མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} རེ་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་དང་བན་སྡེ་འཚོ་གཉིས་མཚན་བཀང་བོར་གཉིད་མེད་ཀྱང་། ད་དུང་། གཉིད་གཏན་ནས་ཁུགས་འདོད་མེད་པར་གྱུར་ཡོད་ལ། ནམ་གསལ་དག་ཆོད་ནས་ཁོ་གཉིས་ཡར་བླངས་དེ་བན་སྡེ་འཚོ་ཨ་ཅེ་ཆོས་སྒྲོན་འབོད་དུ་སོང་།

ད་ང་ཚོ་འདི་ནས་རྐང་འཐུང་ལ་སོང་ན་ཡང་ལམ་ཐག་རིང་བོ་མ་རེད། ཞོགས་པ་སྔ་བོ་ཡིན་དུས་ང་ཚོའི་ལག་དུ་གླ་བྱེད་རླངས་འཁོར་ཡང་རེག་ཁག་པོ་ཡིན་ནི་རེད། ཁྱེད་གཉིས་ཕྱིར་སྔ་བོ་འགྲོ་དགོས་དུས་ང་ཚོ་ལམ་ལ་འབུད་ཟེར་ནས་ཁོང་ཚོ་གསུམ་པོ་ནུ་བོ་ཀླུ་འབུམ་རྒྱལ་གྱི་ཁང་བ་ནས་ཕྱི་ལ་བུད།

ལམ་བར་དུ་ཁོང་ཚོས་ཁ་བརྡ་བྱེད་བཞིན་སོང་བ་དང་། བན་སྡེ་འཚོས་ཨ་ཅེ་ཡིས་བློ་བཟང་ལ་ཁྱེད་རང་མི་འགྱངས་པར་མཛོ་དགེ་རུ་ཡོང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག བན་སྡེ་འཚོའི་ཕ་མ་གཉིས་ཀྱིས་ཀྱང་ཁྱེད་རང་ལ་ཐུག་འདོད་བྱེད་ཀྱི་འདུག

བློ་བཟང་གིས་ཁོ་གཉིས་རྫོང་རླངས་འཁོར་འབབ་ཚིགས་སུ་བསྐྱལ་བ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འགྲོ་བའི་རླངས་འཁོར་འཛིན་བྱང་ཡང་ཁོ་རང་གིས་ཉོས་དུས་སུ། བན་སྡེ་འཚོས། བློ་བཟང་གི་ལག་ནང་དུ་རྒྱ་སྒོར་བརྒྱ་ལོ་ཞིག་བརྫངས་དེ། ནམ་ཡིན་ན་ཁྱེད་རང་གི་འགྲོ་སོང་བཏང་ན་ག་ལ་འགྲིག་ཞེས་བཤད།

བློ་བཟང་གིས་སྐྱོན་ནི་མ་རེད། འུ་གཉིས་གཅིག་རེད། ད་དེ་མ་བྱེད་འདིར་ཕར་ལོངས་ཟེར་ནས་ཕྱིར་སྤྲོད་དུས་སུ། བན་སྡེ་འཚོས་གཏན་ནས་མ་བླངས་པ་མ་ཟད། དེས་ཁྱེད་རང་གི་ཚ་བོ་ཚ་མོ་དག་ལ་ཁ་མ་རེ་ཉོ་བྱེད་དུ་ངས་སྤྲད་པ་ཡིན་ཟེར་ནས་གཏན་ནས་མ་བླངས་སྟབས། བློ་བཟང་ལ་ཡང་ཐབས་ཤེས་མེད་པར་རུམ་ནང་དུ་བསྡུ་ཞོར། ངས་ཁྱེད་རང་ལ་རྒྱན་ཆའི་སྐོར་བཤད་པ་དེ་ཁྱེད་རང་གི་སེམས་སུ་འཛིན་རོགས། ང་རང་མགྱོགས་པོ་ཕར་ཡོང་ཐུབ་མིན་སང་ཉིན་ནངས་ཉིན་ངེད་གཉིས་ཀྱིས་ཁ་པར་ནང་ནས་ཁ་བརྡ་བྱེད་ཆོག་གི་རེད་ཅེས་བཤད།

བན་སྡེ་འཚོས། ཡ་ཡ་ བཤད་རྒྱུ་མེད། ངའི་སེམས་སུ་བཟུང་ཡོད། རྗེས་ཕྱོགས་ངས་རྒྱན་ཆ་མི་འདོག ཚེས་ཆེན་དུས་ཆེན་ལ་མ་གཏོགས་ཟེར་བཞིན་བློ་བཟང་གི་ལག་མགོ་འཇར་ནས་བདེ་མོ་བྱོས། མགྱོགས་པོ་ཐུག་རྒྱུར་ང་རང་ལ་རེ་བ་ཡོད་ཅེས་རླངས་འཁོར་གྱི་ནང་དུ་འབུད།

བློ་བཟང་གིས་ལག་གཡུགས་བྱེད་ཀྱིན་ཁོ་གཉིས་ལ་སྐྱེལ་མ་བྱས་རྗེས། ག་ལེར་ཐ་མག་ཞིག་ཁ་ནང་དུ་བཙུགས་དེ་གླ་བྱེད་རླངས་འཁོར་ཞིག་ལ་སྐད་བཏང་།

ཉིན་མ་རེ་རེ་བཞིན་བློ་བཟང་ལ་བན་སྡེ་འཚོས་ཁ་པར་ཡོང་གི་ཡོད་པ་མ་ཟད། བློ་བཟང་གང་མགྱོགས་ཀན་ལྷོ་མཛོ་དགེ་རུ་མོ་རང་གི་ཕ་ཡུལ་དུ་ཡོང་ཐུབ་མིན་སྐོར་ལ་ཡང་རེ་བ་ཡོད་རབས་རྒྱུན་དུ་བཤད་བཞིན་ཡོད་པ་རེད། གང་ལྟར། དུས་ཚོད་འགྲོ་བ་ནི་ཧ་ཅང་མགྱོགས་སྟབས། བློ་བཟང་གིས་རང་གི་དམིགས་ཡུལ་ཡང་གཏན་ནས་མི་འགྲུབ་པའི་རྒྱུ་མཚན་ཚང་མ་ཤེས་རྗེས་སུ། བན་སྡེ་འཚོ་ལ་དེ་ཡི་སྐོར་ཁོ་རང་ནང་དུ་སླེབས་ནས་ཉིན་མ་ཉི་ཤུའི་རྗེས་སུ་གསལ་བོ་བཤད།

བན་སྡེ་འཚོས། སྐད་ཆ་དེ་གོ་ནས་དངོས་ནས་འདོད་ཐོག་དུ་རྟ་རྒྱུགས་པ་ལྟར། ད་ཁྱེད་རང་གི་སེམས་ཁྲལ་བྱས་དེ་འོང་རྒྱུ་གང་ཡང་མེད་པ་རེད། དེ་ལས་འུ་གཉིས་ཀྱིས་ད་ནི་མི་ཚེའི་ཁྱིམ་གཞིའི་སྐོར་ལ་འདང་ཞིག་བརྒྱབ་ན་ག་འདྲ་འདུག་ཟེར་ནས་བློ་བཟང་ལ་འབོད་སྐུལ་ཞུས་པ་ལྟར། བློ་བཟང་གིས་ཀྱང་དེ་ལྟར་བྱེད་རྒྱུའི་ཕྱོགས་སུ་བསམ་བློ་གཏོང་བཞིན་པའི་ཉིན་མཚན་མང་བོ་ཞིག་སོང་བའི་མཚན་མོ་ཞིག་ལ། བན་སྡེ་འཚོས་ནམ་རྒྱུན་ལྟར་ཁ་པར་སླེབས།

བློ་བཟང་། ངས་ཁྱེད་རང་ལ་གྲོས་ཁ་ཞིག་བྱེད་དགོས་ཀྱི་འདུག ཁ་པར་ནང་ནས་བཤད་པ་ཡིན་ན་སྟབས་བདེ་བོ་མི་འདུག ངས་ཁྱེད་རང་ལ་བཤད་པ་ལྟར། སང་ཉིན་ང་རང་ཀ་ཅུའི་ཉེ་འགྲམ་གྱི་འོ་མ་བཟོ་གྲྭ་དེ་རུ་ལས་ཀ་བྱེད་དུ་འགྲོ་རྒྱུའི་གྲངས་ལ་ཐོ་འགོད་བྱས་པ་ལྟར་འགྲོ་བཞིན་ཡོད། དེ་རུ་གླ་ཆ་ཡང་འདི་ནས་ལས་ཀ་བྱེད་པ་ལས་བཟང་གི ད་ཁྱེད་རང་འདི་ལ་ཡོང་མི་ཐུབ་ན་ང་རང་སང་ཉིན་དེ་རུ་འགྲོ་རྒྱུའི་ཐག་བཅད་པ་ཡིན་ན་ག་འདྲ་འདུག དེ་འགྲིག་ན། ཉིན་གཉིས་ཀྱི་རྗེས་སུ་ཁྱེད་རང་ཡིན་གཅིག་མིན་གཅིག་ང་རང་ལ་ཐུག་འཕྲད་བྱེད་དུ་ཤོག་དང་། དེ་ནས་ངས་ཁྱེད་རང་ལ་གནས་ཚུལ་གསལ་བོ་བཤད་ཆོག

བློ་བཟང་གིས་དེ་འདྲ་ཡིན་ན་བཟང་གི ང་རང་ལ་གནས་སྐབས་རིང་མི་གྲངས་ལག་ཁྱེར་ཡང་མེད་དུས་ལས་ཀ་ཞིག་བྱེད་རྒྱུའི་ཐད་དུ་ཡང་དཀའ་ངལ་ཡོད་པ་རེད། དེ་ཡིན་དུས་མི་གྲངས་ལག་ཁྱེར་སླེབས་རེག་བར་དུ་མི་སྒུག་ཐབས་མེད་རེད། ཁྱེད་རང་དེ་རུ་སོང་ན་འགྲིག་གི་འདུག དེ་ནས་ངེད་གཉིས་ཀྱིས་དལ་མོར་བལྟ་ཆོག་གི་རེད།

བན་སྡེ་འཚོས། དེས་ན་སང་ནུབ་ཁ་པར་མ་སླེབས་པ་ཡིན་ན། ནངས་ཉིན་ཁྱེད་རང་སྔོན་ཆད་ངེད་གཉིས་ཐོག་མར་བསྡོད་སའི་ཀ་ཅུའི་མགྲོན་ཁང་དེ་རུ་ཕྱི་དྲོ་ཆུ་ཚོད་བདུན་པའི་སྟེང་དུ་སླེབས་ཐུབ་པ་བྱོས། དེ་ནས་འུ་གཉིས་ཐུག་ཆོག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་གཉིས་སླེབས་ནས་ཁ་གཡང་བརྗོད་པ་བཀའ་དྲིན་ཆེ་ལགས། རྣམ་པ་གཉིས་ལ་ཡང་དེ་མཚུངས་ཡིན། ཡང་ཡང་མཇལ་བར་སྨོན།

    Reply
  2. chentsasopa says:
    ལོ་ 16 སྔོན།

    ཁ་སྔོན་སྤྱི་ལོ་ཚེས་དུས་ནས་ལོ་གསར་བའི་ནང་དུ་བསོམ་དོན་འགྲུབ་པའི་སྐོར་སོགས་གང་མང་ཞིག་བཤད་ཟིན་མོད། ད་ཡང་རང་ཅག་བོད་ཀྱི་ལོ་གསར་པ་ཚེས་སོང་བས་ཡང་བསྐྱར་ལོ་གསར་བའི་ནང་དུ་མི་ལ་ན་ཚ་དང་ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག ཁྱེད་བཟའ་མི་གསུམ་གྱིས་ཅི་བསམས་དོན་ཀུན་འགྲུབ་པར་ཤོག (སྤྱིར་ཁྱོད་ལ་བཟའ་མི་དུ་ཡོད་མི་ཤེས་མོད། ན་ནིང་གི་ལོ་དཀྱིལ་ཙམ་ཞིག་ལ་དྲ་གྲོགས་ཚོས་ཁྱོད་ལ་བུ་མོ་ཐར་མ་འཚོ་ཟེར་བ་ཞིག་སྐྱེས་རབས་ལ་འཚམས་འདྲི་བྱས་པ་དྲན་གི་འདུག དེ་བས་བཟའ་མི་གསུམ་ཅེས་པ་ཡིན།)ཡང་ཡང་མཇལ་ཡོང་།

    Reply
  3. tashi says:
    ལོ་ 16 སྔོན།

    ལོ་གསར་བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese