མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་ས་ཁུལ་དེར་འབྱོར་མ་ཐག ཕྱིར་མཚམས་སྐྱིད་ལ་འཕྲིན་ཡིག་ཞིག་སྐུར་བ་དེ་ཡི་ནང་དོན་ཡང་ཁོ་རང་ཁོ་མོ་དང་གྱེས་ཁར་བཤད་པའི་སྐད་ཆ་དེ་ལས་གཞན་གང་ཡང་མེད་པ་རེད་ལ། ཡིན་ཡང་། བློ་བཟང་ལ་འཕྲིན་ལན་གང་ཡང་མ་འབྱོར་བ་རེད།
འོན་ཀྱང་། ཉིན་ཞིག་བློ་བཟང་ལ་སློབ་གྲྭ་དེ་ཡི་ཁ་པར་ཨང་གྲངས་ཤིག་རེག་ནས་ཁ་པར་བཏང་བ་རེད།

མཚམས་སྐྱིད་ཀྱིས། ངས་ཁྱེད་རང་ལ་འཕྲིན་ལན་ཞིག་སྐུར་ཚར་བ་ཡིན། ཁྱེད་རང་ལ་འཕྲོད་མ་སོང་བ་ཡིན་རྒྱུ་རེད། སང་ཉིན་ང་རང་རྡ་སྟེང་མེག་ལོར་དུ་འགྲོ་ངེས་ཡིན། ལྷག་པར་དུ་ཁྱེད་རང་གི་གྲོགས་པོ་དེ་ཡི་སར་སོང་ནས་རོགས་ཤིག་བྱེད་དུ་འཇུག་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ང་རང་ལ་ཨ་རི་ནས་ཕུ་བོ་ཟླ་བས་ཨ་སྒོར་ཉིས་བརྒྱ་ཞིག་སྐུར་འདུག དེ་ཧིན་སྒོར་ལ་བརྗེ་བོ་རྒྱབ་དེ་གོན་པ་གསར་བ་ཁ་ཤས་ཤིག་ཉོ་འདོད་འདུག ངས་རེ་བ་ལ་ཁྱེད་རང་ལོ་སར་བར་དུ་ཚུར་འབྱོར་ན་བསམ་བཞིན་ཡོད།

བློ་བཟང་གིས། ཁྱེད་རང་གི་ཕུ་བོས་ཁྱེད་རང་ལ་སྒོར་མོ་སྐུར་ཡོད་ན་དངོས་ནས་ཡག་པོ་རེད། འོན་ཀྱང་། སྒོར་མོ་དེ་ཚོ་དོན་མེད་དུ་འཕྲོ་བརླག་དུ་མ་གཏོང་། གོན་པ་གསར་བ་རེ་ཉོས་དེ་བརྫིག་པོ་བྱེད་པ་ལས། ཟ་མ་ཡག་པོ་རེ་ཟས་དེ། སློབ་སྤྱོང་ཡག་པོ་ཞིག་བྱོས་པ་ཡིན་ན་ཡག་པོ་ཡོད་པ་རེད། ང་རང་ཕལ་ཆེར་ལོ་སར་ལ་ཡོང་མི་ཐུབ་ཁོ་ཐག་རེད། འོན་ཀྱང་ལོ་གསར་རྗེས་སུ་མི་འགྱངས་པར་ཡོང་ངེས་ཡིན། ལྷག་པར་དུ་སློབ་གྲྭ་དེ་རུ་ང་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱང་འབྱོར་ཡོད་པ་རེད། ཁྱེད་རང་གིས་ཁོ་ལ་ངོ་ཤེས་ཤིག་བྱས་པ་ཡིན་ན་ཡག་པོ་ཡོད་པ་རེད།

མཚམས་སྐྱིད་ཀྱིས། ཡ་ཡ། ངས་ཁྱེད་རང་གི་ཁ་ལ་ཉན་ཆོག ཡིན་ཡང་། ལོ་སར་ལ་ཁྱེད་རང་མི་ཡོང་ཁོ་ཐག་ཡིན་ན་ང་རང་ལོ་སར་སྐབས་སུ་སློབ་གྲྭ་ནས་མི་འདུག སྤིར་གཞིས་ཆགས་སུ་ང་ཚོའི་ཕ་ཡུལ་གཅིག་པ་ཚོས་ལོ་སར་ལྷན་དུ་གཏོང་བཞིན་འདུག ང་རང་དེ་རུ་འགྲོ་འདོད་འདུག འགྲིག་གི་རེད་དམ། འོན་ཀྱང་། ཕུ་བོས་ལོ་སར་གྱི་གུང་གསེང་སྐབས་སུ་རྡ་ས་མེག་ལོར་ནས་དབྱིན་སྐད་ཕྲན་བུ་ཞིག་ཟུར་སྤྱོང་བྱས་པ་ཡིན་ན་ཟེར་གྱི་འདུག

