མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

མཚན་མོ་དེར་བློ་བཟང་གིས་ནམ་རྒྱུན་ལྟར། མགྲོན་ཁང་གི་འགྲམ་དེར་༧གོང་ས་མཆོག་གི་ཕོ་བྲང་ཞིག་ཡོད་པ་དེ་ཡི་སྒོ་འགྲམ་ནས་རྐྱང་ཕྱག་ཁ་ཤས་ཤིག་འཚལ་བཞིན་པའི་སྐབས་སུ། རྒྱབ་ལོག་མི་ཞིག་གིས་བློ་བཟང་ཟེར་ནས་འབོད་མཁན་དེ་ནི་བུད་མེད་ཅིག་གི་སྐད་གྲགས་དུས་སུ། བློ་བཟང་གིས་མུན་ནག་གི་ཁྲོད་ནས་ངོ་གདོང་གསལ་བོ་ཞིག་མཐོང་མི་ཐུབ་ཀྱང་། ཁོ་རང་འཚོལ་མཁན་ཞིག་ཡིན་པ་ཤེས་དེ་གློག་འོད་ཡོད་སར་ཕྱིན་པ་རེད།

བུད་མེད་དེ་ནི་གློག་བརྙན་དེའི་མ་དངུལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་རྒྱ་གར་བུད་མེད་ཅིག་ཡོད་པ་དེ་ཡིན་པ་དང་། ཁོ་མིའི་མིང་ལ་པུ་ར་ན་ཏི་ཟེར་གྱི་ཡོད་པ་དང་། ཁོ་མོ་ནི་མ་དངུལ་ལས་ཁུངས་དེ་ཡི་ནང་གི་འཁྲབ་སྟོན་པ་སྤྱི་ལ་ལྟ་སྐྱོང་ཡག་ཤོས་ཤིག་ཡིནཔ་དང་། བློ་བཟང་དང་ཁོ་གཉིས་ཀྱི་བར་ལ་གྲོགས་པོ་དག་གིས་ཀུ་རེ་ཡང་རྩེད་མྱོང་ཡོད་པ་རེད། པུ་ར་ན་ཏི་ཡིས། བློ་བཟང་ང་རང་ཁྱེད་ལ་གཏམ་བཟང་ཞིག་བཤད་དུ་ཡོང་བ་ཡིན། གཏམ་བཟང་ནི། ཁྱེད་རང་སང་ཉིན་བཟུང་དེ་གློག་བརྙན་འདིའི་ནང་གི་འཁྲབ་སྟོན་མི་སྣ་གཙོ་བའི་གྲངས་དུ་འགྲོ་རྒྱུར་ལས་ཁུངས་ལྟེ་བ་ནས་ཐག་བཅད་འདུག

བློ་བཟང་གིས། པུ་ར་ན་ཏི། ཁྱེད་རང་ཐུགས་རྗེ་ཆེ། དོ་ནུབ་ང་རང་ལ་གཏམ་བཟང་དེ་བཤད་དུ་ཡོང་བ་དགའ་ཡོད། སང་ཉིན་གྱི་འཁྲབ་གཞུང་གི་ཚན་ཐོ་དེ་ངའི་ལག་དུ་འབྱོང་ན་ཡང་། དེ་ཡི་སྟེང་དུ་གང་ཡང་བྲིས་མི་འདུག

པུ་ར་ན་ཏི་ཡིས། འཁྲབ་གཞུང་གི་ཚན་ཐོ་དེ་ནི་དེ་རིང་ཞོགས་པ་ང་ཚོས་བཟོས་པ་ཡིན་སྟབས། འགྱུར་བ་གང་ཡང་བཏང་མེད་པ་རེད། ཐག་གཅོད་དེ་ནི་དོ་ནུབ་འགན་འཛིན་ལས་ཁུངས་ནས་ཐག་གཅོད་བྱས་པ་རེད། སང་ཉིན་ནས་བཟུང་དེ་ཁྱེད་རང་གི་མིང་དེ་འཁྲབ་གཞུང་གི་ཚན་ཐོ་ནས་འགྱུར་བ་འགྲོ་ངེས་རེད།

ལ་དྭགས་ཀྱི་དམག་མི་དག་གིས་གནམ་གྲུའི་ནང་ནས་ས་མཆོང་བྱེད་སའི་ཐང་ཆེན་དེ་ཡི་འགྲམ་གྱི་ཕྱེ་རྡོ་འདྲེས་མའི་རི་སྒང་དེ་ནས་ཉིན་དེ་ཡི་འཁྲབ་ཚན་མགོ་མ་བཙུགས་གོང་དེར། འཁྲབ་སྟོན་འགན་འཛིན་གྱིས་དེ་རིང་ང་ཚོ་ལ་གཏམ་བཟང་ཞིག་བསྒྲགས་རྒྱུ་ཡོད། དེ་ནི་དེ་རིང་ནས་བཟུང་དེ་བློ་བཟང་གི་འཁྲབ་སྟོན་པ་གཙོ་བོའི་གྲངས་དུ་ཐག་བཅད་ཡོད་པ་རེད། ཚང་མས་ལག་པ་བརྡེབས་རོགས།

ཉིན་མ་དེ་ནས་བཟུང་བློ་བཟང་ནི་གློག་བརྙན་དེ་ཡི་ནང་གི་འཁྲབ་སྟོན་པ་གཙོ་བོའི་གྲངས་དུ་འཚུད་ཡོད་ལ་ཞོར་དུ་ཁོ་རང་ལ་དམིགས་གསལ་གྱིས་འཁྲབ་སྟོན་མ་གཙོ་བའི་ཚབ་མཚོན་ཟུར་འཁྲབ་པ་ཡང་བྱེད་དགོས་ཀྱི་ཡོད་པ་རེད། བློ་བཟང་ལ་ཁོ་རང་གི་གྲོགས་པོ་གཞན་དག་ལས་སྐབས་རེར་ཡོང་སྒོ་ཆེ་བར་གྱུར་བ་རེད།

དེ་དང་འགྲོག་ནས་བློ་བཟང་དང་ཉི་མ་ལྷ་སྒྲོན་གཉིས་ཀྱི་བར་གྱི་མི་ཁ་ཡང་ཆེ་རུ་ཕྱིན་ནས་རྒྱ་བོད་དབྱིན་གསུམ་གྱི་ལས་མི་ཡོངས་ཀྱིས་ཁོ་གཉིས་ནི་དགའ་རོགས་ཡིན་པར་བསྒྲགས་ཀྱི་ཡོད་པ་དེ་སྐད་གྲགས་ཆེ་རུ་སོང་བ་དང་། ཉི་མ་ལྷ་སྒྲོན་གྱིས་མཚན་མོ་ཞིག་ལ་ཁོང་ཚོ་ས་གནས་གཞན་ཞིག་དུ་འཁྲབ་སྟོན་བྱེད་དུ་སོང་ནས་ཕྱིར་འབྱོར་བའི་མཚན་མོ་དེར། བློ་བཟང་ལ། ངུ་ཞོར་དུ་འདི་ལྟར་བཤད་པ་རེད།

བློ་བཟང་། དོ་ནུབ་ང་ཚོ་ཕྱིར་ཡོང་བའི་ལམ་ཁ་ནས་ང་རང་གི་རླངས་འཁོར་ནང་ནས་ང་ཚོའི་མགོ་ཁྲིད་འཇར་མན་གྱི་ཕོ་གསར་དེས་ང་རང་ལ་ཁྱེད་རང་གི་དགའ་རོགས་ཕོ་གསར་དེ་ནི་དངོས་ནས་ཕོ་གསར་འཇོན་ཐང་ཅན་ཞིག་རེད་ཟེར་ནས་བཤད་སོང་། ངས་གཏན་ནས་དེ་འདྲ་མིན་ཚུལ་བཤད་ཀྱང་། ཁོང་ཚོ་ཚང་མ་དགད་མོ་དགད་ནས་ང་རང་ལ་གཏན་ནས་བདེན་ཁ་མི་སྟེར་བའི་སྒང་ལ་ཁྱེད་རང་ལ་རྒན་པོ་ཡོད་བཞིན་དུ་དེ་ལྟར་བྱས་པ་ཡིན་ན། དངོས་ནས་ཡག་པོ་མ་རེད། ཁོ་རང་ནི་གློག་བརྙན་འདི་འཁྲབ་ཚར་རྗེས་སུ་ཕྱིར་རྡ་སར་འགྲོ་མཁན་ཡིན་པས། རྗེས་ནས་སྡུག་པོ་མྱོང་མཁན་ནི་ཁྱེད་རང་ཡིན་པ་རེད་ཟེར་གྱི་འདུག

བློ་བཟང་གིས། ཉི་མ་སྒྲོན་མའི་སྐད་ཆ་དེ་གོ་བ་དང་ཁོ་མོ་ངུ་བཞིན་པའི་ངང་ཚུལ་དེ་མཐོང་རྗེས་སུ། ད་མ་ངུ་། ཁོང་ཚོས་ག་རེ་བཤད་ན་བཤད་དུ་བཅུགས། འུ་གཉིས་ཀྱི་སེམས་པ་གཙང་མ་རེད། ཁྱེད་རང་གི་རྒན་པོ་ཡང་མི་ཁ་ལ་རྒྱུགས་མཁན་དེ་འདྲ་ནི་ཡིན་རྒྱུ་མ་རེད། དེ་འདྲ་ཡིན་ན་ནི། ཁྱེད་གཉིས་ཀྱི་མི་ཚེ་གཏན་པོ་ཡོང་མི་སྲིད། དེ་ལས་ཁྱེད་རང་གི་རྒན་པོ་ཕྱིར་སླེབས་དུས་སུ་སྐད་ཆ་འདྲ་མིན་དྲིས་པ་ཡིན་ན། ཁྱེད་རང་གི་དཀོན་མཆོག་བདེན་དབུང་དུ་བྱས་དེ་མནའ་བསྐྱལ་བ་ཡིན་ན་འགྲིག་གི་རེད།

ཉི་མ་སྒྲོན་མས་ཀྱང་བློ་བཟང་གི་སྐད་ཆ་དེ་གོ་བ་དང་། དངོས་ནས་སེམས་པ་ཅུང་ལྷོད་དུ་འབབ་ནས་ཁོ་རང་ལ་བདེན་ཁ་སྤྲད་པ་དང་། མཚན་མོ་དེར་ཁོ་མོ་གཅིག་བུ་ནང་དུ་འགྲོ་དགོས་པ་ཡིན་དུས་ཅ་ལག་ཡང་ལྗིད་ཁོག་ཅན་ཁ་ཤས་ཤིག་འཁྱེར་རྒྱུ་ཡོད་སྟབས། བློ་བཟང་གིས་ཁོ་མོ་ནང་དུ་མི་བསྐྱེལ་ཐབས་མེད་བྱུང་བ་རེད།

ཉི་མ་ལྷ་སྒྲོན་གྱིས་ནང་དུ་སླེབས་དུས། ཁོ་མོའི་ཨ་མ་དང་ཕ་གཡར། ད་དུང་ཁོ་མོའི་བྱིས་པ་གསུམ་ཉལ་མེད་པར་ཁོ་མོ་སྒུག་ནས་བསྡད་ཡོད་པ་དང་། ཁོ་མོ་ནང་དུ་འབྱོར་དུས་རོགས་དུ་བློ་བཟང་ཡོད་སྟབས། ནང་མི་དག་གིས་མིག་ཟུང་ཁོ་གཉིས་ཀྱི་ཕྱོགས་སུ་གཏད་དུས་སུ། ཉི་མ་སྒྲོལ་མས་ཕ་མ་གཉིས་ལ་ཁོ་ནི་ང་ཚོའི་གློག་བརྙན་འཁྲབ་མཁན་རེད། ངས་སྔོན་ཆད་ཁྱེད་གཉིས་ལ་བཤད་པའི་ཨ་མདོའི་ཕོ་གསར་དེ་རེད། ཁོའི་མིང་ལ་བློ་བཟང་ཟེར་གྱི་ཡོད། དོ་ནུབ་ང་རང་ལ་ཅ་ལག་མང་བོ་ཞིག་འཁུར་རྒྱུ་ཡོད་སྟབས། ཁོ་རང་གིས་ང་རང་ནང་དུ་བསྐྱེལ་རོགས་དུ་ཡོང་བ་རེད།

ཉི་མ་སྒྲོལ་མའི་ཕ་མ་གཉིས་ཀྱིས་རང་གི་བུ་མོས་སྐད་ཆ་དེ་གོ་བ་དང་། ཉི་མ་སྒྲོལ་མའི་ཨ་མས་རང་གི་ལག་གི་བྱིས་པ་དེ་ཉི་མ་སྒྲོལ་མའི་ལག་དུ་བཞག་ནས། ཁྱེད་གཉིས་འདི་ནས་བསྡོད་དང་། ང་འགྲོ་ནས་ཇ་ཞིག་འཁུར་ནས་ཡོང་ཟེར་ནས་ཐབ་ཚང་གི་ཕྱོགས་སུ་ཕྱིན་པ་རེད། སྐབས་དེར་ཉི་མི་སྒྲོལ་མའི་ཡ་གཡར་གྱིས་བློ་བཟང་ལ་ཁ་བརྡ་འདྲ་བྱས་པ་དང་རང་གི་བུ་མོ་ལ་དཀའ་ལས་མ་ཁེགས་སམ་ཟེར་ནས་དྲིས།

ཁོང་ཚོས་ལྷན་དུ་ཇ་ཞིག་འཐུང་ནས་ལྷོད་ལྷོད་བྱས་དེ་བསྡད་ཡོད་པའི་སྐབས་སུ། བློ་བཟང་གིས་ད་ཁྱེད་ཚོ་བསྡོད། ང་རང་ཕྱིར་འགྲོ་རྒྱུ་ཡིན། དེ་མ་གཏོགས་རོགས་ཧ་ཅང་འཕྱི་བོ་ཆགས་ན་མགྲོན་ཁང་གི་ལྕགས་སྒོ་ཡང་རྒྱག་སྲིད་པ་རེད་ཅེས་བཤད་དུས། ཉི་མ་སྒྲོལ་མས་ཨ་མས་ཁྱེད་རང་ཕར་མ་སོང་ན་འགྲིག་གི་ཡོད་ན། དོ་ནུབ་འདི་ནས་བསྡད་ཀྱང་འགྲིག་གི་རེད་ཅེས་བཤད་དུས། བློ་བཟང་གིས། ཐུགས་རྗེ་ཆེ། ད་ང་བུད་ལ་འགྲོ

མུ་འགོད།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    དཔའ་ཆེན་དོན་གྲུབ་ལགས། ཕེབས་ནས་བསམ་ཚུལ་གསུངས་པ་དགའ་ཡོད།

    ཅོ་རི་ཉི་མས་བསྡིག་མོད་བྱས་པ་དེ་བས་ཀྱང་དགའ་ནས་ཡོད། གང་ལྟར། སྒྲུང་མཇུག་ངས་འཕུད་ཐུབ་བྱེད་ཀྱི་ཡོད། དུས་ཚོད་ཀྱང་མང་བོ་ཞིག་བཏང་བ་ཡིན། ཡག་མིན་དེ་དངོས་ནས་མི་ཤེས་ལགས། རེད་དེ། ང་རང་གི་འབྲི་འདོད་པ་དེ་ཤུ་རེ་བྱེད་ཀྱི་ཡོད།

    Reply
  2. dorjie says:
    ལོ་ 16 སྔོན།

    ད་སྒྲུང་རིང་སོས་དལ་ལ་བབ་དུས་ཀྱི་ཁ་བརྡ་ཆོ་མེད་པ་འདྲ་བོ་ཞིག་ཆགས་ཀྱི་ཡོད་ཀི

    Reply
  3. chokri nyima says:
    ལོ་ 16 སྔོན།

    མཇེ་ལངས་ཁྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese