་པ་ལྟར། བློ་བཟང་གིས་ཁོ་རང་གི་ནུ་བོའི་སྤག་སྤག་བཏང་ནས་ཨ་མྱེ་བདེ་ཆེན་རྒྱབ་དུ་གྱོན་ནས་ས་རུབ་ཁར་སྡེ་བའི་ཕྱོགས་སུ་ཆས།

དངོས་ནས་བཤད་པ་ཡིན་ན། བློ་བཟང་གིས་སྤག་སྤག་ཡག་པོ་ཞིག་གཏན་ནས་གཏོང་ཤེས་ཀྱི་མེད་པ་རེད། འོན་ཀྱང་། ཁོ་རང་གིས་ཤེས་ཀྱི་ཡོད་ཟེར་བ་དེར་ནང་མི་དག་གི་ཡིད་ཆེས་བྱས་དེ་ནུ་བོ་ཀླུ་འབུམ་རྒྱལ་གྱི་སྤག་སྤག་བརྫིག་པོ་དེ་ཡི་སྟེང་ནས་ཨ་མྱེ་བདེ་ཆེན་རྒྱབ་དུ་བཞག་ནས་སྡེ་བའི་ནང་དུ་དགོང་མོར་དེར་བདེ་བོར་འབྱོར་ན་ཡང་། ཕྱིར་ཉིན་ཞོགས་པ་སྔ་བོ་ཕྱིར་དབྱར་སྐྱིད་གཏོང་སའི་རྩྭ་ཐང་གི་གླིང་ཁ་དེར་འབྱོར་གྲབས་ཡོད་དུས། འཁྱོག་མཚམས་ཤིག་དུ་ས་དོང་ཞིག་ཡོད་པ་དེ་ནས་སྣུམ་དལ་ལྷོད་ཤོར་ནས་ས་ལ་བརྡབས་དེ་སྤག་སྤག་བརྫིག་པོ་དེ་ཡི་མདུན་གྱི་ཤེལ་སྒོ་ཡོངས་སུ་རྫོགས་པ་ཆག་པ་དང་། ཨ་མྱེ་བདེ་ཆེན་ཡང་ས་དོང་དེ་ཡི་འགྲམ་དུ་གཡུགས། ས་དོང་དེ་ནས་སྣུམ་དལ་ལྷོད་ཤོར་གྲབས་ཡོད་པའི་སྐབས་དེར། རྒྱབ་ལོག་ནས་ཨ་མྱེ་བདེ་ཆེན་གྱིས་་་་ ཨ་རོགས་ ཨ་རོགས་ཟེར་བཞིན་པའི་སྐད་ཆ་དེ་ཡི་མཇུག་མ་བསྡུས་གོང་དུ་ས་ལ་བརྡབས་པ་རེད།

ངང་ཚུལ་དེ། བློ་བཟང་གི་ཕ་རྒན་འཇིགས་གྲོལ་གྱིས་རས་གུར་གྱི་འདབས་ནས་སྒུག་ཡོད་པ་དེ་ནས་མཐོང་མ་ཐག རྒྱུགས་ནས་འོང་དེ་རང་གི་ཕ་རྒན་ཡར་ལ་སྐྱོར་བཞིན། ཨ་ཕ་ཁྱེད་རང་ལ་སྐྱོན་འདྲ་མ་བྱུང་ངམ་ཟེར་ཞོར། བློ་བཟང་ལ་ཅུང་བྱས་མེད་དམ།

བློ་བཟང་གིས་དགོད་ཞོར་དུ། ང་ལ་གང་ཡང་བྱས་མ་སོང་། ཨ་མྱེ་ཁྱེད་རང་ལ་སྐྱོན་འདྲ་བྱས་མ་སོང་ངམ་ཟེར་ནས་རང་གི་ཕ་རྒན་གྱི་ལག་ནས་ཚུར་བླངས་དེ་ཨ་མྱེ་ལ་དྲིས་དུས། ཨ་མྱེ་བདེ་ཆེན་ཡང་སྟབས་ལེགས་ནས་གང་ཡང་བྱུང་མེད་པ་རེད། སྐབས་དེར་བློ་བཟང་གི་ཕ་རྒན་འཇིགས་གྲོལ་གྱིས་སྤག་སྤག་ཡར་བསླེང་ནས་མེ་ཁ་གསོས་དེ་སྡུར་སྒྲ་དང་བཅས་དེ་རས་གུར་གྱི་འདབས་ལ་ཕྱིན།

ཉིན་མ་དེ་ཡི་ཕྱི་དྲོར། བློ་བཟང་གིས་ཨ་མས་ད་ཁྱེད་རང་གིས་གཏན་ནས་སྤག་སྤག་མ་ཞོན། དངོས་ནས་ཉེན་ཁ་ཆེན་པོ་འདུག དེ་ལས་རྐང་འཁོར་ཞོན་ནས་ནང་དུ་སོང་ནས་ཕྱིར་ཡོང་ན་འགྲིག་གི་རེད། དེ་མིན་ན་ཀླུ་འབུམ་རྒྱལ་གྱིས་ཁྱེད་རང་ནང་དུ་བསྐྱེལ་ངེས་ཡིན་ཞེས་བཤད་པ་ལྟར། ནུ་བོ་ཀླུ་འབུམ་རྒྱལ་ཡང་དགའ་བཞིན་སྤྲོ་བཞིན། ཨ་མྱེ་བདེ་ཆེན་དང་ཕུ་བོ་བློ་བཟང་གཉིས་སྤག་སྤག་གི་རྒྱབ་དུ་གྱོན་ནས་སྡེ་བུའི་ནང་དུ་ཤུར་སེ་བཏང་།

བན་སྡེ་འཚོས། དངོས་ནས་དུས་ཚོད་ཏག་ཏག་གི་སྟེང་ལ་བློ་བཟང་ལ་ཁ་པར་སླེབས་པ་མ་ཟད། མགྲོན་ཁང་དེ་ནས་བཤད་པ་ལྟར། ཁོ་མོ་ཕྱིར་ཉིན་རང་གི་ཨ་ཅེ་ཞིག་དང་འགྲོག་ནས་བླ་བྲང་གི་རི་ཁྲོད་དེར་གཞབ་དཀྲུས་བྱེད་དུ་ཡོང་གི་ཡོད་པ་མ་ཟད། བློ་བཟང་ཁོ་རང་ལ་ཡང་ཐུག་འདོད་ཡོད་རབས་སོགས་མི་ཉུང་བ་ཞིག་བཤད་པ་ལྟར། བློ་བཟང་གིས་ཀྱང་སང་ཉིན་ང་རང་ཡོང་ཁོ་ཐག་ཡིན་ཟེར་ནས་ཁ་པར་ལས་སྐད་ཆ་བཤད་མཚམས་བཞག

མཚན་མོ་དེར། བློ་བཟང་གིས་རང་ཉིད་ལ་ཁ་པར་སླེབས་མཁན་དེ་ནི་བན་སྡེ་འཚོ་ཟེར་བའི་བུ་མོ་ཞིག་ཡིན་པ་དང་། ཁོ་གཉིས་ཇི་ལྟར་ཐུག་པ་ཡིན་མིན་སོགས་ཞིབ་དུ་རང་གི་ནུ་བོ་ཀླུ་འབུམ་རྒྱལ་ལ་བཤད་པ་དང་། སང་ཉིན་ཡང་ཁོ་རང་ལ་ནུ་བོ་ཁྱེད་རང་གིས་རོགས་པ་བྱེད་དགོས་ཀྱི་ཡོད་ཅེས་བཤད།

ནུ་བོ་ཀླུ་འབུམ་རྒྱལ་གྱིས། ཡིན་དང་ཡིན། ཁྱེད་རང་གིས་སང་ཉིན་ཨ་མར་ཤོད། དེ་ནས་འུ་གཉིས་རྫོང་ཐོག་དུ་སོང་ན་འགྲིག་གི་རེད་ཟེར་ན་ངས་ཁྱེད་རང་ལ་རོགས་ལོས་བྱེད་ཅེས། ལོ་ངོ་ཁ་ཤས་རིང་དུ་མ་ཐུག་པའི་སྐོར་སོགས་གླེང་དེ་མཚན་དཀྱིལ་བར་དུ་ལུས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་ཐོག་གི་སྤུན་ཟླ་ཁྱེད་ཅག་གིས་བློ་བཟང་གི་སྒྲུང་འདི་ལ་དོ་སྣང་ཆེན་པོས་ཀློག་དུ་ཕེབས་པ་དགའ་ཡོད་ལགས། རྗེས་ཕྱོགས་ཀྱང་བློ་བཟང་གི་སྒྲུང་གཏམ་འདིའི་མཇུང་འཕུད་རེག་བར་དུ་ཕེབས་རྒྱུར་རེ་བ་ཡོད། བལྟས་ནས་འདུག བསམ་ཚུལ་ཡང་གསུང་རོགས་ཞུ། དཔེར་ན་ར་ལོ་ལགས་ཀྱི་བསམ་ཚུལ་ལྟར།

    དེ་རིང་དམིགས་བསལ་གྱིས་ངས་ར་ལོ་ལགས་ཀྱི་བསམ་ཚུལ་བརྩི་བཀུར་བྱེད་རྒྱུ་ཡིན། ཁོ་རང་གིས་གསུངས་པ་དེ་ནི་བདེན་པ་རེད། དུས་བབ་ཚང་གི་ཟིན་བྲིས་གསར་ཤོས་ཀྱི་ས་མིག་དེ་རུ་རྩོམ་ཡིག་བཅུ་ཙམ་བརྒལ་བའི་ཁ་བྱང་ལས་གཤོང་གི་མེད་པ་ཡིན་དུས། ང་ལྟ་བུ་ཞིག་གིས་བདག་བཟུང་ལྟ་བུ་ཞིག་བྱས་པ་ཡིན་ན་གཏན་ནས་ཡག་པོ་མི་འདུག

    དེ་ཡིན་དུས་དེ་རིང་ནས་ངས་ཚན་པ་གཅིག་རེ་ལས་འགོད་རྒྱུ་མིན། དོ་སྣང་ཡོད་མཁན་གྱི་སྤུན་ཟླ་དག་ཉིན་རེ་བཞིན་ཕེབས་རོགས་ཞུ།

    Reply
  2. free sopu says:
    ལོ་ 17 སྔོན།

    བཀའ་དྲིན་ཆེ་སྙན་སོང་སང་ཉིན་མཇལ།

    Reply
  3. mheru says:
    ལོ་ 17 སྔོན།

    ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན།

    Reply
  4. mogrutenpa says:
    ལོ་ 17 སྔོན།

    ཁྱེད་ཀྱི་དྲ་ཐོག་ཏུ་ཡོང་དེ་སོང་ཡོད།

    Reply
  5. rhaloo says:
    ལོ་ 17 སྔོན།

    བར་སྐབས་ཞིག་ནས་ངས་བསམ་ཚུལ་ཞིག་སྤེལ་དགོས་བསམ་བསྡད་པ་ཡིན། བསམ་ཚུལ་དེ་མ་སྤེལ་ན་བསམ་ནས་ཀྱང་ཡུན་རིང་བསྡད་པ་ཡིན། དེ་རིང་ད་བསམ་ཚུལ་དེ་སྤེལ་གི་ཡིན།

    ཁྱོད་ཀྱི་སྒྲུང་འདི་ཀློག་གི་ཡོད། མུ་མཐུད་ནས་འབྲི་རོགས་ཞེས་རེ་སྐུལ་ཡང་ཞུ་གི་ཡིན། ཡིན་ཡང་། ཉིན་རེར་ཚན་པ་རེ་རེ་བྲིས་ནས་སྤེལ་ན་གང་འདྲ་འདུག དེང་སྐབས་ཟིན་བྲིས་ཀྱི་ས་ཆས་མ་འདེང་བར་ཡོད་དུས་ཤིག་ལ་ཁྱོད་གཅིག་པུས་ཟིན་བྲིས་གསར་ཤོས་ཀྱི་ས་མིག་བཅུའི་ཁྲོད་ཀྱི་བཞི་བཟུང་ནས་བསྡད་པ་ཡིན་ན་ཟིན་བྲིས་པ་གཞན་པ་མང་པོ་ཞིག་གི་ཟིན་བྲིས་རྣམས་རྐང་བཙུགས་ནས་ཀློག་མ་བཅུག་པའི་ཚོར་སྣང་དེ་འདྲ་མི་འདུག་གམ། དེང་སྐབས་ཟིན་བྲིས་འདི་དག་ཡ་མཚན་ཞིག་རེད།

    ཟིན་བྲིས་གསར་ཤོས་ནང་དུ་བོད་ཤ་ཁྲག་རུས་གསུམ་གྱིས་བཀང་འདུག ཟིན་བྲིས་ཁྱབ་ཤོས་ནང་དུ་ཨ་རིག་དགེ་མཐོང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་བཀང་འདུག ཨ་རིག་ཚང་གི་ཟིན་བྲིས་པ་གཉིས་ལ་དབང་འདུག

    Reply
  6. Dre Sha Zen says:
    ལོ་ 17 སྔོན།

    བོད་་་་ཤ་ཁྲག་རུས་གསུམ་ལགས་་་དཀོན་མཆོག་གསུམ་ཡིན་དཱ་་་་ད་ཡིན་ན་་
    ཧཧཧཧ་་་་་་་་་་་སྐུ་ཉིད་ལ་ཞོགས་པ་བདེ་ལེགས་ཞིག་མ་ཞུས་་་་་ཁ་སང་དྒ་ས་ན་གངས་འབབ་འདུག་པ་དང་་་དེ་རིང་མ་གཏོགས་ལང་ཐུབ་མ་སོང་་་

    Reply
  7. kawakampo says:
    ལོ་ 17 སྔོན།

    དྲ་ཐོག་ན་ཡོད་ན་མགྱོགས་པོར་འགོད་རོགས་་་་་་་་

    Reply
  8. kawakampo says:
    ལོ་ 17 སྔོན།

    ཁྱེད་ཀྱིས་ང་ལྟ་བུ་དག་ལ་སྒྲུང་མུ་འགོད་བྱས་ཏེ་དྲ་ཐོག་ནས་ལྷག་འགྲོ་གི་
    མ་ཟད་ཕོ་ཁུག་ཡང་སུ་ཡིས་བཀང་་་་་་

    Reply
  9. kawakampo says:
    ལོ་ 17 སྔོན།

    ད་མགྱོགས་པོ་ཡིན་གོ

    Reply
  10. chokri nyima says:
    ལོ་ 17 སྔོན།

    ཡག་པོ་བྲིས་འདུག་་་་་་་་་་་་་་མུ་མཐུད་ནས་ཡིན་ད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese