་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
བློ་བཟང་གིས་མཚན་མོ་དེར། རང་གི་གྲོགས་པོ་རྡོར་རྗེ་སྐྱབས་ལ་ཡང་། མཚམས་སྐྱིད་དང་ཁོ་གཉིས་ཀྱི་འབྲེལ་བ་བྱུང་རིམ་ནས་བཟུང་དེ་འཐོར་དགོས་པའི་གནད་དོན་སོགས་ཞིབ་དུ་གླེང་དུས་སུ། ཁོས་བློ་བཟང་ལ་རྗེས་སུ་ཁ་པར་ཡོང་བ་ཡིན་ན་ང་འགྲོ ཁྱེད་རང་མ་འགྲོ ང་སོང་ནས་མཚམས་སྐྱིད་ཟེར་བའི་བུད་མེད་དེ་ལ་ཁ་བརྡ་ཞིག་བྱས་དེ་རྗེས་སུ་ཁྱེད་རང་ལ་འབྲེལ་བ་མ་བྱེད། འདི་ཁུལ་ནས་ཁོ་རང་ལ་དགའ་རོགས་ཡོད་པ་མ་ཟད། བཟའ་ཚང་བྱེད་རྒྱུའི་ཐག་བཅད་ཚར་འདུག་ཟེར་ནས་བཤད་ཆོག
བློ་བཟང་གིས། དེ་ཕལ་ཆེར་ཡག་པོ་ཡོད་རྒྱུ་མ་རེད། ཁོ་མོས་དེ་འདྲ་ཞིག་གོ་བ་ཡིན་ན། ཁོ་མོ་ང་ཚོ་ཡོད་ས་རུ་ཡོང་གི་ཡིན་ཟེར་ཁོ་ཐག་ཡིན་ནི་རེད། ད་དུང་། ཁོ་རང་གིས་ང་ལ་མི་ཁ་མི་ཉུང་བ་ཞིག་བཟོ་བཞིན་པའི་སྐོར་ངས་ཉེ་སྔོན་རྡ་སའི་གྲོགས་པོ་ཞིག་ལ་ཁ་བརྡ་བྱེད་སྐབས་ཁོས་ང་རང་ལ་གསལ་བོ་བཤད་སོང་། ཁོ་མོ་ནི་དེ་འདྲའི་བུད་མེད་ལས་སླ་བོ་ཞིག་གཏན་ནས་མིན། ཁོ་རང་ལ་དངོས་ནས་དགོས་པ་དེ་ནི་བརྩེ་བ་རེད་མི་འདུག ཕལ་ཆེར་ངའི་སྲོག་དགོས་ཀྱི་ཡོད་པ་འདྲ།
རྡོར་རྗེ་སྐྱབས་ཀྱིས། གླེན་བཤད་མ་བྱེད། མི་དགོས་པ་དེ་ཚོ་དྲན་མ་ཡོང་། བུད་མེད་དེ་ཡི་རིགས་ལ་ངས་ག་རེ་བཤད་དགོས་མིན་ཤེས་ནི་རེད། ཁོ་མོ་འདི་རུ་ཡོང་གི་ཡིན་ཟེར་ན་དེ་ནི་ལས་སླ་བོ་ཞིག་ཡོད་པ་མ་རེད། འདི་ཁུལ་དུ་ཡོང་བ་ལ་སྐྱབས་བཅོལ་ལག་ཁྱེར་མེད་པར་ཡོང་ཐུབ་ཀྱི་མེད་པ་རེད། ཁྱེད་རང་གི་སེམས་བདེ་མོ་བྱོས། ང་རང་གིས་ཚོད་ལྟ་ཞིག་བྱས་པ་དེར་སྐྱོན་མི་འདུག་སྙམ། དེ་ནས་ཁ་མ་ཉན། ཁོ་མོས་ཡང་བསྐྱར་ཁ་པར་བཏང་ནས་ཡོང་ན་དེ་དུས་ཁྱེད་རང་སོང་ནས་ཁ་བརྡ་བྱས་ཀྱང་མི་སྐྱོན།
བློ་བཟང་གིས། ཉིན་མོ་ཁོ་རང་གི་གྲོགས་མོ་ཡག་ཤོས་དང་སྣང་བ་ཆེས་མཐུན་ཤོས་ཀྱི་ཉི་མ་སྒྲོལ་མའི་ལྷན་དུ་ཁ་བརྡ་དང་གླེང་མོལ་བྱེད་ཀྱི་ཡོད་ལ། ཉི་མ་ལྷ་སྒྲོན་གྱིས་ཁོ་རང་གི་རྒན་པོ་ཡང་ཉིན་ཁ་ཤས་ཀྱི་རྗེས་སུ་དམག་སྒར་ནས་གུང་གསེང་དུ་ཡོང་གི་ཡོད་པའི་སྐོར་གླེང་བ་དང་། བློ་བཟང་ལ་དངོས་ནས་ཁྱེད་རང་ལ་ངའི་གྲོགས་མོ་ཞིག་ངོ་སྤྲོད་བྱས་པ་ཡིན་ན་ཁྱེད་རང་ལ་འདོད་པ་འདྲ་ཨེ་ཡོད་ཅེས་གློ་བར་བའི་སྐད་ཆ་དེ་འདྲ་ཞིག་བཤད་པ་རེད།
བློ་བཟང་གིས། ཀུ་རེ་དང་བཅས་ངའི་དགའ་རོགས་ནི་ཁྱེད་རང་གི་སེམས་ཁྲལ་བྱེད་དགོས་ཀྱི་ཡོད་པ་མ་རེད། ང་རང་གི་དགའ་རོགས་ང་རང་གི་འཚོལ་ཐུབ་ངེས་ཡིན། ཁྱེད་རང་གིས་བསམ་པར་ང་རང་གི་ལག་དུ་དགའ་རོགས་རེག་གི་མི་འདུག་བསམ་གྱི་ཡོད་དམ།
ཉི་མ་ལྷ་སྒྲོན་གྱིས། ངས་དེ་འདྲ་བཤད་པ་མིན། ཁྱེད་རང་ལ་དངོས་ནས་བཤད་ཀྱི་ཡོད། ང་ལ་གྲོགས་མོ་ཡག་པོ་ཞིག་ཡོད། དེ་ཁྱེད་རང་གིས་ཀྱང་མཐོང་མྱོང་ཡོད་པ་རེད། ཁོ་མོ་ནི་དངོས་ནས་ལས་ལ་བརྩོན་ཞིང་བབ་ཆགས་པའི་བུད་མེད་ཡ་རབས་ཤིག་ཡིན། ཁྱེད་རང་ལ་འདོད་པ་ཡོད་ན་ནི། ངས་ཁོ་མོ་ལ་འབྲེལ་བ་བྱེད་ཆོག
དེས་ན་བུད་མེད་སུ་རེད།
དེ་ནི་ཁྱེད་རང་ལ་དུས་རྒྱུན་དུ་ཇ་རྒ་དང་སྤྲང་རྩི་དཀྲུགས་མའི་ཇ་བཟོས་དེ་སྤྲོད་མཁན་དེ་རེད།
བདེ་འཚོ་་་ཨེ
རེད། རེད། ཁོ་མོ་རེད།
ཁོ་མོ་ནི་དངོས་ནས་བུད་མེད་ཡ་རབས་ཤིག་ཡིན་པ་མ་ཟད། ད་ལྟའི་བར་དུ་མི་ཚང་མང་བོ་ཞིག་གནས་ལ་སློང་ན་ཡང་མ་སོང་བ་རེད། ད་ནི་མོ་རང་ཡང་ལོ་ན་ཚོད་ཀྱི་དུས་དང་བབ་ནས་འོང་གི་ཡོད་དུས། རང་གི་དགའ་ས་འཐད་ས་ཞིག་དང་མི་ཚེ་བསྐྱེལ་འདོད་ཡོད་རབས་སྔ་མོ་ནས་ཁོ་མོའི་ང་ལ་བཤད་མྱོང་ཡོད། ངས་བལྟས་ན་ཁོ་མོའི་ཁྱེད་རང་སྣང་བ་འགྲོ་ཡི་འདུག
བློ་བཟང་གིས། དེ་འདྲ་ཡིན་ན། ཁྱེད་རང་གིས་འབྲེལ་བ་བྱེད་དགོས་དོན་མེད་ཀི ངེད་གཉིས་ནི་ཕན་ཚུན་ལ་ཁ་གྲགས་རེ་ཡོད་པ་ཞིག་ཡིན་དུས། ངས་ཁོ་མོ་ལ་ག་ལེར་འབྲེལ་བ་བྱས་པ་ཡིན་ན་འགྲིག་གི་ཡོད། ཁྱེད་རང་ལ་དཀའ་ལས་གཏོད་དགོས་དོན་མི་འདུག
ཉི་མ་ལྷ་སྒྲོན་གྱིས། སང་ཉིན་ནི་ངལ་གསོ་རེད། དེ་ཡིན་དུས་ཁྱེད་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་དང་ཁྱེད་གཉིས་སང་ཉིན་ངེད་ཚང་དུ་ཡོང་བ་ཡིན་ན་ག་འདྲ་འདུག ང་ཚོས་ངེད་ཚང་ནས་ལྷོད་ལྷོད་བྱས་དེ་ཁ་ལག་ཞིག་བཟོས་པ་ཡིན་ན་ག་འདྲ་འདུག
བློ་བཟང་གིས། རེད། རེད། དེ་འགྲིག་གི་ངེད་གཉིས་སང་ཉིན་ཡོང་ངེས་ཡིན། ཆུ་ཚོད་ག་དུས་ཤིག་ལ་ཡོང་བ་ཡིན་ན་འགྲིག་གི་འདུག
བློ་བཟང་གིས་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་ལ། ཉི་མ་ལྷ་སྒྲོན་གྱིས་ཁོ་གཉིས་ལ་མགྲོན་འབོད་བྱས་ཡོད་པའི་འུ་གཉིས་འགྲོ་ཟེར་ནས་ལྕོག་ལམ་ཚལ་དུ་སོང་ནས་ཟས་རིགས་དང་འཐུང་རིགས་སྐོར་ཞིག་ཉོས་དེ་འགྲོ་བཞིན་ལམ་ཁ་ནས། གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས། ངས་བལྟས་ན་ང་རང་མ་སོང་ན་ཡག་པོ་འདུག ཁྱེད་གཉིས་ངོ་ཤེས་ཡིན་སྟབས་ཁོ་མོའི་ཁྱེད་རང་ལ་གཅིག་བུ་ལ་སྐད་གཏོང་རྒྱུར་ཁོ་མོར་བདེ་བོ་མ་བྱུང་བས་ཁྱེད་རང་ལ་འུ་གཉིས་ཤོག་ཟེར་ནས་བཤད་པ་རེད། ང་མི་འགྲོ ཁྱེད་རང་གིས་ངས་འདི་དག་སྐུར་སོང་། ང་རང་གི་ནང་དུ་གོན་པ་མང་བོ་ཞིག་དཀྲུ་རྒྱུ་ཡོད་ཟེར་ནས་ཡོང་མ་སོང་ཟེར་ནས་བཤད་རོགས་ཟེར་ནས་ཨུ་ཚུགས་བྱས་དེ་ཕྱིར་འགྲོ་ཁང་དུ་ལོག་པ་རེད།
བློ་བཟང་ཉི་མ་ལྷ་སྒྲོན་ཚང་ལ་འབྱོར་དུས། དེ་རུ་བདེ་འཚོ་ཡང་སླེབས་ཡོད་པ་མ་ཟད། ཁོང་ཚང་གི་ཨ་མ་དང་བྱིས་པ་ཁོང་ཚོ་བཞི་ལས་ཕ་གཡར་ནང་དུ་མེད་པ་དང་། ཕ་གཡར་ལས་ཀ་ཞིག་བུད་སོང་བར་བཤད་པ་རེད། བློ་བཟང་གིས་བདེ་འཚོ་མཐོང་མ་ཐག འདང་ནུབ་ཉི་མ་ལྷ་སྒྲོན་ཁོ་གཉིས་ཀྱི་ཁོ་མོའི་སྐོར་གླེང་བ་དྲན་དུ་བཅུགས་པ་རེད།
མུ་འགོད།
ཁྱེད་གཉིས་ཕེབས་པ་དགའ་ནས་ཡོད། རྗེས་ཕྱོགས་ཀྱང་ཁོམ་དུས་ཕེབས་རྒྱུ་མ་བརྗེད་ཅིག
བོད་ཤ་ཁྲག་རུས་གསུམ་ལགས་བཀྲ་ཤིས་བདེ་ལེགས་ཞུ
ངའི་ཟིན་བྲིས་དྲན་པ་བརྗེད་མ་འགྲོ་ལོ
མ་མཇལ་ཡུན་རིང་སོང་ཁྱེད་སྐུ་འཚོ་བཞུགས་ཡིན་པར་ཧ་ཅང་དགའ་
ད་དུང་སྒྲུང་རྩོམརིང་མོ་འདི་འདྲ་རེ་སྤེལ་བའང་སྙིང་སྟོབས་ཀྱི་དཔལ་འབར་བའི་བོད་ཀྱི་ཕོ་རྒོད་ཅིག་ལོས་ཡིན་བསམ་ནས་བསྡད་ཡོད།
ཁྱོད་ཀྱི་སྒྲུང་ཇེ་ཡག་དུ་འགྲོ་བཞིན་འདུག་ད། ད་ངོ་མ་ཁྱེད་ཀྱིས་ཆུ་ངོགས་གཏམ་རྒྱུད་འདྲ་ཞིག་འབྲི་ས་རེད་དོ༎