བློ་བཟང་གིས། དེ་འགྲིག་དང་འགྲིག ཡིན་ཡང་། ངས་བལྟས་པ་ཡིན་ན་ཁྱེད་རང་གི་ཕུ་བོས་བཤད་པ་དེ་དངོས་ནས་ཡག་པོ་འདུག གོ་སྐབས་དེ་དངོས་ནས་ཡག་པོ་རེད། གཙོ་བོ་ཁྱེད་རང་གི་བསམ་བློ་ཞིབ་མོ་གཏོང་། ངས་ཁྱེད་རང་གི་རང་གི་མདུན་ལམ་ནོར་དུ་མི་འཇུག་པའི་ཡིད་ཆེས་ཡོད།

ལོ་གསར་མ་སླེབས་པའི་གོང་དེར་བློ་བཟང་ལ་འཕྲིན་ཡིག་ཞིག་འབྱོར་བ་དང་། འཕྲིན་ཡིག་དེ་སྐུར་མཁན་ནི་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཡིན་པ་རེད། འཕྲིན་ཡིག་གི་ནང་དུ་ཁོ་རང་སློབ་གྲྭ་རུ་བདེ་མོ་ཡིན་པ་དང་། ནུ་མོ་མཚོ་མོ་སྐྱིད་ཀྱང་སློབ་གྲྭ་ན་བདེ་མོ་ཡོད་ཚུལ། ཞོར་དུ་མཚམས་སྐྱིད་ཀྱི་སྐོར་ཞིག་བྲིས་ཡོད་པ་ནི། ཕུ་བོ་བློ་བཟང་ལགས། ངས་གོ་ཐོས་ཡིན་ན། ཁྱེད་རང་མཚམས་སྐྱིད་ཟེར་བའི་བུ་མོ་དེ་དང་དགའ་རོགས་ཡིན་རབས་འདུག ངའི་རེ་བ་ཡིན་ན་ཁྱེད་རང་གིས་བུ་མོ་དེ་དང་དགའ་རོགས་མ་སྒྲིག་ན་ཡག་པོ་འདུག བུ་མོ་དེ་ནི་ང་ཚོའི་འཛིན་གྲྭའི་ནང་གི་མ་རབས་ཚ་ཤོས་ཀྱི་བུ་མོ་དེ་རེད། ཁོ་མོས་འདི་ནས་ཕོ་གསར་གཞན་དག་ལྷན་དུ་དགའ་རོགས་སྒྲིག་གི་འདུག མཐའ་མཇུག་ངས་རེ་བ་ནི་ཁྱེད་རང་གི་བུ་མོ་འདི་ལས་ཡག་ཞིག་རེག་ངེས་ཡིན་པར་ཡིད་ཆེས་ཡོད་ལ། བུ་མོ་དེ་ལ་བརྩེ་བ་ཆགས་མེད་པར་རེ་བ་རྒྱག་གི་ཡོད་ཅེས་བྲིས་ཡོད་པ་རེད།

བློ་བཟང་གིས་ཡི་གེ་ཞིབ་དུ་ཀློག་ནས་སྣང་མེད་དུ་སྐྱུར་བ་དང་། མུ་མཐུད་དུ་མཚམས་སྐྱིད་ཀྱི་ཁ་པར་སླེབས་ཐེངས་རེ་ལ། ཁ་བརྡ་སློབ་གསོ་རེ་བྱེད་པ་དང། ཁོ་གཉིས་མི་རིང་བར་ཐུག་ཐུབ་ངེས་ཡིན་པའི་སྐོར་རྐྱང་རྐྱང་བཤད་པ་རེད།

ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་ཕྱིར་རྡ་སར་འབྱོར་ནས་སློབ་གྲྭ་རུ་རང་གི་སྤུན་མཆེད་དང་རྡོར་སྐྱབས། མཚམས་སྐྱིད་བཅས་ལ་ཐུག་འཕྲད་བྱེད་དུ་སོང་བ་དང་ལག་སྐྱེས་ཆུང་ཆུང་རེ་ཡང་ཉོས་དེ་སོང་། བཀྲ་ཤིས་དོན་འགྲུབ་དང་རྡོར་སྐྱབས་གཉིས་ལ་ཁ་བརྡ་ལྷོད་ལྷོད་ཅིག་བྱས་རྗེས་སུ་ཁོ་གཉིས་བློ་བཟང་གི་ལག་སྐྱེས་དེ་དག་ཁུར་ནས་ཕྱིར་སློབ་གྲྭར་སོང་ཤུལ་དུ། མཚམས་སྐྱིད་དང་ཁོ་གཉིས་གཟའ་ཉི་མའི་ཉིན་རྡ་སྟེང་ནས་ཐུག་འཕྲད་བྱེད་རྒྱུའི་དུས་ཚོད་བསྒོས།

ཕྱིར་ཉིན་ཞོགས་པ་སྔ་བོ་བློ་བཟང་ནོར་གླིང་གི་རང་གི་གྲོགས་པོ་ཚེ་རིང་གི་ནང་ནས་ཡར་བླངས་དེ། ཟླ་ངོ་དྲུག་གི་རིང་དུ་ཁ་ངོ་མ་ཐུག་པའི་རང་གི་ནུ་མོ་མཚམས་སྐྱིད་ལ་ལྟ་རུ་སོང་བ་རེད། བློ་བཟང་གིས་ནུ་མོ་མཚོ་མོ་སྐྱིད་ལ་ཉོས་པའི་ལག་སྐྱེས་དང་གོན་པ་གསར་བ་ཆ་ཚང་གཉིས་བཅས་ཁུར་ནས་སློབ་གྲྭར་འབྱོར་དུས། སློབ་གྲྭའི་བར་གསེང་བཏང་མེད་སྟབས། ཅུང་ཙམ་སྒུག་དགོས་བྱུང་བ་རེད།

ནུ་མོ་མཚོ་མོ་སྐྱིད་ཀྱིས་རང་གི་ཕུ་བོ་བློ་བཟང་རང་ཉིད་ལ་ཐུག་འཕྲད་བྱེད་དུ་འབྱོར་ཡོད་པ་མཐོང་མ་ཐག ངུ་སྐད་དང་བཅུས་དེ་རང་གི་ཕུ་བོ་ལ་འཐམ་ནས་ངུས་པ་ན། བློ་བཟང་གི་སེམས་གཏིང་ནས་ཟུག་རྔུ་ཞིག་དང་བཅས། ད་མ་ངུ་། ང་ཁྱེད་རང་ཡོད་སར་ཐོན་ཡོད་པ་མི་རིག་གི མ་ངུ་། མ་ངུ་། འདི་ཟེར་ནས་ཁོ་རང་གིས་ཅ་དངོས་དག་ནུ་མོ་མཚོ་མོ་སྐྱིད་ལ་སྤྲད་དུས། ད་དུང་། ངུ་མཚམས་མ་ཆད་པར། མིག་ཆུ་འཁུར་ཚེས་ནས་ཟེགས་ཀྱིན་ཡོད་པ་རེད།

བློ་བཟང་གིས། ད་མ་ངུ་། མིག་ཆུ་དེ་ཚོ་ཡག་པོ་ཞིག་ཕྱིས་ཤིག ངས་ཁྱེད་རང་ལ་འདྲ་དཔར་ཁ་ཤས་ཤིག་བརྒྱབ་ནས། ང་རང་ཕར་སོང་ནས་ནང་ལ་སྐུར་དགོས་པ་རེད། ནང་མི་ཚོས་ཁྱེད་རང་གི་དཔར་ཞིག་སྐུར་ཤོག་ཟེར་ནས་ཡང་དང་བསྐྱར་དུ་བཤད་ཀྱི་འདུག ཁྱེད་རང་འདི་ལྟར་ངུས་པ་ཡིན་ན། ང་རང་རྗེས་མ་ལྟ་རུ་ཡོང་གི་མིན།

སྐབས་དེར། ནུ་མོ་མཚོ་མོ་སྐྱིད་ཀྱིས། ཨང་ཨང་ཟེར་ཞོར་དུ། ཕུ་བོ་བློ་བཟང་གི་ཉོས་པའི་རྩེད་ཆས་ཤིག་ལག་དུ་བཟང་ནས་འདྲ་དཔར་བརྒྱག་དུ་བཅུགས་པ་རེད། བློ་བཟང་གིས་སྐབས་དེར་ཁོ་རང་གི་ཉེ་འཁོར་དུ་ཁོ་གཉིས་ལ་ཐག་རིང་ཐུང་གཉིས་ཀ་ནས་བལྟས་དེ་བསྡོད་ཀྱིན་པའི་བྱིས་པ་དེ་དག་གི་ངང་ཚུལ་མཐོང་དུས་སུ། སེམས་བསམ་པའི་གཏིང་ནས་སྐྱོ་བ་དྲགས་པོ་ཞིག་སྐྱེ་ཞོར་དུ། ལྟོས་དང་། ཁྱེད་རང་ལ་ང་ཡོང་ནས་ལག་སྐྱེས་ཉོས་དེ་ལྟ་རུ་ཡོང་གི་ཡོད་པ་དང་། ཁོང་ཚོས་རང་གི་ཕ་མ་དག་རྒྱང་རིང་བོད་དུ་ཡོད་པའི་ཁྱེད་རང་དགའ་ན་རེད།

བློ་བཟང་གིས་རང་གི་ནུ་མོ་ལ་ཐུག་འཕྲད་བྱས་ཚར་ནས་ཕྱིར་རྡ་སར་འགྲོ་བའི་རླངས་འཁོར་ནང་དུ་བུད་དེ་ཡོང་བའི་ལམ་ཁ་ནས། སློབ་གྲྭའི་ནང་གི་བྱིས་པ་གཞན་དག་གི་ངོ་གདོང་དང་། དེ་དག་གི་མ་འོངས་པ། ཡང་ན། རང་རང་གི་ཤ་ཁྲག་གི་ལུས་བརྟེན་འཕྲོད་མཁན་གྱི་ཕ་མ་ཉེ་དུ་ཚོ་དང་རྒྱང་ཐག་རིང་བའི་ཡུལ་ན་འཚོ་བའི་སྐོར་སོགས་ལ་འདང་རྒྱག་གིན་ཕྱིར་རྡ་སར་འབྱོར་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༧ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese